སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག སྐྱིགས་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་རླུང་འཁྲུགས་པས། །གྱེན་རྒྱུའི་བུ་ག་འགགས་ཏེ་སྐྱིགས་བུ་འབྱུང༌།།

སྤྱི་དོན་གཉིས་པ་དབྱེ་བ་ཟས་རིངས་སྟབས་ཀྱིས་ཟོས་པས་བྱུང་ཕྲན་ཚེགས་སྟོབས་ཆུང་བ་ཟུང་འབྱུང་ཉིས་བཏུད་འབྱུང་དང༌། །ཆེན་པོ་ཤུགས་དྲག་པ་ཟབ་མོ་སྟེ་འོག་ནས་འབྱུང་བ་ཞེས་བྱ་རྣམ་ལྔར་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་ཟས་བྱུང་རིངས་སྟབས་ཏེ་བྲེལ་པས་ཟོས་རྗེས་འབྱུང༌། །གཉིས་པ་ཕྲན་ཚེགས་ཟས་ཟོས་རྗེས་འབྱུང་མོད་ལ་ཆད། །གསུམ་པ་ཟུང་འབྱུང་ལ་སྐྱིགས་བུ་ལྔ་རྗེས་ཚིགས་རིང་བར་འབྱུང་ཞུ་དུས་སྐྱིགས་བུ་གཉིས་བསྟུད་འབྱུང།༌།  བཞི་བ་ཆེན་པོ་ཤུགས་དྲག་མིག་ཧར་ཚིག་འཆད་དུ་མི་འདོད་གཏུད་དེ་ཡོང་སྨྲ་བ་ནི་མི་ཐོན། །ལྔ་བ་ཟབ་མོ་ལྟེ་བའི་འོག་ནས་བསྟུད་འབྱུངབའི་ཨིག་ཞེས་པའི་སྒྲ་གསང་བར་བྱུང་།།  །ཉམ་ཆུང་པ་དང་ཟུངས་ཟད་གློ་བ་རྡོལ་ནས་ལུད་པ་རྣག་ཁྲག་ཏུ་ལུ་བ་རྣག་ཁྲག་འབྱུང་བ་དང་རྒས་པ་ལ་སྐྱིགས་བུ་ཕལ་ཆེ་བའི་དུས་ན་འབྱུང་བ་ལེ་ལོ་སྤངས་ལ། སྐྱིགས་བུ་ཆེན་པོ་ཤུགས་དྲག་བྱུང་བ་སྤང༌།།

སྤྱི་དོན་བཞི་བ་བཅོས་ཐབས་དང་པོ་འབྲུ་མར་བསྐུ་མཉེ་བྱ། །ཚབས་ཆེ་བ་ལ་སྐྱུགས་ཁྲུས་འཇམ་པོས་སྦྱང༌། །འོག་ཏུ་དབུགས་མི་བདེར་ནད་ལྷག་དུ་བས་གསལ་ཞེས་བཤད་པའི་དུ་བ་དེ་ཉིད་རྔུབ་པར་བྱ། །བུ་མོ་གཞོན་ནུ་མའི་ཞོ་ཙན་དན་དཀར་པོ་སྦྲང་རྩི་སྦྱར་བའམ། །སྦྲང་རྩི་དང་བྱེའུ་ནས་ཟན་བྲང་དམར་རྒྱབ་དང་གཤོག་པ་སྐྱ་བོ་ཅན་མགོ་དང་བྲུན་སྦྱར་སྣ་སྨན་བཏང༌། །བྲ་བོ་བྱི་བྲུན་མེ་ལ་བརྔོས་པའི་སྟེང་དུ་གན་རྐྱལ་ཉལ། །དེ་དྲོད་གྲང་རྗེས་ལ་མར་བྱུགས་ལག་པའི་སྙིང་སྟོད་ཀྱི་རྩ་དྲག་ཏུ་མནན། །སྐྱིགས་བུ་སྔོན་ལ་དེ་གཅིག་ཅེས་རིང་ཞིང་དྲག་པ་བགྲང་དེ་རྗེས་ཁ་སྣའི་དབུགས་ཐུབ་ཚད་ནང་དུ་བསྡམས་པས་རླུང་ཁྱིམས་སེལ། །ནད་པའི་དྲན་པས་མ་ཚོར་བར་འཇིགས་སྐྲག་དངངས་པའི་ཐབས་ཀྱི་ཆོ་ག་བྱ། །ཆད་དཀའ་སྤྱི་གཙུག་མཚོགས་སྒོ་སྐེ་སྟོང་དང༌།  །ཚིགས་པ་བརྒྱད་པ་ནང་ལོང་འཕར་རྩ་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐྱིགས་བུའི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།