སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག  ལོང་གི་ནད་ལ་རྟགས་དང་བཅོས་ཐབས་གཉིས།།

སྤྱི་དོན་དང་པོ་ལོང་ནད་གྲང་སྦོས་གྲང་འགྱིངས་དང༌། །ཚ་རྙོངས་འཇུ་སྐེམས་རླངས་པ་ཅན་དང་ལྔ། །དང་པོ་གྲང་སྦོས་འུར་འཁྲོག་གྲང་རྗེས་ལྟེ་ཟུར་ན། །ན་བའི་དུས་སུ་ནད་པའི་རྐང་པ་ཆུར་བཅུག་ན་ལྦུ་བ་སྐྱ་བོར་འཁྲུའོ། །རེས་འགའ་ཕྱི་ས་སྐམ་ཞིང་སྡོམ་པར་བྱེད། །གཉིས་པ་ལོང་ནད་གྲང་འགྱིངས་སྦོ་ཞིང་དྲི་མ་འགྱིང༌བད་ཀན་ཡིན་། །ལོང་ལྕི་སྐབས་སུ་སྐྱ་བོ་ཟས་མདོག་འཁྲུ། །གསུམ་པ་ལོང་ནད་ཚ་རྙོངས་ཁ་སྐམ་མཁྲིས་པ་ཡིན་སྐོམ་དད་ཆེ། །སྦོ་ཞིང་སྨུག་རྔུལ་བྱེད་ལ་ཕྱི་ས་འགག །བཞི་བ་ལོང་ནད་འཇུ་སྐེམས་སྦོ་འཁྲོག་ཅི་ཟོས་ན། །ཉམ་ཆུང་ཁ་སྐམ་མཁལ་རྐེད་ཆད་སྙམ་བྱེད། །ལྔ་བ་རླངས་པ་ཅན་ནི་གཞུང་པ་རེངས་ཤིང་ན་ལོང་ཆུ་བྱེར་བ་ཡིན། །རྐེད་པ་སྒུར་པོར་སོང་ནས་འགྱུར་མི་ཤེས།།

སྤྱི་དོན་གཉིས་པ་བཅོས་ཐབས་དང་པོ་གྲང་སྦོས་ཡ་བཀྵ་ར་དང༌། །ཁ་རུ་ཚྭ་དང་རྒྱམ་ཚྭ་སྟར་བུ་ཡི། །ཕྱེ་མ་ཞོ་ཁ་ཆུ་དར་ཡིས་འཕུལ་བཏང་བས། །གཟེར་སྦོ་རླུང་གིས་ཕྱི་ས་འགགས་པ་སེལ།  །འུ་སུ་སྟར་བུ་ཤིང་མངར་ཡ་བཀྵ། །ཀྱི་ལྕེ་དྲོད་སྨན་པི་ལིང་ཕྱེ་མ་ཆུ་སྐོལ་དབུལ། །སྦོ་འཁྲོག་ཚ་གྲང་འཐབས་པ་གཟེར་དང་འཁྲུ་བ་སེལ་བར་བྱེད། །འཇམ་རྩི་(སྒོག་སྐྱ་ཤིང་ཀུན་ཚ་བ་གསུམ་མར་རྙིང་གི་)རེང་བུ་ཞུན་མར་བཏང་བ་བསྔགས། །གཉིས་པ་གྲང་འགྱིངས་ཤིང་ཀུན་ཤུ་དག་རུ་རྟ་དང༌། །ཚ་ལ་ཁ་རུ་ཚྭ་རྣམས་གོང་མས་རིམ་པས་ཆ་བསྐྱེད། །བསྡུས་ཁུས་སྦོ་འགྱིང་ལོང་གི་གྲང་བ་སེལ། །སེ་འབྲུ་ཚ་བ་སྒ་པི་ཕོ་གསུམ་དང་ཚྭ་སྣ་རྒྱམ་ཐལ་ཁ་ཙབས་བཞི། །བུར་དཀར་སྦྱར་བས་སྦྱོར་བ་གཞན་ཕྱི་རྒྱུད་དུ་གསལ་བས་སྦོས་པ་འཇོམས་པའི་མཆོག །ཨ་རུ་གླ་སྒང་ཤུ་དག་ཙི་ཏྲ་ཀ།  པུ་ཤེལ་བ་ཆུ་བླུད་པས་རྟུག་འགགས་སེལ། །ལོང་ནད་ཚ་རྙོངས་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཐང༌དང་། །བ་ལེ་ཀ་ཡི་ཐང་བཏང་ལོང་རྩ་གཏར། །བཞི་བ་འཇུ་སྐེམས་ད་ལིས་བདུན་སྦྱར་ཕྱི་རྒྱུད་དུ། ད་ལིས་ཤིང་ཚ་སུག་སྨེལ་ཀ་ཀོ་ལ། །ཟི་ར་པི་པི་ལིང་དང་ན་ལེ་ཤམ། །ཞེས་པ་དེ་ཡིན་ནོ། །བཤལ་གྱིས་སྦྱང༌། །ལྔ་བ་རླངས་པ་ཅན་ལ་སེ་འབྲུའི་ཕྱེ་མ་གང་འོས་ཕྱི་རྒྱུད་ལྟར་སྦྱར། །བཅུ་དྲུག་པ་དང་ལོང་ཐེར་ལྟེ་འོག་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལོང་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ། །དེ་ལྟར་བརྒྱད་ནི་དོན་སྣོད་གསོ་བའི་སྐབས་སྟེ་ལྔ་བའོ།།     །།

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།