སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མོ་མཚན་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཉལ་པོ་མང་དུ་སྤྱད་པ་དང༌། །ཁྲག་འཛག་བུ་བཙས་རྗེས་ལ་ཟས་སྤྱོད་ལོག །དེ་ཡིས་མངལ་ནད་མ་ལུས་སྐྱེད་པར་བྱེད།།

སྤྱི་དོན་གསུམ་པ་གཉིས་པ་དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་འདུས་པ་དང་ལྡན་པ་རྣམས་བཅས་དགུ་ལ།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་རླུང་གྱུར་མངལ་ནང་ཚོར་མེད་བེམ། །ཟླ་མཚན་སླ་ཞིང་ལྦུ་བཅས་ཉུང་དུ་འཛག །ཆུ་ཁ་སྙི་ཞིང་སེམས་ཅན་ཡོད་སྙམ་སེམས། །ཟླ་མཚན་རླུགས་སམ་འཁྱིལ་དང་སྐྲན་དུ་འདྲིལ། །ཁ་འཆུས་པ་ཁུ་བ་ཕྱིར་རླུག་ནས་རློན་པར་གྱུར་པ་དང་ཁ་ཟུམ་པའམ་ཡང་ན་ཧར་པོར་ཡོད་སྙམ་པ་སོགས། །མངལ་ནད་མི་བཟད་དུ་མ་འབྱུང་བར་བྱེད། །གཉིས་པ་མཁྲིས་གྱུར་ཟླ་མཚན་སེར་དང་སྔོའམ་ནག་དྲི་མ་ཆེ། །ཚ་འབྲབ་ཚ་བ་སྐྱེ་ཞིང་རྣག་ཏུ་འཛག །གསུམ་པ་ཁྲག་གྱུར་ཟླ་མཚན་མི་ཆད་རྟག་ཏུ་དང་པོ་ཆུ་དམར་འཛག །བཞི་བ་བད་ཀན་གཡའ་གྲང་རོ་སྨད་ཟུག་ཆུང་སྤྱིན་བག་ནལ་པོར་འཛག །ལྔ་བ་འདུས་པ་ལས་གྱུར་ནད་ཀུན་བྱེད་པར་བཤད། །དེ་ལྟར་མངལ་ནད་ཀུན་གྱི་སྐྱེས་པའི་ས་བོན་གྱིས་བུ་མི་འཛིན།།

སྤྱི་དོན་བཞི་པ་བཅོས་ཐབས་དང་པོ་མངལ་ནད་ཕལ་ཆེར་རླུང་གིས་བྱེར་བ་ཡིན་པས། སྣུམ་འཆོས་འཇམ་རྩི་སྣུམ་དུགས་ཀྱིས་གསོ་བར་བསྔགས། །དེ་འོག་འཆུས་པ་ལག་པས་བསྲང་ཞིང་ཁ་ཟུམ་སྦྱང༌། །རྩ་སྦུབས་འཇམ་པོས་མངལ་ནད་ཀུན་སྦྱངས་ཏེ། །གོ་སྙོད་ཤུ་དག་རྒྱམ་ཚྭ་པི་པི་ལིང༌། །ཟི་ར་ནས་སྔོན་ཚིག་ཐལ་བ་བ་ཤ་ཀ །ལ་ལ་ཕུད་དང་ཙི་ཏྲ་ཀ་རྣམས་ནི། །ཆང་དང་མར་བཙོས་མངལ་ནད་གཞང་འབྲུམ་སེལ། །ར་སྣ་ར་ཎ་མཱུ་ལ་སྟེ་ཙི་ཏྲ་ཀའི་རྩ་བ་ཡིན་གཟེ་མ་བ་ཤ་ཀ་བསྐོལ་བླུད། །སྔོ་རྒྱ་སྤོས་རྒྱ་སྤོས་ཀཎྜ་ཀ་རི་རུ་རྟ་དང༌། །རྒྱམ་ཚྭ་ཐང་མ་སྒྲོན་ཤིང་ཁུ་བ་མར་དུ་བསྐོལ། རས་སམ་བལ་གྱི་ཡེ་འུ་ལ་བྱུགས་མངལ་ནང་གཞུག་པར་བྱ། །མཁྲིས་གྱུར་སེང་ཕྲོམ་རུ་རྟ་བ་ཤ་ཀ །ཁུ་བ་ཡེ་འུ་ལ་བྱུགས་མངལ་དུ་བཏང༌། །ཉེ་ཤིང་ཁུ་བ་འོ་མ་མར་བསྐོལ་ཁུར། །ར་མཉེ་ཉེ་ཤིང་ཤིང་མངར་རྒུན་འབྲུམ་དང༌། །བ་ལེ་བ་ལ་སྟེ་ཧ་ལོའི་རྩ་བ་ཡིན་པར་བཤད་པི་པི་ལིང་དང་ཀ་ར་སྦྲང༌།  །མངལ་ཁྲག་ཁུ་བའི་ནད་སེལ་བུ་སྐྱེད་མཆོག །གསུམ་པ་གཟེ་མ་ཉེ་ཤིང་འོ་མ་སྦྱར་བའམ། །ཤིང་མངར་སྦྲང་རྩི་སྐྱེར་པ་པྲི་ཡངྐུ། །འབྲས་དམར་པོས་བཀྲུས་པའི་ཆུར་སྦྱར་མངལ་ཁྲག་འཛག་པ་གཅོད། །བཞི་པ་བད་གྱུར་བུ་རམ་ཆང་དང་ཨ་རུའི་ཆང༌། །པི་པི་ལིང་དང་ཨ་རུ་ལྕགས་ཕྱེ་སྦྲང༌། །ནག་ཚུར་རྒྱམ་ཚྭ་ཨ་བྱག་གཟེར་འཇོམས་འབྲས་བུ་གསུམ་ཨ་བར་སྐྱུར། །སྦྲང་དང་སྦྱར་བས་བད་ཀན་མངལ་ནད་སེལ། །ཚ་བ་ལྔ་ཕོ་སྒ་པི་དབྱི་རྩི་དང་བ་གཅིན་མས་བཏང་བྱ། །མཁྲིས་ལ་ཤིང་མངར་འོ་མར་བཅས་པ་དང༌། །རླུང་ལ་སེ་འབྲུ་ཞུན་མར་སྦྱར་བ་བཏང༌། །ལྔ་པ་ལྡན་པ་གཉིས་འབྲེལ་དུ་གསོལ་འདུས་པ་ཀུན་གྱིས་གསོ། །ཀུན་ལ་རུ་རྟ་སྔོ་རྒྱ་སྤོས་འབྲས་བུ་གསུམ། །ཤུ་དག་ཤིང་ཀུན་ར་མཉེ་ཧོང་ལེན་བཙོད། །ཤིང་མངར་ཉེ་ཤིང་ཡུང་བ་སྐྱེར་བ་ལ་ལ་ཕུད་རྣམས། །སྨན་མར་བྱས་མངལ་ནད་ཁུ་བའི་ནད་ཀུན་སེལ། །གདོན་འཇོམས་མངལ་ཆགས་དུས་ཟོས་བུ་འཆི་གསོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མོ་མཚན་གྱི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ། །དེ་ལྟར་ལེའུ་གཉིས་ནི་གསང་ནད་གསོ་བ་སྟེ་སྐབས་དྲུག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།