སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་བདུན་པ། ལས་ལྔ་འཇམ་རྕི་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅུ་བདུན་པ། ལས་ལྔ་འཇམ་རྕི་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ལས་ལྔ་འཇམ་རྩི་ནི་རུང་བ་དང་མི་རུང་བ་དང༌། །སྦྱོར་བ་དང་བཏང་ཐབས་དང་ཕན་ཡོན་དང་ཉེས་དམིགས་སོ།

འཇམ་རྩི་རུང་བ་ནི་རླུང་སྐྲན་ལྟོ་སྦོས་རྩམ་པ་འཁྲུ། །ཁུ་བ་ཟད་པ་དང་ཟླ་མཚན་འབྱམས་པ་དང༌། །རྒྱུ་ལོང་མཁལ་རྐེད་གྲང་བ་རྒྱས་པ་དང༌། །སྟོབས་ཆུང་སྨད་སྲིན་རླུང་ནད་ཀུན་ལ་བཏང༌།

འཇམ་རྩི་མི་རུང་བ་ནི་དམུ་འོར་ནད་དང་ཡི་ག་འཆུས། །དུག་ནད་མཆིན་པ་རྒྱུ་ལོང་སྣོད་ཚད་དང༌། །ཚིལ་ཆེས་མ་ཞུ་བད་ཀན་རྒྱས་ལ་སྤང༌།།

སྦྱོར་བ་སླེ་འཇམ་དང་བཀྲུ་འཇམ་དང་བཀྲུ་མ་སླེནགསུམ །དེ་གསུམ་པོ་རླུང་རྐྱང་པ་དང་མཁྲིས་པ་ལྡན་པ་དང་རླུང་དང་བད་ཀན་ལྡན་པ་ལ་རིམ་པས་སྦྱར།

དང་པོ་རླུང་རྐྱང་པ་ལ་ལུག་ཤ་དང་འབྲི་ཡི་འོ་མ་དང་དེའི་མར། །རུ་རྟ་དེ་བ་དཱ་རུ་གཙང་འགྲམ་སྟུག་པོར་སྒྲོན་ཤིིང་དང་པི་པི་ལིང༌། །རྒྱམ་ཚྭ་ཨ་རུ་ར་སྦྱར་སླེ་འཇམ་ཡིན

གཉིས་པ་རླུང་མཁྲིས་ལྡན་ལ་ཆུར་གནས་ཉ་སྦལ་ལྕོང་སོགས་ཀྱི་ཤ་ཁུ་དང་འི་འོ་མ་དང་དེའི་མར། །གོང་གི་སྨན་གྱི་སྟེང་དུ་དུར་བྱིད་སྦྱར་བ་བཀྲུ་འཇམ་མོ

གསུམ་པ་བད་རླུང་བ་ལ་མེད་པའི་སྐམ་སའི་ཤ་ཁུ་རའི་འོ་མ་དང་མར། །གོང་གི་སྨན་གྱི་སྟེང་དུ་སོ་ཆ་སྦྱར་བ་བཀྲུ་མ་སླེནཡིན་ནོ

བཤད་མ་ཐག་པ་དེ་རྣམས་ཀྱི་མར་རབ་ཡིན་ཤ་ཁུ་འབྲིང་ཡིན་ལ་འོ་མ་ཐམ་ཡིན་ནོ །ཤ་གྲོགས་འོ་མ་དང་འོ་གྲོགས་ལ་མར་ཉིད་གཅེསཔར་བཤད།

དེ་ནས་ཁ་འཛིན་རླུང་རྐྱང་པ་ལ་ཤིང་ཀུན་ཁ་རུ་ཚྭ། རླུང་དང་བད་ཀན་ལྡན་པ་ལ་བཅའ་སྒ་དང་པི་པི་ལིང། རླུང་དང་མཁྲིས་པར་ལྡན་པ་ལ་སླེ་ཏྲེས་ཀྱི་ལྕེ་བ། །སྐྲན་ལ་རྒྱ་ཚྭ་སྲིན་ལ་བྱི་ཏང་ག །ཕོ་ལོང་སྦོས་ལ་རུ་རྟ་སྡེབ་པར་བྱ།

བཏང་ཐབས་ཁྱོར་གང་ཕུལ་གང་ཕུལ་ལུ་ཕྱེད། བཞོས་ཐོག་གི་འོ་མའི་དྲོད་ཙམ་བསྲོས་ལ་གྲོད་པར་བླུག་ཐུབས་ཐུར་གཅེ་འུ་ཡིས། །དགོང་དུས་རྐུབ་ནང་གི་བཤང་བ་བསལ་ལ་ལུས་ཀྱི་བཅས་སྟོད་དམའ་སྨད་མཐོ་ཁ་སྦུབ་བྱས་ལ། །ཡན་ལག་བརྒྱད་པར། མཐོ་དམན་མེད་པར་མགོ་སྨད་ཉལ། གློ་གཡོན་གྱིས་ནི་ཕབ་ནས་སུ། །རྐང་པ་གཡས་པ་བཀུག་ནས་ནི། །རྐང་པ་གཡོན་པ་བརྐྱང་བར་བྱ། །དེ་ནས་དེ་ལ་གཅེའུ་ཁ་དང་། །གཞང་སྒོ་སྣུམ་གྱིས་བསྐུས་ནས་ནི། །གཅེའུས་ལྒང་པའི་དབུགས་བཏོན་ལ། །ཞེས་ཀྱང་འབྱུང་ངོ། །གྲོད་པའི་ནང་གི་དབུགས་ཕྱིར་བཏོན་ལ་རྐུབ་མ་སྣད་གཅེའུ་བཅུག་ལ་གྲོད་པ་བརྩིར་ཞིང་བཏང༌། དེ་འཕྲལ་ལུས་གན་རྐྱལ་དུ་ཉལ་ལ་སྟོད་དམའ་སྨད་མཐོ་བར་རྐུབ་བཅོས་རྐང་མཐིལ་གྱིས་བརྡུང༌། གལ་ཏེ་སྨན་རྐུབ་ནས་འཛག་ན་རྐང་མཐེབ་ནས་བཟུང་གནམ་དུ་བཏེག་ལ་གསིག །སྔས་སྨད་འཕོངས་སྟོད་གན་རྐྱལ་དུ་མ་གྲང་པར་གོས་དྲོ་བར་གྱོན་ལ་བསྙལ། དེ་ཡང་སླེ་འཇམ་དབྱུང་བའི་དུས་ཚོད་ནི་ཉི་ནུབ་ལ་བཏང་བས་སྲོད་དུས་འབྱུང་བ་ཡིན། །དེ་བར་མ་བྱུང་ན་ནི་རུ་ཧ་ཡིས་བསུ། །རླུང་ཤས་མེ་དྲོད་ཆེ་ལ་སྨན་བསྟུད་ལ་བཏང༌། །དེ་མ་ཡིན་ན་ལྕག་ལན་བཏང་བར་བྱ།

ཕན་ཡོན་ནི་རླུང་ཁ་གནོན་ཅིང་བད་ཀན་དང་མཁྲིས་པའི་ནད་ཞེན་པ་སློང༌བར་བྱེད་དོ །བཏང་དྲགས་ན་ཡི་ག་འགག་ཅིང་མེ་དྲོད་འཆི

ནི་རུ་ཧ་དང་སྤེལ་ན་གནོད་མེད་ཅིང་ནད་ཀུན་འདྲེན། །དེ་ཕྱིར་ལུས་ཟུངས་ངན་པ་དང་ནད་རྙིང་གསོ་བ་དཀའ་བ་ལ། འཇམ་རྩི་གཅིག་དང་ནི་རུ་ཧ་གཉིས་སྤེལ་གྱིན་ལན་མང་པོ་བཏང་བས་ཆོགཔ་ཡིན་ནོ། །ཅེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔ་འཇམ་རྩིའི་ལེའུ་སྟེ་བཅུ་བདུན་པའོ།  །

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།