སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་དྲུག་པ། སྐོམ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་ཞེ་དྲུག་པ། སྐོམ་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག སྐོམ་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།

སྤྱི་དོན་དང་པོ་རྒྱུ་རྐྱེན་གྱེན་རྒྱུའི་རླུང་དང་མཁྲིས་པ་འཁྲུགས། །བད་ཀན་སྐེམས་པས་སྐོམ་དད་སྐྱེ་བར་བྱེད། །ཆང་དང་ལན་ཚྭས་བད་མཁྲིས་སྐྱེས་པའམ། །ཚད་གུང་ངལ་དུབ་སྤྱད་རྗེས་སྐོམ་མང་འཐུངས། །ཁོང་ཚད་བསྡུས་པས་མཁྲིས་སྐྱེད་སྐོམ་དད་ཆེ། །སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་བད་འདུས་བཅུད་ཟད་ལྔ།

སྤྱི་དོན་གསུམ་པར་དེ་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ཁ་ལྕེ་གྲེ་སྐམ་ཟས་མི་འདོད། །ལྕེ་ཁ་ནང་མྱུལ་བ་དང་སྐད་འགགས་ཆུ་གྲང་འཐུངས་ཤིང་སླར་སྐོམ་ངོམས་པ་མེད་པར་སྐོམ། །གཉིས་པ་བྱེ་བྲག་ལས་དང་པོ་རླུང་གྱུར་མགོ་འཁོར་གཉིད་མེད་མུ་འགྲམ་གཟེར། །སྣ་དང་ལྕེ་ཡིས་དྲི་དང་རོ་མི་ཚོར། །གཉིས་པ་མཁྲིས་གྱུར་ཁོང་ཚ་ཁ་ཁ་ཁ་དྲི་མནམ། །གསུམ་པ་བད་ཀན་ཁ་མངལ་རློན་བྲོ་ཡི་ག་འཆུ་ཟས་མི་འཇུ། །བཞི་བ་འདུས་རྟགས་ཀུན་སྟོན་བཅུད་ཟད་ཟས་པས་མིད་དཀའ།

སྤྱི་དོན་བཞི་བ་བཅོས་ཐབས་སྤྱི་བྱེ་གཉིས་ལས་དང་པོ་རླུང་མཁྲིས་སེལ་བྱེད་ཕལ་ཆེར་བསྔགས། །སྐར་སོགས་ཕྱི་རྒྱུད་ནང་ནས་བཤལ་གཉིས་ནས་བཀྲུ་ཞིང་ཟས་སྤྱོད་བསིལ་བར་བྱ། །ཆར་ཆུ་སྦྲང་རྩི་སྦྱར་བ་སྐོམ་དུ་བཏུང༌། །ཆག་ཚེ་ཀ་ར་སྦྲང་དང་སྦྱར་ལ་བཟའ། །འོ་མ་སྐྱུར་བར་བྱས་པའི་རྩབས་སྦྲང་གི་མཁུར་བཀང་བཅང༌། །གཉིས་པ་ཁྱད་པར་རླུང་གྱུར་བུ་རམ་ཞོ་སྦྱར་བཏང་། གཉིས་པ་མཁྲིས་པ་ལས་གྱུར་མངར་བའི་སྨན་དུར་བྱེད་རྒུན་འབྲུམ་བསྐོལ་བའི་ཀ་ར་སྦྲྲང་སྦྱར་གྱིས་སྦྱང༌། །གསུམ་པ་བད་ཀན་ལས་གྱུར་ནིམ་པའི་ཆུ་ཡིས་རློན།  །སྐྱེར་པ་ཀ་ར་སྦྲང་ཆུ་སྐོམ་དུ་བཏུང༌། །བཞི་བ་འདུས་པའི་ནད་ལ་སྐྱུགས་རྟ་སུ་རྗེས་ཆུ་ཚན་བླུད། །ལྔ་བ་བཅུད་ཟས་ཤ་ཁུ་བ་རའི་འོ་མས་གསོ་བར་བྱ། །འུ་སུ་བསྐོལ་ཁུར་ཀ་ར་སྦྲང་བཏབ་པས། །ནད་གཞི་རིམས་ལ་སོགས་ཅི་ལས་གྱུར་ཀྱང་སྐོམ་པ་སེལ། །ཤིན་ཏུ་སྐོམ་ན་ནད་གཞི་དེ་ལ་མིད་འགྲོད་པའི་བཏུང་བའི་འོས་པའི་ནད་མ་ཡིན་ཡང༌འཐུང་དུ་བཅུག་པས། །ཐོག་མར་སྐོམ་ནད་དེ་བསལ་ལ་དེ་རྗེས་ནད་གཞི་བཅོས། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐོམ་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།