སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

སྡེ་ཚན་ལྔ་ཡི་ནང་དུ་ལག་ལེན་མ་བསྟན་ལ་རྒྱས་བཤད་ཉེར་གསུམ་གྱི་སྐབས་ས་བཅད་ཙམ་བསྟན་པའི། །ཐལ་སྦྱོར་དང་ཎྜདང་སྨན་ཆང་གི་སྦྱོར་བ་དང་གསུམ། །གྲང་བའི་ནད་ལ་ཐལ་སྨན་མཆོག་ཡིན་ཏེ། །ཚ་བའི་ནད་རྣམས་ཁཎྜས་སེལ་བར་བྱེད། །སྨན་ཆང་རླུང་ནད་བད་མཁྲིས་ལྡན་པ་སེལ། །སྦྱོར་བ་འདི་གསུམ་གསང་ཕྱིར་གུད་དུ་སྦས

དེའི་དང་པོ་ཐལ་སྨན་སྦྱོར་བ་བསྟན་པ་ནི། །སྤྱི་རུ་རྣོ་འཇམ་བར་མའི་སྦྱོར་བ་དང༌། །བྱེ་བྲག་ཁ་འཐོར་མི་འདྲ་དུ་མ་བསྟན།

དང་པོ་རླུང་མཁྲིས་བད་ཀན་ནད་གཞི་སྦྱར། །རླུང་དང་ལྡན་ལ་འཇམ་པོའི་སྦྱོར་བ་ནི། ཐང་མ་སྒྲོན་ཤིང་དུར་བྱིད་དམར་པོ་བྱུང་ན་རབ་དང་ཨརནྟ་དནྡ་འབྲས་བུ་ཨ་བར་སྐྱུར་གསུམ། མ་ནུ་པ་ཏྲ་ས་རྫི་ཀ་སྙེ་མ་ནག་པོ་དང་ཡ་བཀྵ། །རྒྱ་ཚྭ་ཁ་རུ་ཚྭ་དང་ཙབས་རུ་ཚྭ། །ཤིང་ཚ་ཐལ་ཚྭ་པི་པི་ལིང་གི་རྩ་བ་མཱུ་ལ། །ཙི་ཏྲ་ཀ་དང་ཚ་བ་སྒ་པི་ཕོ་རྣམ་པ་གསུམ། འབྲིའི་འོ་མ་དང་ཞོ་དང་མར་དང་ཞག་དང་རྐང་དང་ཚིལ་ལུ་བཅས་(ཀྱི་)གྱི་སྦྲུ། །མཁྲིས་པར་ལྡན་ལ་བར་མའི་སྦྱོར་བ་ནི། །ཧོང་ལེན་བཙོད་དང་ཞུ་མཁན་ཀྱི་ལྕེ་བཞི། །འཇམ་པོའི་སྟེང་བསྣན་བ་དང་རའི་ཞོ་ཡིས་སྦྲུ། །གྲོགས་མེད་བད་ཀན་རྐྱང་ལ་རྣོན་པོ་སྦྱར། བྱང་གི་རྒོད་གཡག་རྭ་ཕྱེ་སྔོ་ཡི་ཚ་བ་ལྕེ་ཚ་སྲུབ་ཀ་དབྱི་མོང་དཀར་པོ་གསུམ། །ཤུ་དག་ཤིང་ཀུན་རྣམས་གོང་གི་ཐལ་སྨན་འཇམ་པོའི་སྟེང་དུ་བསྣན། །གཅན་གཟན་ཤ་རུས་ཁུ་བ་ཆང་གིས་སྦྲུ། །ཀུན་ཀྱང་འཇམ་པོ་བར་མ་རྣོན་པོ་གསུམ་བསྲེག་དུས་སྦོལ་བས་གར་སླ་གཟུགས་བཏུབ་ཙམ་ལ་འཕང་ལོ་བྱ། སྔར་ལོངས་མ་སྤྱད་པའི་རྫར་བླུག་ཁ་འགྲིག་པར་བཅད་མཚམས་མནན་ཏེ་གསེར་སྲུབས་མེད་པར་བྱས་ལ། །འདག་པ་བྱུགས་ལ་བྱེ་མས་བར་མཚམས་བཅདདེ་དུ་བ་མི་འཆོར་བར་བྱས་ལ །བོང་མེས་འཚོས་པར་བསྲེགས་པའི་ཐལ་བ་དེ། །གྲང་ནས་ཞིབ་བཏགས་ཕྱེ་མའམ་རིལ་བུ་གང་བྱས་ཀྱང་རུང༌། གྲང་ཤས་ཆེ་ན་བུ་རམ་དང་ཚ་ཤས་ཆེ་ན་ཀ་ར་དང་བད་ཀན་ཤས་ཆེ་ན་སྦྲང་གི་རྟ་ལ་བསྐྱོན། །མ་ཞུ་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད། །ལྷེན་དང་སྐྲན་བཤིག་བད་ཀན་ལྕགས་དྲེག་འགོགས། །སྐྱ་རྦབ་འཇིལ་ཞིང་འོར་དང་དམུ་ཆུ་སྐེམ། དེ་ལ་མན་ངག་ལྟར་གྲོགས་ཁ་ཚར་ཀྱིས་བསྒྱུར་བས་ནད་ཀུན་འཇོམས། །བྱེ་བྲག་ཅོང་ཞི་འཕྲུལ་གྱི་ཐལ་སྦྱོར་ལ། །ཆུང་ངུ་དང་བར་མ་དང་ཆེན་པོ་དང་རྣམ་པ་གསུམ། དང་པོ་ཨ་རུ་ཚ་ལ་རྒྱམ་ཚྭ་པི་པི་ལིང༌། རྒྱ་གར་བོང་ང་དཀར་པོ་ཆ་མཉམ་དེ་དག་ཉིས་འགྱུར་གྱི། །ཅོང་ཞི་དང་མུ་ཟི་རིལ་མ་ཙམ་ཞིག་དེ་ལ་སྦྱར། ཞིག་དཀའི་ཀོང་བུར་སྨན་གྱི་སུམ་གཉིལ་ཙམ་གང་བར་བླུག་སམ་ཆ་ཙམ་སྟོང་པར་བཞག་ལ་ཁ་འདམ་གྱིས་སྦྱར། །སོལ་བའི་མེ་དབུས་བཅུག་ལ་སྦུད་པ་དལ་བུར་ཕུས་ནས་འཚོས་པར་བསྲེག མུ་ཟིའི་དྲི་སངས་ན་འཚོས་པའི་ཚད་ཡིནཔས་ཚུར་འདོན། །ཐལ་བ་དེ་ཞིབ་པར་བཏགས་ཀ་ར་སྦྱར་བ་ནི། །མ་ཞུ་བད་ཀན་ལྷེན་དང་ལྕགས་དྲེག་དང༌། །རྡོ་དུག་དབྱིག་དུག་བད་མཁྲིས་སྨུག་པོའི་སྐྲན། །ཕོ་བའི་ནད་ཀུན་ཚ་གྲང་མེད་པར་འཇོམསཏེ་ཅོང་ཞི་འཁྲུལ་ཐལ་ཆུང་ངའི་སྦྱོར་བའོ །དེ་སྟེང་བཟང་དྲུག་ཅུ་གུ་ལི་ཛཱ་སུག་ཀ་དང་རྒྱ་ཚྭ་པྲི་ཡང་ཀུ། །བསྣན་པ་མིང་ལ་ཅོང་ཞིའི་ཐལ་སྨན་འབྲིང་པོ་སྟེ། །མ་ཞུ་ལ་སོགས་སྟོབས་རྒྱས་པའི་ནད་སྣ་འདྲེས་པ་ལྡན་ཚད་ཐམས་ཅད་འཇོམས། ཅོང་ཞི་འཕྲུལ་ཐལ་ཆེན་པོ་ནི་དེ་སྟེང་ཚ་བ་སྒ་པི་པི་ལིང་ཕོ་བ་རིལ་ཙི་ཏྲ་ཀ་དབྱི་མོང་དཀར་པོ་ལྔ་དང་འདིའི་དཔེ་རྙིང་ལ་ལར་རྩ་བ་ལྔ་ཞེས་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་རྣམས་བྱས་པ་འདུག་པས་བརྟག་ཨ་རུ་ར། །རྒྱ་ཚྭ་རྒྱམ་ཚྭ་ཐལ་ཚྭ་ཁ་རུ་ཚྭ། །མཛེ་ཚྭ་ཟེ་ཚྭ་ལན་ཚྭ་འགྲོན་བུ་དང༌། བྱ་རྒོད་གྲེ་བ་སྲམ་དང་ཆུ་བྱ་དང༌། །ཉ་རུས་རྣམས་ཆ་མཉམ་སྨན་ཀུན་གྱི་ཉིས་འགྱུར་ལོངས་ངེས་ཀྱིས་ཅོང་ཞི་སྦྱར། །གོང་བཞིན་བསྲེགས་པའི་ཐལ་བ་ནི་གྲང་སྐྲན་ཐལ་བར་རློག

ཚྭ་བསྲེགས་སྦྱོར་བ་ནི་བ་ཚྭ་མེད་པའི་ལན་ཚྭ། །སྔོ་ཞིང་རོ་མངར་བ་དང་ལྡན་པ་ཁྱོར་བ་དོ །བ་ཞོ་བྲེ་གང་བྱང་གི་གཡག་རྒོད་ཀྱི་ཤ་མཐེབ་བོང་ཙམ་དང་སྦྱར། ཞིབ་བཏགས་ཆུར་སྦྱར་བཙོས་དཀྲུགས་ཆུ་ཆོད་འགྱུར་བའི་ཕྲུལ་པོར་ཕྲུལ་པོ་སྟེ་ཕྲུམ་གསར་རམ་ཆུ་ར་འདྲ་བར་སོང་བ་དང༌། །རྫར་བླུག་དུ་བ་མི་འཆོར་ཁ་བཅད་ལ། །བོང་མེས་འཚོས་པར་བསྲེགས་པའི་ཐལ་བ་དེདང་ །སྟར་བུ་པི་པི་ལིང་དང་བུ་རམ་སྦྱར། །མ་ཞུ་ལྷེན་དང་ལྕགས་དྲེག་ཁྲག་སྐྲན་བཤིག །ག་བུར་ནག་པོའི་ཐལ་སྦྱོར་ནི་རི་ཕག་ནག་པོའི་རིལ་མ་དང༌། །སྲད་དཀར་ཧོང་ལེན་དེ་བ་སྔོ་ཤིང་གཉིས་ང་རུང་ཤིང་སྔོན་བཞིསྟེང་ཅ་ཆ་ཤ་གསུམ་གྱི་མཱུ་ལ་བསྣན་ན་ཤིན་ཏུ་ཟབ །གཙོ་གྲོགས་དུ་བ་མ་ཤོར་སོ་སོར་བསྲེག །ཐལ་བ་དམར་ཟལ་བ་ཆུས་འདམ་ཐགས་བྱ། །ཀ་ར་སྦྱར་བས་མ་ཞུ་བ་ཡི་རིམས། །གཟེར་ཐུང་གཉན་རིམས་མིག་སེར་སེལ་བར་བྱེད། ཁྱད་པར་ཕོ་བར་རིམས་བབས་བདུད་རྩི་ཡིན། །བིག་པན་སྲད་དཀར་སྙ་ལོ་ཀྱི་ལྕེ་བཞི། །དུ་བ་མ་ཤོར་བསྲེགས་ཐལ་རླུང་རིམས་སེལ། དེའི་སྟེང་ཆང་དང་སྦྱར་བ་ནི་རི་ཐང་མཚམས་ཀྱི་བདུད་རྩི་ཡིན

རིན་པོ་ཆེ་ཡི་ཐལ་སྨན་སྦྱོར་བ་ནི། པུཝརྞ་གསེར་ཐལ་ནི་དང་པོ་གསེར་ལྷད་མེད་སྦྲང་བུའི་གཤོག་པ་ཙམ་དུ་བརྡུངས། །དེ་ནས་གཏུན་འཇམ་པོར་བྲད་ལ་ལབ་ལེབ་མེད་པར་ཞིབ་པར་བཏགས། དེའང་ཚ་ལ་མུ་ཟི་ཏིལ་དང་ཟར་མ་རྣམས་སྦྱར། །རིལ་བུར་དྲིལ་ལ་ཞི་གའི་ཀོང་བུར་སོལ་མེས་བསྲེག ཏམུ་ཟངས་ཐལ་ནི་ཟངས་བསྲེགས་ངར་ཕབ་ལ་ཡང་ཡང་བལྟབ་ཀྱིན་བརྡུངས། །སྦྲང་བུའི་གཤོག་པ་ཙམ་དུ་གྱུར་ནས་སེན་མོས་དུམ་བུར་གཏུབས། ཆང་སིངས་པོས་གཡའ་འདོན་དེ་ལ་ཚ་ལ་མུ་ཟི་སྦྱར། །ཀོང་བུར་བླུག་ལ་ཁ་བཅད་འཚོས་པར་བསྲེག རུ་པ་དངུལ་ཐལ་ནི་དངུལ་ཆུ་སྟར་བུས་བཤིག་པ་དང༌། ཚ་ལ་མུ་ཟི་སྦྱར་བ་གོང་བཞིན་བསྲེག ལོཧ་ལྕགས་ཐལ་ནི་གསེག་བརྡར་གྱིས་བརྡར་བའི་ཕྱེ་མ་གཏུན་ཁུང་ཞིབ་ཏུ་བཏགས། དེ་དང་ཚ་ལ་ཨ་རུ་མུ་ཟི་འདག་པ་བྱས་པས་སྦྱར་བར་བྱ། །ཀོང་བུར་བསྲེགས་པས་ཐལ་བར་འགྱུར་བ་ཡིན། དེ་རྣམས་ཀུན་ལ་སྲེག་པའི་གཉེན་པོ་རྣམས་ཆུང་ན་མི་ཚོས་པས་བུངས་བསྐྱེདལྷག་པར་མུ་ཟི་སེར་པོ་མང་ན་ལེགས དེས་ནི་མཛེ་ནད་དང་དུག་ནད་འཇོམས་བྱང་ཁོག་གིི་རྣག་ཁྲག་སྐེམ།

ཅོག་ལ་མ་མཚལ་ཐལ་ནི་རྫ་ཡི་ག་འུ་ཁ་སྦྱར་བའི་ནང་ལ། །མཚལ་དེ་ཞིབ་ཏུ་བཏགས་ལ་རྫའི་ག་འུའི་ནང་དུ་བླུག །སྙོམས་པར་བརྡལ་ལ་ཁ་བཅད་པའི་བར་མཚམས་འདག་པས་བྱུག །བྱེ་མས་བར་བཙངས་རླངས་པ་ཤོར་མི་རུང༌། ཁ་ཆོད་ཀྱི་སྟེང་དུ་ཆུ་བླུགས་འོག་ནས་མེ་ཡིས་བསྲེག །ཚོས་ཚད་སྣོད་འོག་མའི་གཤམ་དེ་མཚལ་གར་ཡོད་པའི་སར་སྐྱ་བོར་འགྲོ། དེའི་ཚེ་མེ་འཕྲོ་བཅད་གྲང་ནས་ཁ་དབྱེ་དངུལ་ཆུ་དྲིལ། །ཐལ་བས་ཤ་རོ་མ་ལུས་གཅོད་པའི་མཆོག

ཤ་རུ་དང་དུང་དངའགྲོན་བུ་དང་ཐོད་པ་རྣམསནི །སོལ་མེས་དཀར་པོར་མ་སོང་བར་དུ་བསྲེག

ཚ་བ་སྒ་པི་ཕོ་གསུམ་དང་ཟ་འོག་གོས་ཆེན་ཕུར་མོ་ནག་པོ་དང༌། །སྒོག་སྐྱ་དང་བཙན་དུག་དང་ཕག་རིལ་དང་སྒྲོ་ལ་སོགསནི །སླ་ངར་རྫ་སྦུབ་དུ་བ་མ་ཤོར་བསྲེག །ཐལ་བ་དེ་རྣམས་ཕལ་ཆེར་རྣག་ཆུ་སྐེམ།

ཅོང་ཞི་རྒོད་བཏུལ་ནི་སོལ་མེས་འཚོས་པར་བསྲེག །དཀར་པོར་སོང་ནས་ཆང་ཚ་བོ་ཅན་ངམ་སྙོམ་པར་དར་བའི་ནང༌བསིལ་དགོས་ན་གངས་ཆུར སྐྱུར་བས་སྐད་སོར་སོར་ཟེར་བ་ཐོན་ཙམ་གྱིས་ཅོང་ཞིའི་ངད་བསད་ནས་ཅོང་ཞི་དེ་ཕྱེ་མར་འགྲོ། །གག་པ་ཤ་རོ་གཅོད་ཅིང་ལྷེན་སྐྲན་ལྕགས་དྲེག་གཅོད། །ཅེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཐལ་སྨན་གྱི་སྡེ་ཚན་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།