སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གཅིག་པ། ལྤགས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་རེ་གཅིག་པ། ལྤགས་པའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ལྤགས་ནད་རྒྱུ་རྐྱེན་དབྱེ་བ་བཅོས་ཐབས་གསུམ

སྤྱི་དོན་དང་པོ་རྒྱུ་ནི་སྲིན་དང་ཆུ་སེར་འཕེལ་བ་ལ། །གདོན་དང་འདུ་བ་འཁྲུགས་པས་ལྤགས་ནད་སྐྱེད།

སྤྱི་དོན་གཉིས་པ་དབྱེ་བ་ཤ་བཀྲཤ་མདོག་ཁྲ་བོར་བྱེད་པ་གླང་ཤུ་དཀྱིལ་སྲབ་ལ་འཇམ་མཐའ་རྩུབ་ལ་མཐུག་པ་མཆེད་པར་བྱེད་པས་བས་ལྡག་ཀྱང་ཟེར་མཛེར་པ་རང་བཞིན་བ་དཀར་པོ་དང༌རྐང་མཐིལ་སོགས་སུ་འབྱུང་བ་རྒྱ་མཛེར་རམ་ནག་དང་།  །ཟ་རྐོང་སྤུ་ཕྱི་མདོག་སྔོ་འགོས་མཆེད་རྐྱེན་འདི་ལ་སྔོ་དང་ཟ་འཕྲུག་འབྱུང་ཤུ་བ་ཐོར་ཆུ་སེར་འོང་པ་དང་སྲིན་ཐོར་ཐོར་པ་རྩེ་དཀར་ལ་སྣག་ཆོ་ལེ་བ་དང་ངོ་ཤིག་གདོང་པ་སྨེ་བ་ནག་པོས་ཁྱབ་པ་སྟེ་ཕྱེ་མའམ་གྲོ་ཤིག་ཅེས་བྱ་དང༌། །ཁབས་དང་ཁྱེ་མ་གཉིས་ནི་སྐྱ་ལ་རྩུབ་པ་བྱུང་རྗེས་གློག་པ་ཅན་ལ་སོགས་སྒྲ་ཡིས་བརྟགརླུང་ལས་གྱུར་པ་སྨུག་ནག་རྩུབ་མཁྲིས་པར་སྤུ་འབྱི་དམར་ལ་ཚ་འབྲབ་བྱེད་བད་ཀན་ལ་གཡའ་ཞིང་སྐྱ་ལ་མཐུག།།

སྤྱི་དོན་གསུམ་པ་བཅོས་ཐབས་སྦྲུལ་ནག་པགས་པ་ནུས་ལྡན་བསྲེགས། །བ་རུའི་མར་སྦྱར་བྱུགས་ཉི་མར་བསྲེགས་གླང་ཤུ་ཤ་བཀྲ་སེལ། །སོ་མ་ར་ཛ་ཆ་གཅིག་ལྡོང་རོས་སིང་བླང་བ་ཆ་གཅིག་སྦྱར་བ་བ་ཆུ་བྱུག །ཕག་ཚིལ་མུ་ཟི་སེར་པོ་གླང་ཤུ་ཤ་བཀྲ་སེལ། །མཛེར་པ་ལྤགས་ལ་དྲངས་ཏེ་བཙོད་ཤེལ་གྱིས་བསྲེག །ཟ་རྐོང་གང་ཉེ་བའི་རྩ་གཏར་ལ་ཆུ་ལུམས་བྱ། །ཟ་འཕྲུག་རྩབས་འབྲས་སམ་ནས་རླན་ལ་བཞག་རྩ་སྐྱེས་པ་དེ་ཆུས་བསྲིངས་ནས་བསྒྱུར་བ་གདར་ལས་ཞེས་པ་མངར་སྐྱུར་གང་ཞིག་ཡིན་ཡང་མཆན་མང་པོར་ཆུ་རྩ་ཞེས་བཏབ་འདུག་གོ་བཀྲུས་པའི་རྗེས་སུ་ནིམ་པ་ནག་མཚུར་ཏིལནག། །གི་ཝཾ་རྩབས་དང་སྦྱར་བའི་ལྡེ་གུ་བྱུག །སོ་མ་ར་ཛ་ཤུ་དག་ཙི་ཏྲ་ཀ །ལི་ཤི་ཟོ་མར་ཤུ་བ་ཟ་རྐོང་ཟ་འཕྲུག་སེལ། །ཤུ་བ་ཐང་ཤིང་རུ་རྟ་ལྡོང་རོས་མར༌། ཡང་ན་མུ་ཟི་སེར་པོ་ལན་ཚ་ཕབས་དུ་བ་རལ་པ་བྱུག །སྔོ་ཡི་ཚ་བ་ལྕེ་དབྱི་སྲུབ་གསུམ་དང་ར་དུག་པབོང་ང་མེ་ཏོག་སྔོ་ནག་ཅན། །ཐར་ནུ་ཆུ་རྩ་མར་དཀར་བྱུགས་པ་ཏིལ་མར་བསྲེག་ཤུ་བ་སེལ། །སྲིན་ཐོར་དྭ་བའི་རྩ་བ་ཙི་ཏྲ་ཀ །བྱི་ཏང་ག་དང་བཙན་དུག་སྦྱར་བ་བྱུག  ངོ་ཁབས་ཤིག་དང་ཁྱེ་མ་རྣམས་སྦྲང་བཙོད་ལྡེ་གུ་བྱུག །རྟ་དཀར་པོའི་རྨིག་པ་བསྲེགས་ཐལ་མར་གསར་རམ། །ཟི་ར་དཀར་ནག་ཡུངས་དཀར་འོ་མ་ཏིལ། །ཡང་ན་སྐྱེར་པ་སེང་ཕྲོམ་བྲི་ཧ་ཏིཀཎྚ་ཀ་རི་སྨུག་པོ། །སེང་ཕྲོམ་སྤྲ་ཚིལ་སྤོས་དཀར་པུ་ཤེལ་རྩེ། །བུ་རམ་སྦྲང་མར་བ་གཅིན་བསྐོལ་བ་བྱུག །རྨེ་བ་ངོ་ཁབས་ཁྱེ་མ་སེལ་བར་བྱེད། །གདོང་པ་པད་མ་ཟླ་བ་ལྟ་བུར་འགྱུར། །སེར་པོ་ཡུངས་བ་སྐྱེར་པ་གཉིས་དང་ཀཎྚ་ཀ་རི་རུ་རྟ་དུག་མོ་ཉུང༌། །དུད་པའི་ལྡེ་གུས་ཤུ་བ་ཤ་བཀྲ་དང༌། །གཡན་པ་ལྤགས་ནད་མ་ལུས་སེལ་བར་འགྱུར། །ཞེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལྤགས་པའི་ནད་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་གཅིག་པའོ།། །།

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།