སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅོ་ལྔ་པ། ལས་ལྔ་སྐྱུགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅོ་ལྔ་པ། ལས་ལྔ་སྐྱུགས་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ལས་ལྔ་སྐྱུགས་ལ་སྔོན་འགྲོ་དང་དངོས་གཞི་དང༌། །ཕྱི་རྗེས་བཅད་པ་དང་ཕན་ཡོན་བསྟན་པའོ། དང་པོ་སྔོན་འགྲོ་ནད་གཞི་སྐྱུགས་རུང་བ་དང་མི་རུང་བ་བརྟག །སྦྱོར་བའི་སྔོན་འགྲོ་ཉེ་བ་དང་རིང་བ་རྣམ་པ་གཉིས་བྱ

སྐྱུགས་མི་རུང་བ་ནི་ཟུངས་ཟད་པ་དང་རླུང་ཆེ་བ་དང་དྲི་ཆུ་རྒྱུ་འགགསཔ་དང་ །མིག་འགྲིབ་པ་དང་སྲིན་ནད་ཅན་དང་གཞང་འབྲུམ་ཅན་དང་ཤ་དུག་རྒྱསཔ་དང་ །རྒས་ཆེས་པ་དང་གཞོན་ཆེས་པ་དང་གདོན་ཅན་རྣམས་ལ་སྤང༌ངོ

སྐྱུགས་རུང་བ་མ་ཞུ་བ་དང་ལྷེན་སྐྲན་ལྕགས་དྲེག་ཆགས། །དུག་དང་གླང་ཐབས་དང་ཁྲག་མཁྲིས་ཕོ་བར་ལྷུང༌བ་དང་ །མགོ་ནད་དང་ག་འགགས་པ་དང་སྲིན་བུ་ལྡོག །ཁྱད་པར་དུ་བད་ཀན་ནད་ཀུན་སྐྱུགས་ཀྱིས་སྦྱང༌ངོ་།

སྦྱོར་བའི་སྔོན་འགྲོ་ཉེ་བ་དང་རིང་བ་ནི་བཤལ་དང་མཐུན། དེའང་འཕྲལ་དུ་མ་ཞུ་མི་འཕྲོད་ཟོས་པ་དང༌། །བད་མཁྲིས་རྒྱས་དང་མ་ཞུའི་གནས་སུ་འདུས། །རྒྱུན་དུ་ལྟོ་སྣུམ་པ་སོགས་སྔོན་འགྲོ་བྱ་མི་དགོས

དངོས་གཞི་སྨན་སྦྱོར་བཏང་ཐབས་ལྕག་དང་ཚད། །ལོག་པ་མནན་དང་རྣམ་པ་ལྔ་རུ་བཤད། །དང་པོ་སྨན་སྦྱོར་གཙོ་བོ་དང་ཁ་འཛིན་གཉིས། །གཙོ་བོ་རི་ཤོ་ཆེ་ཆུང་འདྲ་སྤྱང་ཚེར་དཀར་ནག་དུར་བྱིད་དམར་པི་བྱུང་ན་བཟང་གསུམ། དེ་གསུམ་ཀ་བྱེ་མ་ལ་སྐྱེས་ཁ་འབུས་ཙམ་སོས་གའི་དུས་བརྐོསཔའོ །ཤུ་དག་ནག་པོ་རྒྱམ་ཚྭ་པི་པི་ལིང་དང་ཡུངས་དཀར་བསྲེ་བ་གནད་ཆེ་བ་ཡིན་སྦྱར། དེ་ཡང་འཇམ་པོ་བྱེད་ན་ཁུ་བ་ཤིས་ལ་དྲག་པོ་བྱེད་ན་རིལ་བུ་དྲིལ།

དེ་ལ་ཁ་འཛིན་ནི་མ་ཞུ་བ་ལ་བཅའ་སྒ་སྡེབ། །རླུང་ལྡན་ལ་པོ་སོན་ཆ་མཁྲིས་ལྡན་ལ་གསེར་གྱི་ཕུད་བུ། སྐྲན་ལ་དབྱི་མོང་དཀར་ནག་དུག་ལ་བོང་ང་དཀརཔོ་ལ །འབྲི་ཏ་ས་འཛིན་བྱང་ཁོག་རྣག་ཁྲག་འདྲེན། །གློ་ཡི་ནད་ལ་ཤིང་མངར་སྡེབ་པར་བྱབ་སོགས་རིག་པས་ཀྱང་དཔྱད་དོ།

བཏང་བའི་ཚུལ་ནི་ནམ་ལངས་དུས་སུ་བཏང་ལ་རྗེས་སུ་ཆུ་གྲང་གིས་ཁ་བཤལ་ལ། །མི་སྨྲ་ལུས་མི་གྲང་པར་གོས་དྲོ་བར་གྱོན་ལ་ཙོག་པུར་འདུག་པར་བྱ། ཐོག་མར་སྐྱུག་ན་ལན་འགའ་མར་གནན་ཞིང་ཟློག་པས་ནད་ལ་བརྐོ། ཡང་བརྐོས་རང་དྲགས་ན་ཐུར་དུ་འཕྱུག་པས་ཚོད་ཟིན་པར་སྐྱུགས་སློང་དུས་སྐྱུགགོ། །དེ་ནས་མགོ་
ཐུར་དུ་དཔྱངས་པུས་མོ་ཕོ་གསང་ལྟེམཁ་སྦུབ་བྱས་ལ སྐྱུགས་པ་སླ་ངར་བཟེད་ལ་ནད་ཀྱི་ཁ་དོག་ལ་བལྟདགོས།

དེའི་ལྕག་ཏུ་སྤྱང་ཚེར་རི་ཤོ་དུར་བྱིད་བསྡུསཁུར །རྒྱམ་ཚྭ་ཤུ་དག་ནག་པོ་པི་པི་ལིང་དང་སྦྱརབའི་ཐང་དང་ །ཆུ་གཙང་མ་སྐོལ་བ་ངད་ཡལ་ཙམ་དང་གཉིས་སྤེལ་གྱིན་བཏང༌། ཕུག་རོན་གྱི་སྒྲོའམ་སོར་མོས་གྲེ་བ་མ་སྣད་པར་བྱས་ལ་དྲངས། །སྐྱུག་པ་དྲག་ཞན་གང་ཡོང་ནི་ལྕག་ལ་རག་ལུས་པས། །ལུས་ཟུངས་དང་ནད་སྟོབས་དང་སྦྱར་ལ་ཐོན་པ་ཚད་ལྡན་དུ་གདོན།

གདོན་ཚད་སྐྱུག་པའི་ནད་ལ་སྐྱུག་ཐེངས་ཐ་མ་བཞི་འབྲིང་དྲུག་རབ་བརྒྱད། །བུངས་ཚད་ཐ་མ་བྲེ་ཕྱེད་དང་འབྲིང་བྲེ་གང་དང་རབ་བྲེ་དོ་ཡིན་ཏེ། །ཁ་དོག་བད་ཀན་ཐ་མ་མཁྲིས་པ་འབྲིང་དང་ཆུ་རབ་དང་གསུམ། །རིམ་པས་ཐ་མ་འབྲིང་རབ་ཚད་དུ་བཤདདོ།

ལོག་གནོན་ཐོར་བུའི་རླུང་དང་མཁྲིས་ཁ་ཤོརབ་དང་ །སྨུག་པོའི་མཚོ་རྡོལ་བ་དང་གློ་ཡི་རྩ་ཁ་རྡོལ། །སྨན་གྱི་དྭངས་མ་མིག་ལ་བྲོས་པའོ། དེ་ཡང་མགོ་ན་སྟོང་སྐྱུགས་བྱེད་ཅིང་ཤེས་པ་ཉོགན་ཐོར་བུའི་རླུང་ཡིན་པས། སྣུམ་གྱི་བསྐུ་མཉེ་བྱ་ཞིང་གསུར་དུད་བཏང་སྲེ་ལོང་ཐང་གིས་བཟློག

སེར་པོ་སྐྱུགས་ན་མཁྲིས་པ་ཁ་ཤོར་བས་ཏིག་ཏ་གསེར་མེ་དུག་ཉུང་དོམ་མཁྲིས་རྣམས་ཀྱི་ཐང་བཏང་མཁྲིས་རྩ་གཤའ་རིངས་གཏར

སྨུག་པོའི་མཚོ་བརྡོལ་བ་ཁྲག་མཁྲིས་དུད་ཁུ་སྐྱུག་པ་ལ་ཆུ་བ་ཧ་བོ་ཞུ་མཁན་གྱི་དུགས་དང་ཕྱེ་མས་བཅདབཅས་པའང་འུ་སུ་གུར་གུམ་ཤིང་ཅུ་གང་དོམ་མཁྲིས་རྣམས་ཀྱི་ཕྱེ་མ་ཆུ་གྲང་གི་ཕུལ་ཞེས་མཆན་བུ་ལ་ལར་འབྱུང་། དངོས་ནི་མན་རྒྱུད་ལས། རྒྱ་བཤལ་རྩ་དམར་སྐྱུགས་དུས་གུར་གུམ་དང་། ཞེས་པ་ལྟར་ཡིན།།

གློ་རྩ་འགྲམས་ན་ཁྲག་སྐྱུག་སྨན་གྱིས་རྩ་ཁ་བསྡམཞེས་པ་མན་ངག་རྒྱུད་ཀྱི་གློ་བ་ཆུ་ཤོར་སྐབས་སུ། ཤིང་མངཏ་འདམ་བུ་ཀ་ར་ལི་ག་དུར། །ཅུ་གང་གུར་གུམ་དོམ་མཁྲིས་ཙན་དན་སྐབས་སུ། །ཀ་ར་སྦྱར་བ་བཙོད་ཀྱི་ཁུ་བས་དབུལ། །ཞེས་པ་དང་གོང་དུ་ལྡེ་གུའི་སྐབས། ཨ་རུ་རྒྱ་སྐྱེགས་རྩོད་དང་འབྲི་མོག་རྩི། །ཞེས་པ་ནས་གློ་བརྡོལ་སེལ་ཞེས་པའི་བར་དེ་ཡིན། གཞན་ཡང་བཙོད་དང་སྐགས་གདུས་ཁུར་གུར་གུམ་ཤིང་ཅུ་གང་ཤིང་མངར་ཤིང་ཚ་སྲན་མའི་མེ་ཏོག་དོམ་མཁྲིས་རྣམས་བཏབ་ལ་བཏང་ངོ་།།

མགོ་ན་བ་དང་མིག་དམར་པོར་སོང་ན་སྣ་རྩ་དང་དཔྲལ་རྩ་གཏར་དང་ཆུ་ལྕག་བྱ།

བཅད་རན་ནས་རྗེས་ཀྱི་ཆོ་ག་བཤལ་དང་མཐུནཔ་ལ །ཟས་དང་སྤྱོད་ལམ་ན་བཤལ་དེ་བས་འདིར་ལྷོད་པ་བྱས་པས་ཆོག རྗེས་སུ་གུ་གུལ་ནག་པོ་དང་གླ་སྒང་དང་མར་གསར་སྦྱར་བའི་དུ་བས་བདུག །སྨན་རོ་སྦྱོང་ཕྱིར་རྒྱམ་ཚྭབཏབ་པའི་ཆུ་སྐོལ་བཏུང༌།

དེ་ལྟར་བྱས་པས་སྐྱུགས་པ་ལེགས་ན་དབང་པོ་གསལ་ཞིང་ལུས་ཡང་དང་ག་བདེ། །ཁའི་དྲི་ཞིམ་ཞིང་མཆིལ་མ་དང་སྣབས་དང་ལུད་པ་དགཔར་འགྱུར་རོ །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔ་སྐྱུགས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།