སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གསུམ་པ། ལས་ལྔའི་སྔོན་འགྲོ་སྣུམ་འཆོས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅུ་གསུམ་པ། ལས་ལྔའི་སྔོན་འགྲོ་སྣུམ་འཆོས་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ལས་ལྔའི་སྔོན་འགྲོ་སྣུམ་འཆོས་ལ་རུང་བ་དང་མི་རུང༌བ་དང་ །བསྟེན་ཐབས་དང་ལེགས་པ་དང་ཉེས་པ་དང་དེ་ཡི་ལོག་གནོན་ནོ།

སྣུམ་བཅོས་རུང་བ་ནི་རྒས་པ་སྦེག་ལུས་རིད་པ་སྟོབས་ཆུང་བ་སེམས་ལས་ཆེ །ལྟོ་སྐྱ་བ་ཁྲག་མང་པོ་ཟགས་པ་ཁོང་རྩུབ་པ་ལུས་ཀྱི་ཁུ་བ་ཟད །རླུང་ཆེ་བ་མིག་འགྲིབས་པ་སྦྱང་བ་དགོས་པ་རྣམས་ལ་བཏང༌།

སྣུམ་བཅོས་མི་རུང་བ་ནི་མེ་དྲོད་ཆུང་བ་མ་ཞུ་འཁྲུ། །དྲེག་གྲུམ་དབྱིག་དུག་ཡི་ག་འཆུས་པ་དང༌། །བད་ཀན་སྐྱུག་ནད་སྐོམ་དད་ཆེ་ལ་སྤང༌

བསྟེན་ཐབས་སྤྱི་དང་བྱེ་བྲག་རྣམ་པ་གཉིསལས །དང་པོ་ཡུངས་དཀར་སོགས་འབྲུ་མར་ཞུན་མར་རྩི་མར་བཞུ་བ་དང་སྲོག་ཆགས་གང་རུང་གི་རྐང་མར་དང་ཚིལ། །ལུས་དང་མགོ་ལ་བསྐུ་བ་དང་འཇམ་རྩི་ཁོང་དུ་བཏང༌། །རྣ་བ་མིག་དང་མཁུར་བཀང་སྣ་ནས་དགང༌། །ནད་དང་ཇི་ལྟར་འཚམ་པ་བཞིན་དུ་སྦྱར། སྣུམ་དེ་བཟའ་བའི་ཐུན་ཚད་ཆེ་ཆུང་གི་མེ་དྲོད་དང་འཇུ་སྟོབས་དཔག དང་པོ་ཆུང་བར་འབྲིང་དེ་རྣམས་ཆེན་པོ་རིམ་པས་བསྐྱེད་ལ་བཏང༌། །རྟག་ཏུ་ལྟོ་སྐྱིད་སྣུམ་ལ་གོམས་པ་ལ། །སྔོན་ལ་བྲ་སྲན་སོགས་བཏང་བའི་རྩུབ་འཆོས་བྱས་ལ་དེ་རྗེས་བསྟེན། །ལྟོ་སྐྱ་ཁོང་རྩུབ་ལ་སྣུམ་གཏོང་ན་ལན་ཚྭར་སྡེབ། །སྣུམ་འཆོས་ཀུན་ལ་ཆུ་བསྐོལ་ཚན་མོ་འཐུང་པ་འཇུ་རྩི་ཡིན། །སྔོ་ངད་རུལ་སྐྱུར་རྗེན་ཟས་སྤང་བྱས་ལ། ཡང་ཞིང་དྲོ་ལ་བཙོས་ཟན་དང་ཡོས་ཆག་སོགས་འཇུ་སླ་ཅུང་ཟད་བསྟེན། །བུད་མེད་དྲག་ཤུལ་མྱ་ངན་མང་དུ་སྨྲ། །རྟ་ཞོན་ཉིན་གཉིད་ཆུ་རླུང་དུད་པ་སྤང༌།

ཁྱད་པར་སྨན་མར་ལ་སོགས་ཞི་བྱེད་སྣུམ། །ལྟོ་སྟོང་ལ་ཟས་དང་མ་སྦྲགས་པར་སྨན་རྐྱང་པར་བཏང༌། །ཚེ་རིང་མེ་དྲོད་སྐྱེད་ཅིང་དྲན་པ་གསལ། །བློ་འཕེལ་བར་འདོད་ལ་ཞུན་མར་བསྟེན་པར་བྱ། །རླུང་འཕེལ་བའི་ག་ཆད་དང་ལྟོ་སྲ་བ་དང་ལུས་མཁྲང་བར་འདོད་པ་འབྲུ་མར་ཕན། །དྲོད་ཆེ་བུ་བཙས་རྗེས་དང་ཆགས་པ་སོགས་འབད་པ་དང་རྩོལ་བས་དུབ། །ཟུངས་ཟད་རྩ་སྦུགས་འགགས་པ་ལ་རྐང་ཚིལ་ཕན། །རྨ་དང་མེས་ཚིག་རུས་ཚིགས་ན་བ་དང༌། །ལྟོ་བ་དང་མངལ་དང་རྣ་ཀླད་ན་ལ་ཚིལ་མཆོག་ཕན། །ཞུན་མར་ནི་དགུན་དུས་མེ་དྲོད་བཟང་བའི་བསྔགས་འབྲུ་མར་ནི་དབྱར་མེ་དྲོད་ཆུང་བས་བཏང་བསྔགས། །རྐང་དང་ཚིལ་ནི་དཔྱིད་དུས་ཚད་པ་ཆེ་བས་ཉིན་མོར་བསྔགས་པ་ཡིན། །སྦྱོང་བྱེད་ཀྱི་སྔོན་འགྲོར་སྣུམ་འཆོས་ནི་ཐོ་རངས་ཞུན་མར་བཏང༌། །ཁོང་སྣུམ་པའི་བར་དུ་བསྟེན་གྱི་དེ་ནས་མི་ཕན་འདྲེད

          ཟུངས་ཟད་པ་སྟོབས་བསྐྱེད་པའི་སྐབས་བརྟ་བྱ་བྱིས་པ་རྒས་དང་སྐྱིད་པར་འདུག །སྣུམ་འདྲིས་མེ་དྲོད་ཆུང་དང་སྐོམ་དད་ཆེ། །སྟོབས་ཆུང་སོས་དུས་ཤ་ཁུ་ཡོས་ཐུག་འབྲས། །སྦྲང་དང་བུ་རམ་ཞུན་མར་སྦྱར་ཏེ་བཏང༌། དེ་ནི་འཇུ་སླ་དང་ག་མི་འགག་སྟོབས་སྐྱེད་མཆོག །དེ་དག་ཟོས་རྗེས་ཟས་གོང་ཟས་བར་དུ། །སྣུམ་བསྟེན་ལུས་ཀྱི་ཟས་བཟོས་རྗེས་སྟོད་ཟས་གོང་དང་སྨད་ཟས་ཟས་པར་ཐ་མ་བར་ལ་ཤིས།

སྣུམ་བཅོས་ལེགས་ན་ཁོང་སྣུམ་གྱུར་ཚད་རླུང་བདེར་རྒྱུ། །བཤང་བ་མི་སྲི་དྲོད་ཆེ་སྣུམ་མི་འདོད། །ཕན་ཡོན་མདོག་སྟོབས་དབང་གསལ་རྒས་ཀ་སྲ།

སྣུམ་བཅོས་དྲགས་ན་གྱེན་ཁ་དང་ཐུར་བཤང་ལམ་ནས་སྣུམ་འབྱུང་དང་ག་འགག །དཔྱིད་སོས་འབྲུ་མར་བསྟེན་ན་བད་མཁྲིས་སློང༌། །དགུན་དུས་ཚིལ་བསྟེན་ན་ལུས་འཁྱགས་ནད་མ་ཞུ་སྐྱེདདོ།

ལོག་གནོན་ནི་བཀྲེས་པ་དང་སྐོམ་པར་བྱས་ཞིང་ཕོ་བར་དུགས་བྱ་སྐྱུག་ཏུ་གཞུག །སྲན་མ་དང་སོ་བ་དང་དར་བ་རྙིང་ནི་དར་བ་རས་པ་དྭངས་ཆངསོ་བ་ཡོས་ཆང་རྙིང་པའི་དྭངས་མ་ཨ་རག་བསྟེན། །ཞེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔའི་སྔོན་དུ་འགྲོ་བ་སྣུམ་འཆོས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།  

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།