སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བདུན་པ། སྨན་མར་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བདུན་པ། སྨན་མར་གྱི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

སྨན་མར་སྡེ་ཚན་ཚ་སེལ་དང་གྲང་སེལ་གཉིསལས །ཚ་སེལ་ཏིག་ཏ་རིགས་གང་རུང་ཧོང་ལེན་བ་ཤ་ཀ །སྤང་རྩི་དོ་བོ་ཀྱི་ལྕེ་རྣམས་ཁུ་བ་ཕྱུངས་པ་ཚིག་མ་འཕོ་བ་ཡི། །དྭངས་མ་བའམ་མཛོའི་འོ་མ་དང་མར་གསར་ལ། །སྦྱར་བའི་མར་ཁུར་གུར་ཀུམ་གེ་སར་ནཱ་པ་ཨུ་གསུམ། །ཀ་ར་སྦྲང་སྦྱར་ཏིག་ཏ་དགུ་པའི་སྨན་མར་གྱིས་མཁྲིས་པ་མིག་སེར་སྐྱ་རྦབ་དང༌། །ཆུ་སེར་ལྤགས་ནད་ཚད་རྙིང་རླུང་ལྡན་འདོན། །ཏིག་ཏ་རིགས་གང་བྱུང་ཀྱི་ལྕེ་བ་དང་སུམ་ཅུ་ཏིག །བ་ལེ་ཀ་དང་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་མར། །མཆིན་མཁྲིས་སྙིང་གི་ཚ་བ་རྙིངས་པ་སེལབ་འདི་ཏིག་ཏའི་སྨན་དམར་རབ་བོ །ཏིག་ཏ་གང་རུང་དང་ཤིང་ནིམ་པ་དབྱིབས་བ་ལེ་ཀ་འདྲ་བའི་ཤིང་སེར་པོ་རོ་ཁ་བ་ཅན་མ་རྙེད་ན་སྤྱིར་ཞུར་ཧོང་ལེན་པ་ཏོ་ལ། །སྐྱེར་པ་བྱི་ཚེར་ཀྱི་ལྕེ་པར་པ་ཏ། །བསྐོལ་ཁུར་གླ་སྒང་རྩ་མཁྲིས་དུག་མོ་ཉུང༌། །ཙན་དན་པི་པི་ལིང་རྣམས་ཕྱེ་མར་སྦྱར། །དེ་ལ་མར་ཕྱུངས་སྦྲང་སྦྱར་མཛེ་ནད་དང༌། །ཤ་བཀྲ་མེ་དབལ་ཁོང་འབྲས་མཚན་བར་རྡོལ། །གཞང་འབྲུམ་སྐྱ་རྦབ་སྐོམ་དད་མགོ་འཁོར་སེལབ་ཏིག་ཏའི་སྨན་མར་འབྲིང་ངོ །ཏིག་ཏ་གང་རུང་གསེར་གྱི་མེ་ཏོག་བ་ཤ་ཀ །སྐྱེར་པའི་རྩ་བ་བྲག་ཞུན་བ་ལེ་ཀ ཀྱི་ལྕེ་པར་པ་ཏ་དང་སུམ་ཅུ་ཏིག །བྱི་ཚེར་དུག་མོ་ཉུང་དང་པུ་ཤེལ་རྩེ། །འབྲས་བུ་ཨ་བར་སྐྱུར་གསུམ་གྱི་མར་ལ་ཀ་ར་སྦྱར། །ཚད་པ་རྙིངས་རྙོགས་རྣམས་ཀྱི་བདུད་རྩི་ཡིནའདི་ལ་ཏིག་ཏའི་སྨན་མར་ཐ་མའོ །དེ་དག་ཏིག་ཏ་རྣམས་ནི་རབ་འབྲིང་ཐ་མར་རོ

འབྲས་བུ་ཨ་བར་སྐྱུར་གསུམ་བསྡུས་འི་ཁུ་བ་འོ་མར་གདུ་དེ་མར་ལ་བསྡུ། དེ་དག་ཆུ་ཆོད་ནས་དྭངས་མ་གཞུར་བའི་ནང་དུ་ལྕགས་ཕྱེ་དང་རྩ་ཨ་བ་ཕོ་མོ་གཉིས་ལས་བྲག་ལ་སྐྱེས་པ་དངུལ་གྱི་ཁ་གཤིབས་པ་འདྲ་བ་རིང་ཞིང་སྦོམ་པ་ཕོ་རིགས་ཡིས་པས་བཟང་ངོ་ལྩགས་སྦྲུལདང་ ཁ་ཆེའི་གུར་ཀུམ་གོ་སྙོད་དང་རྡོ་མདུང་རྩེ་དམར་པོ་བཅས་གསལ་བྱེད་དགུཔས །མིག་འགྲིབས་རབ་རིབ་དམར་ཚག་སྐམ་ཚག་སེལ། །སེང་ལྡེང་ཀྱི་ལྕེ་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་མར། །སྦྲང་རྩི་ཆུ་སེར་སྨན་སྤོས་ཐལ་སོ་གསུམ་པི་པི་ལིང༌། །སྦྱར་བ་སེང་ལྡེང་དགུ་ཡི་སྨན་མར་ཏེ། །མཛེ་ནད་དྲེག་གྲུམ་ལུས་ལ་རྒྱས་པ་སེལ། །སེང་ལྡེང་གུ་གུལ་ཐལ་ཀ་རྡོ་རྗེ་འཇོར་ལུང་མ་རབ་གཞན་ཐ་མ་དང༌། རྒྱའི་སོ་མ་ར་ཛ་ཀྱི་ལྕེ་ཨ་གར་ནགཔོ། །སྐྱེར་པའི་བར་ཤུན་མར་ལ་སྦྲང་སྦྱར་སེང་ལྡེང་བདུནཔས ཆུ་སེར་རྩ་ཚིགས་ལྤགས་ལ་རྒྱས་པ་དང༌། །དྲེག་དང་གྲུམ་བུ་མཛེ་ནད་སེལ་བར་བྱེད། །ཨ་རུ་ར་ཆང་ནང་དུ་སྦངས་པའི་རུས་པ་བོར་བའི་ཤ་དང་བསིལ་ཅུ་གུར་ལི་གསུམ་དང༌། །ཤིང་ཚ་ཤིང་མངར་བཅའ་སྒ་གེ་སར་ནཱ་ཨུ་གཉིས། ལི་ག་དུར་མར་ཁུ་སྦྲང་སྦྱར་འབྲིའི་རྐང་མརསུར་ཕུག་སྨན་མར །གློ་ནད་རྒྱས་དང་རུས་རླུང་སྙིང་ཚད་སེལ། །བ་མ་གསར་ཁ་དོག་དམར་ཟལ་གྱི་ཆུ་དང་དེའི་ལྕི་བ་དང༌། དེའི་འོ་མ་དང་དེའི་ཞོ་དང་དེའི་མར་ལ་སྦྲང་རྩི་སྦྱར། །བ་ཡི་རྣམ་ལྔའི་སྨན་མར་མཆིན་ནད་རྙིང༌། །ཚ་བ་རླུང་ལྡན་ཆུ་སེར་སྐྱ་རྦབ་འཇོམས། །ཨ་གར་ནག་པོ་ཙན་དན་དཀར་པོ་གུ་གུལ་ནག་པོ་སྙིང་ཞོ་ཤ །རྒུན་འབྲུམ་དཀར་ནག་གང་རུང་མར་ལ་ཀ་རས་ཁ་བླངས་པ། དེ་ནི་ཞོ་ཤའི་སྨན་མར་སྙིང་གི་ཚད་པ་འཇོམས༌། སྲོ་ལོ་དཀར་པོ་ཨ་རུའི་མར་ལ་ཤིང་ཅུ་གང་དང༌། །ཤིང་མངར་སྦྲང་སྦྱར་སྲོ་ལོའི་སྨན་མར་ཏེ། །གློ་རྣག་འབྱམས་དང་གློ་ཡི་ཚད་པ་སེལ། །ཙན་དན་དཀར་དམར་སླེ་ཏྲེས་དུག་མོ་ཉུང༌། །གླ་སྒང་ཀཎྜ་སྤྱ་ཀ་རི་ཀྱི་ལྕེ་བ། །ཧོང་ལེན་སྤང་སྤོས་སྐྱེར་པའི་བར་ཤུན་སྐྱུ་རུ་ར། །ཤུག་འམ་དེ་བ་ད་རུ་ལ་ཕྱུང་འི་མར་ལ་བསིལ་ཅུ་གུར་ལི་གསུམ་ཀ་ར་སྦྱར། །ཙན་དན་མར་གྱིས་གློ་སྙང་མཆིན་ཚད་དང༌། །རིམས་སྨྱོ་སྟོང་སྐྱུགས་ཚིགས་གཞི་སྐྲངས་པ་སེལ། །འབྲི་མོག་རྒྱ་ཚོས་བཙོད་ཨ་རུ་ར་ཡི་མར། །ཀ་ར་སྦྱར་བས་གློ་ཚད་རྣག་ཁྲག་སྐེམ། །གུར་ཀུམ་མཚལ་དང་གེ་སར་རྣམ་པ་ནཱ་པ་ཨུ་གསུམ། །མཁྲིས་པ་གང་འཛོམ་སྣ་ཚོགས་མར་ལ་ཀ་ར་སྦྲང༌བས །རྩ་རུལ་བུ་ག་དགུ་ནས་ཁྲག་འཛག་གཅོད།

ད་ནི་གྲང་སེལ་གྱི་སྨན་མར་ལ་ཨ་རུ་ར་སུམ་ཅུ་བར་རུ་ར་ཉི་ཤུ་སྐྱུར་རུ་ར་བཅུ་ཕྱེད་ཆ་སྐྱུང༌། །བསྡུས་ཁུ་དྭངས་མ་མར་ཕྱུང་བུ་རམ་སྦྱར། །ཛཱ་ཏི་ཁ་རུ་ཚྭ་དང་པི་པི་ལིང༌། །སུག་སྨེལ་བཅའ་སྒ་ཁ་ཚར་བཏབ་པ་ཡི། །འབྲས་བུ་ཨ་བར་སྐྱུར་གསུམ་གྱི་སྨན་མར་རྒས་ཀ་སྲ། །མིག་དང་རྣ་བ་སོ་དང་སྣ་ཡི་ནད། །མགོ་ནད་རྩ་བྱེར་རྣག་འབྱམས་རླུང་ནད་སེལ། །ཁྱད་པར་སྙིང་ལ་རླུང་ཞུགས་འཇོམས་པའི་མཆོག རོ་མོ་ཤ་ར་མཉེ་ཤཉྟཔརི་ཉེ་ཤིང་ནིམ་པའི་རིགས་ཏེ་ཚེར་མ་ཡོད་མེད་གཉིས་ལས་འདིར་ཚེར་མ་ཅན་དགོས་མིག་པ་ལྕགས་ཀྱུ་ལྕ་བ་དཀར་པོ་བ་སྤྲུ་བ། རྒྱ་ནག་གམ་བོད་ཀྱི་གཟེ་མ་འབྲི་མར་སྦྱར་བ་རྩ་བ་ལྔ་ཡི་མར། །ཚྭ་སྣ་གསུམ་རྒྱ་རྒྱམ་ཁ་དང་སླེ་ཏྲེས་བཟང་པོ་ཛཱ་སུག་ཀ་གསུམ། །བཅའ་སྒ་པི་པི་ལིང་དང་བུ་རམ་སྦྱར། མཁལ་མའི་གྲང་ནད་རླུང་ཚབས་སེལ་བར་བྱེད། །འབྲས་བུ་ཨ་བར་སྐྱུར་གསུམ་དང་གོང་གི་རྩ་བ་ལྔ་པོ་བསྲེས་པནི །འབའ་སམ་ཞེས་བྱ་ལུས་ཀྱི་སྟོད་སྨད་ཀུན་གྱི་ནད་ལ་བསྔགས། །འབའ་སམ་དེ་ནང་ད་བྱིད་རྒྱ་གཙངས་ད་བྱིད་དེ་ཉིད་ཚག་ཤའི་ནང་དུ་གླ་རྩིའི་ཕྱེ་མ་བཏབ་པའི་ནང་དུ་བཅུག་ཁ་བསྒྲིགས་མེར་བསྲེག་ཚག་ཤའི་ཕྱི་ཤའི་ཕྱི་ནག་ཆོམ་ཚིག་པ་དང་དུག་ཐོན་པས་ད་བྱིད་ཕྱིར་ཕྱུང་ལ་སྦྱར་ལུག་ཐུག་ན་གཞོན་མ་མོ་ལ་མ་ཞུགས་པའི་འབྲསབུ །མར་ལ་ཅོང་ཞི་བཅའ་སྒ་པི་པི་ལིང༌། །སླེ་ཏྲེས་རྒྱམ་ཚྭ་སུག་སྨེལ་བྲེ་ག་དང༌། །བུ་རམ་སྦྱར་བ་ད་བྱིད་ཅེས་པར་འཇུག་སྒོ་མང་ཡང་འདིར་གངས་གཙངས་ཡིན་ལ་དེའང་ཕོ་མོ་གཉིས་ལས་ཕོ་བཟང་སྐྱིན་གོར་ཞེས་པའང་གངས་ཅན་ཀྱི་མིང་ཏེ། །རོ་ཙ་མཁལ་ནད་ཟ་ཁུ་འདོད་ཉམས་ཕོ་དབང་ལས་སུ་མ་རུང་བ་སེལ། །སྒོག་སྐྱ་ཨ་རུ་ར་དང་བཅའ་སྒ་ཡི་སྨན་མར་ལ། །རྒྱམ་ཚྭ་ཁ་རུ་ཚྭ་དང་པི་པི་ལིང༌། །སུག་སྨེལ་བུ་རམ་བཏབ་པས་རླུང་ནད་ད་རྒན་དང༌། །རྒྱུ་ལོང་མཁལ་རྐེད་ནད་དང་རླིག་རླུགས་སེལ། །སྒོག་སྐྱ་སྲང་བརྒྱད་ཆུར་བཙོས་ཁུ་བ་མར་ལ་ཐིམ་པ་དང་དེ་ཉིད་སླར་འབྲི་མར་སྲང་བརྒྱད་དང་ཆ་མཉམ་སྦྱརཅུང་ཟད་བཙོས་སྣོད་ཁ་དོག་པོར་བླུགས་ལ་ཁ་བཅད་ནས ཞག་བཅུ་གཉིས་བར་ནས་ཀྱི་གསེབ་ཏུ་བསྙལ་ཏེ་ནུས་པ་བསྐྱེད། །རླུང་ནད་མ་ལུས་ཀུན་སེལ་བཅུད་ལེན་འགྱུར། །བ་སྤྲུ་པི་པི་ལིང་གི་རྩ་བ་དང་འབྲི་མར་སྦྱར། །མོ་གཤམ་བུ་རྙེད་མཆོག་ཏུ་སྐྱིགས་བུ་སེལ། །སེ་འབྲུ་འུ་སུ་དོང་གྲ་བཅའ་སྒ་ཙི་ཏྲ་ཀ །པི་པི་ལིང་རྣམས་ལ་བཟང་པོ་ལྔ་ཟེར་བས་དེ་དག་གི་མར་དང་བུ་རམ་སྦྱར། །བཟང་པོ་ལྔ་ཡི་སྨན་མར་བད་རླུང་རྒྱས། །སྐྱ་རྦབ་གཞང་འབྲུམ་མཆེར་ནད་དབུགས་མི་བདེ། །མེ་དྲོད་སྐྱེད་ཅིང་ལུས་ཤ་རྒྱས་པར་བྱེད། །བུད་མེད་བུ་མེད་པ་ལ་ཡང་བུ་རྙེད་པར་འགྱུར། །གཟེ་མ་བྲེ་གང་ཆང་བྲེ་གསུམ་གྱི་ནང་དུ་སྦངས་ཚད་བྲེ་གསུམ་ལྡན་ཆུར་བསྡུས་པའི། །མར་ལ་ཁ་རུ་ཚྭ་དང་ཚ་བ་སྒ་པི་ཕོ་གསུམ། །རྒྱུ་ལོང་སྦོ་འཁྲོག་མཁལ་རླུང་གཟེར་བ་འཇོམས།

དེ་སོགས་སྨན་མར་མཐའ་དག་སྦྱར་བའི་ཐབས། །ཁུ་བ་འདོན་དགོས་པ་རྣམས་འཚོས་པར་བཙོས་ལ་ཁུ་བ་ཡང་ཡང་གདོན། ཁུ་ཕྱིན་ཚིག་མ་འདོར་དྭངས་མ་དེ་ནང་སླར་ཆུ་བྲེ་གསུམ་དུ་ཐག་པར་བསྡུས། །ཟླ་ཟེར་ལས། མ་ཤ་བཅུ་དྲུག་ལག་མཐིལ་གང་། དེ་བཞི་ལ་སྤར་གང་། དེ་བཞི་ཕུལ་ཏེ་སྙིམ་པ་གང་། དེ་བཞི་ལ་བྲེ་གང་ངོ་། །ཡང་སྲང་གཅིག་སྤར་གང་དང་། །སྲང་གཉིས་ལ་ཁྱོར་གང་། སྲང་བཞི་ལ་ཕུལ་གང་། སྲང་བཅུ་དྲུག་ལ་བྲེ་གང་ངོ་གསུངས། དེ་ཉིད་ལས། ལྡེ་གུ་སྣུམ་དང་གཤེར་ལྡན་དེ། །བཞི་འགྱུར་དུ་ནི་བསྐྱེད་དེ་སྦྱར། །ཞེས་གསུངས་པས། སྨན་ཕྱེ་བྲེ་གང་ལ། བྲེ་སྲང་མགོ་ཐུག་པའི་དབང་གིས་ཐང་བྲེ་གསུམ་འོ་མ་བྲེ་བཞི་མར་སྟག་བརྒྱད་གཏོང་ལ་དེ་སྨན་མར་ཚན་ཆེ་ཆུང་བསྒྲེས་ལ་སྦྱར་རོ། །དེ་ལ་ཚ་སེལ་བ་མཛོ་དང་གྲང་སེལ་འབྲི་ལུག་གི་བཞོས་ཐོག་འོ་མ་བྲེ་བཞི་བླུག །དཀྲུག་ཅིང་མ་ཚིག་པར་བཙོས་པས་ཆུ་དེ་འོ་མར་སྟིམ། །དེ་ལ་ཚ་བ་སེལ་བར་ར་མཛོ་ཡི་མར། །གྲང་བ་སེལ་བར་འབྲི་དང་ལུག་གི་མར་རྙིང་པ་གཞུག །འོ་མའི་བཅུད་ལ་མར་ལ་ཐིམ་པར་བསྡུས་བྱས་ཏེ། །ཆུ་ཆོད་ཅིང་དྭངས་སྙིགས་བྱེ་ནས་མཛུབ་མོས་དཀྲུག་ཀྱང་མི་འཚིག་པར་ཚུགས། མར་ཁུ་དེ་ནས་མེར་བཅུག་ན་སྒྲ་མེད་ཅིང་ཚིགས་མ་རིལ་བུར་དྲིལ་དུ་བཏུབདེ་འབྱུང་ དེ་ནི་ཆུ་ཆོད་པའི་ཚད་ཡིན་པ་དེ་ལས་ཐལ་ན་ནུས་པ་འཚིགལ། ཡང་ཆུ་མ་ཆོད་ན་ནི་ཕོ་བས་མི་ཆུན་ཞིང་ནུས་པ་དང་ཆུང༌བ་ཡིན་ནོ དེ་ལྟར་ཚད་ལྡན་དུ་སྦྱར་བ་ཕོག་ལ་ཁུ་བའི་དྭངས་མ་གུད་དུ་བཞུར། ཁུ་བ་དྭངས་མ་དེ་ངད་ཡལ་ཙམ་ལ་ཁ་ཚར་གྱི་སྨན་གང་བྱེད་ཕྱེ་མར་བྱས་ལ་གདབ་མངར་ཀར་བུར་སྦྲང་གསུམ་དང་སྦྱརནད་ཚ་གྲང་དང་སྦྱར་བའི་ཤས་ཆེ་ཆུང་གཏོང་ལུགས་བྱེད་གཏི་མུག་འགྲོས་ཀྱིས་ཅི་མི་འོང་ ཐམས་ཅད་འདྲེས་པར་དཀྲུགས་ལ་ཐོ་རངས་དུས་སུ་ཁམ་རེ་བཏང༌། དེའི་ཚེ་སྤྱོད་ལམ་རླན་གྲང་བསེར་བུ་འཇུ་དཀའ་དྲག་ཤུལ་སོགས་སྤང༌། །སྨན་མ་ཞུ་ན་རྒྱམ་ཚྭ་ཨ་རུ་ར་སྒ་པི་པི་ལིང་བཞི་ཐང་བཏང༌། །སྨན་ཟད་རྗེས་ལ་ཟས་ཀྱིས་ལུས་ཟུངས་གསོ། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨན་མར་གྱི་སྡེ་ཚན་བསྟན་པའི་ལེའུ་སྟེ་བདུན་པའོ།  

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།