སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅོ་བརྒྱད་པ། ལས་ལྔ་ནི་རུ་ཧ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅོ་བརྒྱད་པ། ལས་ལྔ་ནི་རུ་ཧ་བསྟན་པ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ལས་ལྔ་ནི་རུ་ཧ་ལ་སྤང་ཡུལ་དང༌། །ཕན་ཡོན་དང་སྦྱོར་བ་དང་ཇི་ལྟར་བཏང་བའི་ཚུལ་ལོ། །སྤང་ཡུལ་ནི་གཞང་ལུག་འཁྲུ་བ་འབྱམས་པ་དང༌། །ཚད་པ་གསར་བ་དང་མེ་དྲོད་ཉམས་པ་ས་བོན་འཛག་ལ་སྤང༌ངོ་

ཕན་ཡོན་ནི་སྤྱི་དང་བྱེ་བྲག་རྣམ་པ་གཉིསལས །དང་པོ་སྨད་དུ་མཚོན་ཕོག་རྟུག་སྐམས་དང༌། །གླང་ཐབས་སྨད་ཚད་དྲི་ཆུ་བསྡམ་པ་དང༌། །ལྟོ་སྦོས་སྲིན་ནད་སྐྲན་གསར་རིམས་རྙིང་དང༌། །ཁྱད་པར་ནད་སྟོབས་ཆེ་ལ་རྣོན་པོ་བསྔགས

གཅིན་སྙི་ཚད་པས་འཁྲུ་དང་གསོ་དཀའི་རིམས། །དྲེག་འོར་ཁུ་བ་ཟད་པ་འཇམ་པོས་སེལ།

སྦྱོར་བ་བར་མ་དང་རྣོ་བ་དང་འཇམ་པ་དང་རྣམ་པ་གསུམཡིན་པའི །བར་མ་རྣོ་བ་ནི་དུར་བྱིད་ལུག་སུག་པ་བུལ་ཏོག་ཕབས། །བྱང་པ་དམར་ཁྲ་དུད་པ་གདུང་གསེབ་ཀྱི་ས་མ་འདྲེས་པ་བ་ཆུ་ཆང་བསིངས་ཀྱི་སྙིགས་མ་རྣམས་སྦྱར། །མཚོན་ཕོག་མཁྲིས་པ་ཉྭ་ལོག་དང་གླང་ཐབས་རྣམས་ལ་དབྱི་མོང་དཀར། །སྨད་ཚད་ལ་ལྕུམ་རྩ་ལྟོ་བ་སྦོས་པ་ལ་ཨུག་ཆོས་དམར་པོ་སྡེབ། །སྲིན་ལ་སྒོག་སྐྱ་དང་གྲང་བ་ལ་པི་པི་ལིང༌། །ནད་སྟེང་ཁ་བསྒྱུར་ནི་རྣོན་པོ་བྱེད་ན་རེ་ལྕག་པ་ཐམས་ཅད་ལ་བསྣན། འཇམ་པོ་བྱེད་ན་ཐམས་ཅད་ལ་ཨ་རུ་ར་དང་སེང་ཕྲོམ་བཙོད། ཀྱི་ལྕེ་དུར་བྱིད་ལྕུམ་རྩ་བའི་འོ་མ་དང་བ་ཆུའོ།

བཏང་ཐབས་བྲེ་ཕྱེད་ཕུལ་བཞི་ཕུལ་ལུ་དོ། བཞོས་ཐོག་འོ་མའི་དྲོད་ཙམ་བསྲོས་འབྲུ་མར་ཅོར་ཅིག་བླུག །གྲོད་པ་བཀང་ལ་དེའི་ཁར་གཅེ་འུ་ཚད་ལྡན་རྩེ་མོའི་སྦུབས་སྲན་མ་ཤོང་ཙམ་ལ་རྩ་བའི་སྦུབས་མཐེ་བོང་ཤོང་བ་དང་རྩ་བ་ནས་མཐོ་གང་རྩེ་མོ་ནས་སོར་བརྒྱད་ཀྱི་མཚམ་དུ་འཕང་ལོ་ཡོད་པ་གཞུག ནད་པ་སྔས་སྨད་སྒུར་ལ་གསེང་བཤང་ལམ་བུག་སར་སྣུམ་བྱུགས་ཏེ། གྲོད་པའི་དབུགས་བཏོན་ནས་རྐུབ་བམ་བཤང་ལམ་མ་སྣད་པར་དལ་བུས་སོར་བཞི་རྐུབ་ཀྱི་ནང་དུ་གཞུག སླར་ཐུར་མ་དེ་ཅུང་ཟད་ཅིག་ཕྱིར་ལ་འཐེན་བསྣུར་ནས་གྲོད་པ་དལ་བུར་བཙིར་ལ་ཡར་བཏང༌། གལ་ཏེ་འགྲོར་མ་འདོད་ན་གཡས་དང་གཡོན་དང་སྟེང་དང་འོག་ཏུ་གཅུ། གྲོད་པའི་ནང་གི་སྨན་ལྷག་མ་ཅུང་ཟད་རླུང་ཡོད་པས་རྫོགས་པར་མི་བཏང་ལྷག་མ་ཅུང་ཟད་བཞག དེ་མ་ཁད་གཅེ་འུ་བཏོན་ལ་འཕོངས་སུ་རས་ལྟོ་བརྡིགརས་བསྒྲིལ་བས་རྐུབ་ལ་ཐེམས་ཚངས་བརྒྱག་པ་ཡིན། །གཞོགས་གཡོན་འོག་བཅུག་ནས་སྨན་མར་འགྲེམས་པ་དེ་ཡར་ལ་ལན་ཉིས་སམ་ལན་གསུམ་ཙམ་བཟློག །མ་བཟློགས་ན་མི་ཐེབས་ལོག་དྲགས་ན་ལ་རྒལ་འགྱུར། གལ་ཏེ་སྨན་ཁོང་པར་འཛིན་མི་ཐུབ་ན་ཙོག་པུར་འདུག་ལ་སྣོད་དུ་སྨན་ཕྱིར་བཏང་། སྨན་ཕྱིར་བཏང་བ་དེ་བཙོག་པ་དང་འདྲེས་པའི་སྐྱོ་འདུར་རེའམ་གོང་བུའམ་ཁུ་བ་དང་སྦྲགས་པ་ཅོལ་ལེ་བྱུང་ན་ཐེབས། །མ་ཐེབས་པར་མར་བཏང་བ་དེ་ཆུ་རུ་ལོག་ན་སླར་བསྐྱར་ལ་བཏང༌། །སྨན་རོ་བདའ་ཕྱིར་རྒྱམ་ཚྭའི་ཆུ་སྐོལ་ཁ་ནས་བཏུང༌། །ཞག་གཅིག་ལྟོ་མི་ཟ་བར་སྐྱུང་དེས་ནི་སྨད་ནད་ཀུན་འདྲེན་པའི་མཆོགཡིན་ནོ། །ཅེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔ་ནི་རུ་ཧའི་ལེའུ་སྟེ་བཅོ་བརྒྱད་པའོ།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།