སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

      དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཞི་བྱེད་སྡེ་བརྒྱད་དང་རིན་ཆེན་སྦྱོར་བ་རྣམསཀྱི །གསོ་བྱའི་ནད་ལ་མི་སེལ་བ་འགའ་ཡང་མེད་ཀྱང༌། །ནམ་ཞིག་ལྔ་བརྒྱའི་ཐ་མ་སྙིགས་མ་ལྔ་བདོ་བའི་དུས་སུ་སླེབ་ཙམ་ན། །དབུལ་པོའི་ནད་པ་རྣམས་ཀྱིས་བསླུར་མི་ཐེགཅིང་། །མཐའ་འཁོབ་བོད་ཀྱི་ཡུལ་དུ་བཙལ་བས་དེ་འཚོལ་རིང་རྙེད་པ་དཀའ། །ཐག་རིང་ཡུལ་དུ་བཙལ་བས་ནད་པ་འཆོར། །དེ་ཕྱིར་ས་ལ་སྐྱེས་པའི་སྔོ་རྣམས་ཀུན། །སྐྱེས་ཚད་མཐོང་ཚད་སྨན་དུ་སྦྱར་ཐབས་ཞུ། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། །ཀྱེ་མ་ལེགས་སོ་དྲང་སྲོང་ཡིད་ལས་སྐྱེས། །ཁྱོད་ཀྱིས་ཞུས་པའི་གཏམ་ལ་དེ་ག་བདེན། །ལྔ་བརྒྱ་དུས་ཀྱི་ཐ་མར་སླེབ་པའི་ཚེ། །སྐྱེས་ཚད་མཐོང་ཚད་སྨན་དུ་མ་འཁོལ་ན། གཞན་ནུས་ལྡན་དཀོན་པས་བཙལ་དུ་ག་ལ་རྙེད། །དཔེར་ན་ལྷ་དང་ཀླུ་ཡི་ནོར་བུ་འདྲ། གལ་ཏེ་རྙེད་ཀྱང་དབུལ་པོའི་ནད་པས་ཅི་ལ་ཐེགསྟེ་མི་ཕན་ལ། །དཔེར་ན་ཟོང་མེད་པའི་ཚོང་དུས་སུ་འཁྱམ་པ་དང་འདྲ། །དེ་བས་མཐའ་འཁོབ་དབུལ་པོའི་ནད་བསལ་ཕྱིར། །བྱམས་པའི་སེམས་ཀྱིས་སྔོ་ཡི་སྦྱོར་བ་བསྟན། འོན་ཀྱང་ནུས་པ་རྩི་བས་སྔོ་རང་ཆེབ་ཡང་ཡིན །ག་བུར་ཉིད་ཀྱང་ཟིལ་གྱིས་གནོན་པར་ནུས། སྔོ་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད། །དེ་ལ་གཅེས་པའི་ཡན་ལག་བདུན་ལྡན་དགོས། སྔོ་སྐྱེ་བའི་སྣོད་སར་སྐྱེས་པ་དང་དུས་སུ་བཏུས་པ་དང༌། །སྐམ་གསེད་ལེགས་པ་དང་སོ་མ་རྙིངས་པ་དང༌། །དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ སྔོ་སྐྱེ་བའི་ས་ནི་ས་ཕྱོགས་གཙང་ཞིང་ཉམས་དགའ་བ་བུདྔྷ་སངས་རྒྱས་ཀྱི་ཞབས་ཀྱིས་བཅགས །བཀྲ་ཤིས་ཡོན་ཏན་ལྡན་ཞིང་ས་གཞི་ཚ་སྒོ་དང་གསོག་མ་སོགས་མེད་པ་གཤིན། །གངས་ཅན་དུ་བསིལ་སྨན་དང་འབིགས་བྱེད་དུ་དྲོད་སྨན་སྐྱེད་དེ་བསིལ་དྲོད་རང་རང་གི་གནས་སུ་སྐྱེསཔའི་ཕྱིར། །སྨན་སྐྱེ་ཡུལ་གྱི་སྐབས་འདིར་བཤད་པའི་གངས་ཅན་དང་འབིགས་བྱེད་ནི རི་ཐམས་ཅད་ཀྱི་བྱང་ངོས་སྲིབ་ལ་གངས་ཅན་དང་ལྷོ་ངོས་གདགས་ལ་འབིགས་བྱེད་དུ་བཏགས་པ་ཡིན་གྱི། རི་བོ་གངས་ཅན་དང་འབིགས་བྱེད་དངོས་ནི་མ་ཡིན་ཏེ་བསིལ་དྲོད་དང་ཉི་ཟླའི་སྟོབས་ལྡན་ཞེས་གསུངས་པའོ། །དེ་ལྟར་ཡང་ཡན་ལག་བརྒྱད་པར། གངས་ཅན་འབིགས་བྱེད་རི་ཡིས་ནི། །ས་གཞི་ཐམས་ཅད་ཁྱབ་པ་ཡིན། །དེ་ལས་དང་པོ་བསིལ་གྱི་སྡེ། །འབིགས་བྱེད་རི་ཡིས་ནི། །ས་གཞི་ཐམས་ཅད་ཁྱབ་པ་ཡིན། །དེ་ལས་དང་པོ་བསིལ་གྱི་སྡེ། །འབིགས་བྱེད་སྨན་ནི་མེའི་རང་བཞིན། ཞེས་གསུངས་སོ། དེ་ཡང་ཉི་ཟླའི་འོད་ཕོག་པས་བསིལ་དྲོིད་སྟོབས་དང་ལྡན་པ་དེ་འདྲ་བ་ལ་སྐྱེ་སར་སྐྱེས་པ་ཞེས་བྱའོ།

          བཏུ་བའི་དུས་རྩ་བ་དང་ཡལ་ག་དང་སྡོང་པོ་དང་གསུམནི །སྡོང་པོའི་རིགས་ཡིན་པས་རུས་པ་དང་རྩ་དང་འི་ནད་སེལབས་དེ་རྣམས་ནི །སྟོན་ག་རྩི་ཐོག་སྐམ་པའི་དུས་སུ་བཏུ་བར་བསྔགསསོ །ལོ་མ་དང་ཞོ་དང་མྱུ་གུ་དང་རྣམ་པ་གསུམནི །ལོ་མའི་རིགས་ཡིན་པས་སྣོད་དྲུག་དང་རྐང་དང་ལྷ་བའི་ནད་སེལབས་དེ་རྣམས་ནི དབྱར་དགུན་འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགསསོ །མེ་ཏོག་དང་འབྲས་བུ་དང་རྩེ་མོ་དང་རྣམ་པ་གསུམནི་ །འབྲས་བུའི་རིགས་ཡིན་པས་མིག་དང་དོན་ལྔ་དང་མགོ་བོའི་ནད་སེལབས་དེ་རྣམས་ནི །སྟོན་ཀའི་སེར་ལངས་ཤིང་འབྲས་དྲུག་སྨིན་པའི་དུས་སུ་བཏུ་བར་བསྔགསསོ །སྐོགས་པ་དང་བར་ཤུན་དང་ཚི་བ་དང་རྣམ་པ་གསུམནི །ཤུན་པའི་རིགས་ཡིན་པས་ལྤགས་པ་དང་རྒྱུས་པ་དང་ཡན་ལག་གི་ནད་སེལབས་དེ་རྣམས་ནི སྔོ་ཞིང་ཁ་འབུས་པ་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགསསོ །བཤལ་སྨན་རྣམས་ནི་རྩི་ཐོག་སྐམས་པའི་ཆུའི་ནུས་པ་སའི་གཏིང་དུ་འགྲོའི་དུསསྟོན་འཇུག་དང་ །སྐྱུགས་སྨན་རྣམས་ནི་སྔོ་ཞིང་ཁ་འབུས་མེ་རླུང་གི་ནུས་པ་གྱེན་འདྲེན་པའི་དུས་སུ་སོ་ག་བཏུ

          ཁྱད་པར་དུ་ཟླ་བ་ཡར་ངོའི་དུས་བཟང་ལ། །གཙང་མའི་བྱིས་པ་ཁྲུས་བྱས་མཛེས་པར་བརྒྱན། སྨན་བླའི་གཟུངས་སྔགས་དང་རྟེན་འབྲེལ་སྙིང་པོ་སོགས་བཟླ་ཞིང་བཏུ༌།

          དུག་དང་ཕྲལ་བ་ནི་འདིའི་སྐབས་ཀྱི་དུག་ནི་རྩུབ་ཅིང་འཇུ་དཀའ་བའི་དོན་ཡིན་གྱི་ཁ་གཅིག་གིས་རྩ་བ་ལ་དུག་ཡོད་པ་བཙན་དུག་ལྟ་བུ་སྤང་ཞེས་བཤད་པ་ནི་མ་བརྟགས་པ་ཏེ་འོག་ཏུ། དུག་ཕྲལ་སྨན་ནི་འཇམ་ཞིང་འཇུ་བ་སླ། ཞེས་གསུངས་པ་དང་མ་འབྱོར་པས་སོ།  །རྩ་བ་དང་སྡོང་པོ་གཉིས་རྩ་བའི་དུག་ལྤགས་པ་དང་སྡོང་པོའི་དུག་རྐང་དེ་ཉིད་དུགཡིན། །རྩ་བའི་སྨན་ལ་རྩ་བ་དེ་གའི་པགས་ཤུན་དུག་ཡིན་ལ་སྡོང་པོའི་ནང་གི་རྐང་སྐྱ་སོབ་དེ་དུག་ཡིན་ནོ།  །ཡལ་གའི་སྨན་ལ་ནི་དེ་གའི་ཚིགས་པ་དེ་དུག་ཡིན་ལ་དེ་གའི་ངར་པ་ཞེས་པ་ལོ་མའི་རྐང་ངམ་ཡུ་བའི་མིང་ཡིན་སྨན་ལ་ནི་ལོ་མའི་དུགཡིན་ནོ། །མེ་ཏོག་གི་སྨན་ལ་གོས་མེ་ཏོག་དེ་གའི་གོས་ཏེ་མེ་ཏོག་གི་ཟེའུའི་པགས་པ་དེ་དུག་ཡིན་ལ་འབྲས་བུ་དུག་རུས་པ་དེ་འབྲས་བུའི་སྨན་གྱི་དུགཡིན་ནོ། །ཞོ་དང་རྐང་དང་ཚི་བ་དང་གསུམ་ལ་དུག་མེད་དེ། ཞོ་ཞེས་པ་སྨན་དེའི་བཅད་མཚམས་ཀྱི་ནུ་ཞོ་འཛགས་པའི་རིགས་དང་། ཚི་བ་ཞེས་པ་ནི་ཐང་ཆུའམ་ཤ་པགས་བར་གྱི་ཤུན་པ་སྲབ་མོ་འབྱར་བག་ཡོད་པ་དེ་ཡིན་ལ། འདིར་རྐང་ཞེས་པ་སྔར་སྡོང་པོའི་སྨན་ལ་རྐང་དུག་དུ་གསུངས་པ་དང་འགྲེལ་པར་དབུས་ཀྱི་རྐང་དང་ཞེས་བྱུང་བས། རྐང་གི་ནང་སྐྱ་སོབ་དེ་ཡིན་དགོས་ཀྱི་དེ་མིན་སྡོང་པོའང་། རྐང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་སླར་རྐང་ཞེས་གསུངས་པ་ལ་སྣང་ངོ་།  པགས་པའི་ཕྱིའི་དྲེག་པ་ནི་ལྤགས་པའི་སྨན་གྱི་དུག་ཡིན་ལ་ཤ་གདན་ནི་བར་ཤུན་སྨན་གྱི་དུགཡིན་པས། །དུག་དེ་རྣམས་དང་ཕྲལ་ན་སྔོ་སྨན་དེ་ནི་འཇམ་ཞིང་འཇུ་བ་སླབ་ཡིན་ནོ།

          སྐམ་གསེད་གང་ཡང་བཏུ་དུས་བརྡུངས་ཤིང་ཁུ་བ་མ་ཕྱུང་བ་རྨ་ཕབ་ལ། །བསིལ་སྨན་རྣམས་གྲིབ་མ་དང་ལྷགས་པས་སྐོམས་དྲོད་སྨན་རྣམས་མེ་དང་ཉིས་སྐེམ། དྲོད་སྨན་རྣམས་བསེར་རླུང་གྱིས་མ་ཞིག་བསིལ་སྨན་རྣམས་མེ་དང་ཉིས་མ་གདུངས་པ། བསིལ་དྲོད་ཐམས་ཅད་ལ་དུ་བ་མ་ཕོག་པ་དང་སྨན་གཞན་གྱི་དྲི་མ་མ་གོས རང་རང་གི་ནུས་པ་དང་ལྡན་པ་ལ་ནི་ཡོན་ཏན་དཔག་ཏུ་མེདདོ།

          དེ་ཡང་སོ་མ་སྟེ་རྙིངས་པ་ལོ་དུས་མ་ལོན་པཁོ་ན་དགོས་ལ ལོ་དུས་འདས་པ་ནི་ནུས་པ་འཆོར་ཕྱིར་ལོ་དུས་སུ་རྙིང་པ་དོར་གསར་པ་སྒྲུབ་ཅིང་སྤོ

          འཇམ་བཙལ་བ་ནི་གསུམ་སྟེ་སྦྱོར་བས་འཇམ་པ་དང༌། །ཁ་འཛིན་འཇམ་དང་གཉན་པོས་འཇམ་པའོ། །སྦྱོར་བས་འཇམ་པ་ནི་རིགས་མཐུན་མང་པོ་སྣ་སྤྲད། །ཁ་འཛིན་གྱི་འཇམ་པ་ནི་ཕོ་བ་དོན་སྣོད་རྣམས། །གང་ལ་བབས་པའི་ཁ་འཛིན་གྱི་སྨན་དང་བཅས་ཏེ་བསྟེན། །གཉེན་པོས་འཇམ་བཙལ་བ་ནི་སྔོ་རྣམས་ཐམས་ཅད་ཀུནརྩུབ་པས ལུས་ཀྱི་རླུང་འབུད་ཕོ་བའི་མེ་དྲོད་གསོད་ལུས་ཟུངས་སྐེམཔར་བྱེས་པས །དེའི་ཕྱིར་རླུང་གནོན་པའི་ཤ་ཆེན་བུར་རྙིང་སྟེ། །ཕོ་བའི་མེ་གསོ་བའི་ཕྱིར་སེ་འབྲུ་པི་པི་ལིང༌། །ལུས་ཟུངས་རྒྱས་པར་བྱེད་པ་ལ་ཨ་རུ་རརྣམས་སྔོ་སྦྱོར་ཐམས་ཅད་ལ་བསྣན་ནོ །དེ་རྣམས་མ་འཛོམ་ན་སྔོ་རྣམས་ཎྜ་བྱས་ན་ཤིས་པ་ཡིན

          འཕྲོད་པར་སྦྱར་བ་གནད་གསུམ་སྦྱོར་བ་དང་ཁ་འཛིན་གཉེན་པོས་འཇམ་རྩལ་བ་ཤེས་པ་ཡིས། བསིལ་དྲོད་མ་འདྲེས་མཐུན་བསྡེབས་སྦྱར་བྱས་ཏེ། དེ་ཡང་ཚ་སེལ་དང་གྲང་སེལ་གཉིས་སུ་ཤེས་པར་བྱ།

          ཚ་སེལ་ལ་ཐུན་མོང་བ་དང་ཁ་སྒྱུར་གཉིས། །ཐུན་མོང་སྔོ་སྦྱོར་རྒྱལ་པོ་བཙུན་མོ་སྲས། །བློན་འབངས་དམག་དཔོན་དམག་མི་ཆིབས་པར་བཅསའི་སྦྱོར་བ་བྱ་ཡིན་ཏེ ཡང་འདི་ལྟར་རྒྱལ་པོ་ཟླ་བ་བསིལ་བའི་གཡའ་ཀྱི་མ་བདུད་རྩི་སྟེརིགས་བཞི་ངོ་བོ་གཅིག། །བཙུན་མོ་རེ་སྐོན་སྲོ་ལོ་དཀར་པོ་འཇིབ་རྩི་པྲི་ཡང་ཀུ་སྲས། །བློན་པོ་ནི་དུག་དང་འཁྲུགས་ལ་སྒོང་ཐོག་པ་དང་རིམས་ལ་པར་པ་ཏ། མཁྲིས་ཚད་ལ་ཏིག་ཏ་ཚད་རྙིང་ལ་སྤང་རྩི་དོ་བོ་འཁྲུགས་ཚད་ལ་ཧོང་ལེན་མཁྲིས་ཚད་རྙིང་པ་ལ་ཀྱི་ལྕེ་དཀར་པོའམ་ཤ་ལང་འབངས། དེ་ལྟར་བློན་འབངས་དྲུག་པོ་ནད་རིགས་སོ་སོ་ཁ་བསྒྱུར་ཏེ། །ཐུན་ལོག་སྦྱར་བ་ནི་ནད་འཇོམས་པའི་དམག་དཔོན་ཡིན། །དམག་མི་ནི་བསིལ་བའི་སྔོ་སྨན་སྣ་གང་ཚོགས་ཚད་སྦྱར། །འདི་རྣམས་ཀྱི་ཆིབས་པ་གངས་ཀྱི་ཆུ་ལ་བསྐྱོན། །མ་སྨིན་གབ་ཚད་ལ་ཆུ་སུམ་གཉིས་བསྡུས་པ་དྲོད་འཇམ་གྱིས་བཏང།། ཚ་བ་རྒྱས་པའི་དུས་ན་ཆུ་བསིལ་ཆུ་མ་བསྐོལ་བ་ཤིས། །རྙིངས་ཚད་ལ་ཆུ་བསྐོལ་བསྡུས་གྲངས་སྟོངས་ཚད་ལ་ཆུ་བསྐོལ་ངད་ཡལ་བསྟེན ཁ་བསྒྱུར་སྔོ་སྦྱོར་བདུན་པ་སྦྱར་ཐབས་ནི། །ཧོང་ལེན་སྤང་རྩི་རེ་སྐོན་ཀྱི་ལྕེ་བཞིཔོ འདི་ནི་གཙོ་བོ་རྒྱལ་པོ་སྡེ་བཞིས་གཞི་བཟུང་ལའགྱུར་བ་མེད་པ་ དེའི་བློན་པོ་སྤུན་མང་ནད་སྟེང་ཁ་བསྒྱུར་བ། སྔོ་དེ་བ་སྔོ་མྱང་རྩི་སྤྲས་སྤྲིན་སྐྲ་པརྤཏ་བཟང་རིམས་ཚད་སེལ། །སྟབ་སྤྱི་ཞུར་སེང་རྟ་ལྤགས་འབྲི་མོག་གམ་གསོ་གྱུར་རི་ཚོས་འགྲམས་ཚད་སེལ། །སྲོ་ལོ་དཀར་པོ་སྒོང་ཐོག་པ་བོང་ངདཀར་པོས་འཁྲུགས་ཚད་འཇོམས། །བོང་ང་དཀར་སེར་དམར་བྲག་སྐྱ་ཧ་(ཨ)བོ་རེ་རལ་ཏེ་གསུམ་སྦྱར་དུག་འཇོམས། །འོམ་བུའི་བར་ཤུན་སྒོང་ཐོག་བྱེ་འུལ་ཕུག་གིས་ཤ་དུག་འཇོམས། །གང་ག་ཆུང་དང་བཙོད་དང་བོང་དཀར་པོ་ངས་ཚད་འཁྲུ་འཇོམས། བོད་ཀྱི་སྲན་མ་ནག་རིལ་གཡེར་དངོས་ཀྱི་ཤིང་བཙོད་ཀྱིས་འབྲུམ་ནག་སེལ། ཐང་ཕྲོམ་དཀར་པོ་ཆིག་ཐུབ་སྟག་ཤ་མིང་ཅན་གག་ལྷོག་འཇོམས། ཨ་བྱག་གཟེར་འཇོམས་དུག་པུས་ར་དུག་པའི་མེ་ཏོག་སྤྲུ་ནག་གི་རྩབ་ས་གཉན་གཟེར་འཇོམས། །མ་པ་ཏྲ་ནུ་ལུག་མིག་ཆུང་གི་ཁུར་རྩས་སྨུག་པོ་སེལ། །སྟབ་སྤྱི་ཞུར་སེང་ཨ་བྱག་ཚེར་སྔོན་སྲོལ་གོང་མགོ་ཆག་གསོ། །རྣམ་ཡུ་གུ་ཤིང་པར་སེར་པོ་ཁྲག་རྐང་མྱང་རྩི་པྲས་འབམ་པོས་ཡན་ལག་གི། །ཆུ་འཐུང་སྒོང་རིལ་ཐལ་བ་ཚད་པ་གཅོག་པར་བྱེད་པ་ཡིན། སེར་པོ་རྒུ་དྲུས་སྤང་ཚན་སྤུ་གཡའ་སྤང་ལ་སྐྱེ་སྤུ་དཀར་པོ་ཅན་རུ་དར་ཡ་ཀན། །བྱང་ཁོག་དོན་འབྱོར་ཁྲག་སྐེམ་རྩ་ཆད་འཐུད། །ཕུར་མོ་དཀར་ནག་གི་ཐལ་བ་སྟག་ཤ་འགྲོན་བུའི་ཐལ་བ་ཡིས། །བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ་པར་བྱེད། །བཙོད་དང་འབྲི་མོག་ལུག་མིག་ཆུང་གི་ཁྲག་ཚད་སེལ། །རྩ་ཁུར་ཆུང་མཁྲིས་བོང་ང་དཀར་པོ་སྐྱེར་པའི་བར་ཤུན་ས་མཁྲིས་ཚད་སེལ། །སེ་བ་མེ་ཏོག་དཀར་པོ་རྒོད་སྐྱེར་པ་ཤུག་པའི་སྤ་འབྲུ་ཆུ་སེར་སེལ། སྲོ་ལོ་མཚན་དཀར་སྙི་འབན་(འབམ)པོ་བ་བྱ་རྒོད་སྤོས་རྙིངས་ཚད་སེལ། །སྲོ་ལོ་སུག་པ་འདྲ་ན་སྤང་རྒྱན་དཀར་སྔོན་གློ་ཚད་སེལ། །རྩི་སྤྲི་ཡ་ཀུ་འུ་སུམ་ཅུ་ཏིག་མཚེ་སྤྲུས་མཆིན་ཚད་སེལ། བྱ་རྒོད་སྤོས་བྱི་ཚེར་སེར་པོ་ཁྲག་རྐང་མཆེར་ཚད་སེལ། །ཤུག་ཚེར་བྱི་ཚེར་ཉི་དགལྕམ་པས་མཁལ་ཚད་སེལ། །ཁུར་མང་རྩ་བ་སྙ་ལོ་འཇིབ་རྩིཔྲི་ཡ་ཀུས་ཕོ་ཚད་སེལ། །སྙ་ལོ་བོང་ང་དཀར་པོ་བཙོད་ཀྱིས་རྒྱུ་ཚད་སེལ། སྔོ་དེ་བ་ཡུང་སྒ་སེར་བ་སྐྱེར་བའི་བར་ཤུན་ཤ་ཚད་སེལ། མེ་ཏོག་ལུག་རུ་བྲག་སྤོས་སྙི་བའབམ་པོ་ས་རྩ་ཚད་སེལ། །སྟབ་སེང་སྤྱི་ཞུར་སེ་རྒོད་ནི་གང་ག་ཆུང་རུས་ཚད་སེལ། །ཐང་དང་ཕྱེ་མ་གང་འོས་ཕོ་བའི་མེ་དྲོད་དང་ཚ་བའི་སྟོབས་དང་སྦྱར༌མེ་དྲོད་དང་ཚ་སྟོབས་
ཆུང་ན་ཐང་། མེ་དྲོད་དང་ཚ་སྟོབས་ཆེ་ན་ཕྱེ་མ་བཏང་ངོ་།
། །ཕྱེ་མ་བྱེད་ན་ཤེལ་ཀ་རས་ཁ་བླང་གཅེས་པ་ཡིན། །གྲང་སེལ་དབྱི་མོང་དཀར་ནག་ད་ལིས་སྟར་བུ་དང༌། །ཅོང་ཞི་རྒོད་བཏུལ་བཞི་ཡིས་གཞི་འགྱུར་བ་མེད་པར་བཟུང་པ་ལ། །དེ་ལ་ལ་ཕུག་ངོས་འཛིམ་བུ་དང་པི་པི་ལིང༌། །ཁ་བསྒྱུར་ཕོ་བའི་མེ་དྲོད་སྐྱེད་པར་བྱེད། །སྲན་མ་མ་ཕབས་དང་བུལ་ཏོག་རྩམ་པ་འཇུ། །ལྕེ་ཚ་སྔོ་ཟ་འབྲུ་འཛིམ་སྦྱར་སྔོ་ངད་འཇུ། །ཟེ་ཚྭ་བྱ་ཐབྱ་རྒོད་དང་གོ་མོའི་བྲུན་ལ་སྲུབ་ཀས་སྐྲན་འདྲིལ་བཤིག །བྱི་བྱི་ཚེར་བཟུང་ཟེ་ཚྭ་བ་སྤྲུས་རྡོ་སྐྲན་བཤིག །མཛེ་ཚྭ་བ་སྤྲུ་པ་ཡག་མངལ་སྐྲན་བཤིག །ལྕེ་ཚ་སྲུབ་ཀ་འགྲོན་ཐལ་དམུ་རྫིངས་སྐེམ༌། ལྕ་བ་བ་སྤྲུ་ར་མཉེས་སྐྱ་རྦབ་འཇོམས། །བྲེ་ག་རྒོད་པོ་དང་ཨ་ཀྲོང་རྩི་མཆིན་སྨན་འུས་གློ་ནད་སེལ། །སེ་རྒོད་འཇིབྲི་གུ་བ་རྩི་པི་ལིང་དྲོད་སྨན་མཆིན་ནད་སེལ། །ལྕ་བ་བ་སྤྲུ་གཟེ་མས་མཁལ་ནད་སེལ། །བྲེ་ག་ཤུག་པ་སྤ་པའི་འབྲུ་ར་མཉེས་ཆུ་སེར་སེལ། །ར་མཉེ་ཉེ་ཤིང་ཤ་རུས་གྲང་རྣག་གཅོད། དེ་དག་ལ་ཀུན་ལ་བུར་དཀར་རྟ་སྦྱར་ཆུ་སྐོལ་དབུལ། །གཞན་ཡང་ར་མཉེ་ཉེ་ཤིང་བ་སྤྲུ་ལ་ཕུག་སྔོ་ལྕ་བ་བཙོང་གི་རྩ་བ་དང་དྲུག་དང་ལོ་ལྕ་བ་དབྱི་མོང་དཀར་པོ་ལྕེ་ཚ་ཙིཏྲ་ཀ་ད་ལི་མ་ལྔ། །མེ་ར་དུག་པའི་ཏོག་གཅིག་དང་ཐང་ཕྲོམ་ནག་པོ་སྲང་དགུ་འབྲས་བུ་རྣམ་པ་གཟེ་མ་ལྕམ་པ་བཞི། །ཚ་གསུམ་ཟེ་ཚྭ་བུལ་ཏོག་ལན་ཚྭ་ཐལ་བ་ཅོང་ཞི་རྒོད་བཏུལ་གདུས་ཐང་ལ་གཉིས་དང་བུ་རམ་སྦྱར། །ཆུ་བསྐོལ་ཚན་མོས་འཕུལ་བས་གྲང་ནད་མ་ལུས་པ་སེལལོ །མཐའ་འཁོབ་ཡུལ་གྱི་སྔོ་སྦྱོར་མན་ངག་འདི། །སེམས་ལ་ལོང་ལ་བྱམས་པས་འགྲོ་དོན་གྱིས། །ཞེས་གསུངས་སོ།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྔོ་སྦྱོར་གྱི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།  དེ་ལྟར་ལེའུ་བཅུ་ནི་ཞི་བྱེད་སྨན་གྱི་མདོ་སྡེ་གཉིས་པའོ། །།

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།