སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གཅིག་པ། རིན་པོ་ཆེ་སྦྱོར་བའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅུ་གཅིག་པ།  རིན་པོ་ཆེ་སྦྱོར་བའི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ཞི་བྱེད་རྒྱལ་པོ་རིན་ཆེན་སྦྱོར་སྡེ་བཤད། སྔོན་དུ་ཐང་དང་ཕྱེ་མ་རིལ་བུ་ལྡེ་གུ་སྨན་མར་སོགས། །ཡང་དང་ཡང་དུ་བསྟེན་པས་སྨན་འདྲེད་ཅིང་ནད་མ་ཐོན །ཞི་བྱེད་དེ་རྣམས་ཀུན་གྱི་ལོག་གནོན་ནི་རིན་པོ་ཆེའི་སྦྱོར་བ་ཡིན་ལ།

དེ་ཡང་ཁྲག་མཁྲིས་བད་རླུང་སོགས་བཞི་བརྒྱ་རྩ་བཞིའི་ནདཐམས་ཅད་ རང་ལུས་ཀྱི་མགོ་དང་བྱང་ཁོག་ཡན་ལག་ལ་སོགས་པའི་རྨ་རྣམས་དང༌། གཅོང་ཆེན་དམུ་ཆུ་དང་འོར་ནད་མཛེ་ནད་འབྲས་ནད་བློ་བུར་བའི་གག་ལྷོག་གཉན་ནད་དང༌། །ཀླུ་གཉན་རྒྱལ་པོ་ལ་སོགས་འབྱུང་པོའི་གདོནཐམས་ཅད །རིན་པོ་ཆེ་ཡིས་མི་སེལ་འགའ་ཡང་མེད། །ནད་གཞི་མེད་པའི་མི་ལ་བཅུད་ལེན་གྱི་མཆོག་ཏུ་འགྱུརརོ།

དེ་ལའང་སྦྱོར་བ་ལ་ནི་ཚ་སྦྱོར་དང་གྲང་སྦྱོར་རྣམ་པ་གཉིསཡོད་ལས །རིན་ཆེན་ཚ་སྦྱོར་གསེར་དངུལ་ཟངས་ལྕགས་བཞི། །འདིར་གསེར་དངུལ་ཟངས་ལྕགས་བཞི་ལྷན་དུ་བསྲེག་པ་དང་གཉེན་པོ་ཐུན་མོང་དུ་མཛད་པ་ནི་བརྡ་སྟོམ་ཙམ་ལས་གབ་སྦས་མཛད་པ་ཡིན་པས། སོ་སོ་ལ་གཉེན་པོ་དང་སྲེག་ལུགས་ལག་ལེན་མྱོང་གྲུབ་ཤེས་པའི་རྗེས་སུ་འབྲང་བ་གལ་ཆེ། དེང་སང་སྟབས་ཡག་པ་རྣམས་ལ་ཆ་མེད་དོ།  །སྦྲང་གཤོག་ཙམ་དུ་བརྡུངས་ལ་དུམ་བུར་གཏུབསཔ་དེ་ཉེད །ཞིག་དཀའི་ཀོང་བུར་བླུག་པའི་སྟེང་དུ་དངུལ་ཆུ་ཅུང་ཟད་བླུག །དེ་སྟེང་ཚ་ལ་མུ་ཟི་སེར་པོ་བླུག་པར་བྱ། །དེ་ཡི་ཁ་རུ་ལྕི་ཐལ་དམ་པར་བསྡིག དེ་སྟེང་འདག་པས་ཁ་བཅད་སོལ་མེས་བསྲེག དེའི་སྦྱོར་བ་དངོས་ནི་ཐལ་བ་མུ་ཟི་སེར་པོ་གུ་གུལ་ནག་པོ་སོ་མ་ར། །ཤུ་དག་ནག་པོ་ཙི་ཏྲ་ཀ་དང་ཚ་བ་སྒ་པི་ཕོ་གསུམ། །རེ་སྐོན་སེང་ལྡེང་འགྲོན་ཐལ་ཞིབ་པར་བཏགས། པར་རས་དངུལ་བར་ས་ཆུ་ཞོ་ཕྱེད་སྟར་བུ་ཞོ་གཅིག་གིས་བཤིགཔ་དང་། །ཨ་རུ་ར་ཆང་གི་ཕུལ་གང་གི་ནང་དུ་སྦངས་པའི་ཁུ་བ་བ་ཆུ་ཕུལ་གང་གཉིས། །ཁཎྜར་བརྩོས་ལ་སྨན་གོང་མ་རྣམས་དང་སྦྱར། །རིལ་བུ་སྲན་མ་ཙམ་དྲིལ་ཐོ་རངས་དུས། དང་པོ་ལྔ་དེ་ནས་བདུན་དགུ་བསྐྱེད་ཆང་གིས་འཕུལ་ལ་བཏང༌། །དྲེག་དང་གྲུམ་བུ་འབྲས་དང་སུར་ཡ་མཛེ། །རྩ་ནད་ཚ་སྐྲན་དམུ་འོར་གྲང་རྣག་སྐེམ

རིན་ཆེན་གྲང་སྦྱོར་བསྟེན་ཐབས་སྦྱོར་བ་དང༌། །ལོག་གནོན་གསུམ་ལས་བསྟེན་ཐབས་རྣམ་པ་དགུནི །གཡའ་ཕྱི་བ་དང་དུག་འདོན་པ་དང་འཇམ་བཙལ་བ་དང་སྣ་ཁྲིད་དང༌། །བཤིག་པ་དང་རྩ་ཁ་དབྱེ་བ་དང་སྣོད་བཏང་བ་དང༌། །ཕྱི་བསྲུང་བ་དང་ནུས་པ་སྐྱེད་པའོ།

དང་པོ་ཚ་བ་སྒ་པི་ཕོ་གསུམ་དང་དངུལ་ཆུ་གཉིས། །གླ་ཧེལ་གྱི་ནང་དུ་གཡའ་མ་ཐོན་གྱི་ར་དུ་མཉེཞིང་ཡང་ཡང་བརྗེ །དེ་རྗེས་བ་ཆུར་འདིར་མགོ་སྨོས་ཙམ་བྱས་པའི་ཀྵ་ར་རྣམ་པ་ལྔས་བཀྲུ་དགོས་སོ་བཏགས་ལ་གཡའ་ཁུ་འདོན

གཉིས་པ་དུག་འདོན་པ་ནི་ཅོང་ཞི་སོགས་འཆིང་བརྒྱད་ཀྱི་ལྕགས་བརྒྱད་དྲི་ཆུར་སོགས་ཟ་བྱེད་ཀྱི་ཁམས་ལྔའི་ནང་དུ་སྐམས་སྐམས་བར་དཡ་བཙོཚོད་ཚད་བེར་ཀ་ཁྱག་པ་སོགས་ལག་ལེན་མན་ངག་ལྟར་ཞིབ་པར་བྱའོ།།

གསུམ་པ་མ་བཙལ་བ་ནི་པི་པི་ལིང་དང་ཕོ་བ་རིས། །ཅོང་ཞི་དང་འཇིབ་སུ་ཀ་ནག་མཚུར་དང་འཛིན་བུ་བུལ་ཏོག་དང་རྣམ་པ་ལྔ། །ནད་གཞིར་བསྟུན་ཏེ་ཚད་ལྡན་སྦྱར་བར་བྱ།

བཞི་པ་སྣ་ཁྲིད་ནི་ལ་ཆ་དབྱི་མོང་ནད་ཚ་གྲང་དང་སྤྲོད། ནད་ཚ་གྲང་གང་ཡིན་དེའི་གཉེན་པོར་གང་ཤིས་པའི་སྨན་བསིལ་དྲོད་ཀྱིས་ཁ་ལོ་བསྒྱུར

ལྔ་པ་བཤིག་པ་ནི་དངུལ་ཆུ་ཞོ་གང་ལྟ་བུ་ལ་སྟར་བུ་ཞོ་དོ་སོགས་འདི་ལ་ལག་ལེན་དང་རྫས་གཅིག་གབ་ཡོད་པ་ལོག་པོར་བཏང༌། །མཆིལ་མ་དང་འདིར་མཆིལ་མ་གསུངས་ཀྱང་དངུལ་ཆུ་བཙོ་བཀྲུ་ཆེན་མོ་འདི་ལྟར་བྱེད་ན་མཆིལ་མ་སོགས་ཀྱིས་གཤིགས་མི་དགོས་བ་ཆུས་འབྲུམ་པ་མེད་པར་མཉེ

དྲུག་པ་རྩ་ཁ་འབྱེད་པ་ནི་ཚྭ་སྡོར་གཡེར་མས་བྱ

བདུན་པ་སྣོད་བཏང་བ་ནི་དངུལ་ཆུའི་སྦྱོར་བ་གང་གཏོང་ཡང་ཟངས་ཀྱི་ཐལ་བ་སྡེབཔ་གལ་ཆེ་བ་དེའི་རྒྱུ་མཚན །ཟངས་ཐལ་མེད་ན་ལུས་ལ་དངུལ་མི་འཆགསཔར་བ་སྤུའི་ཁུང་སོགས་ནས་འཛག་གོ །རིལ་བུགཏོང་བའི་སྔོན་དུ་ཞུན་མར་ཞག་འགའ་བསྟེན།

བརྒྱད་པ་ཕྱི་བསྲུང་ནི་ཚ་བ་རྩི་མར་དང་གྲང་བ་ལ་ཏིལ་མར་སྦྱར་བའི་མར་གྱིས་བྱུག།།

དགུ་པ་ནུས་པ་སྐྱེད་པ་ནི་ནད་གང་ལའང་རིལ་བུ་ཆང་གིས་དབུལ། །ཤ་ཆང་ལྟོར་བསྟེན་སྐབས་སུ་མན་ངག་ལག་ལེན་ལྟར་བ་སྤུར་དངུལ་ཆུ་དབྱུང༌

འདིས་བསྟེན་ཐབས་དགུ་པོ་དེ་མ་ཤེས་ན་དངུལ་ཆུའི་སྦྱོར་བ་དུག་ཏུ་འགྱུརབས་ཁེ་ཉན་ཆེ དཔེར་ན་སྣོད་ངན་ནང་དུ་སེང་གེའི་འོ་མ་བཞོས་ན་སྣོད་ཀྱང་འཆག་ལ་བཅུད་ཀྱང་འབོ་བ་དང་མཚུངསསོ།

རྩ་བའི་དངུལ་ཆུ་དེ་ལ་སྦྱོར་བ་ཆིག་ཐུབ་དང་ནི་ཀུན་རྒྱུག་གཉིསལས དང་པོ་ཆིག་ཐུབ་སྟེ་དང་པོ་མུ་ཟི་སེར་པོ་འགྲོན་ཐལ་ཨ་རུ་ར། །སུག་སྨེལ་གསེར་གྱི་བྱེ་མ་བྱང་སེམས་ཕོ་མོ་གྲོང་ཆོས་ཀྱི་མ་གོས་པའི་ཁམས་དཀར་དམར་གཉིས། དེ་དག་ཀུན་དང་སྟར་བུ་མཉམ་སྟེ་སྦྲང་དང་སྦྱརལ་རིལ་བུ་བྱ །རྣག་དང་ཆུ་སེར་དམུ་ཆུ་སྐེམ་པར་བྱེད། །ཀླད་པ་འཛག་གཅོད་རྩ་ནད་བྱེར་འགྲམས་སེལ། ཅུ་གུར་ལི་ཛཱ་སུག་ཀ་བཟང་དྲུག་ཙན་དན་དཀར་དམར་འབྲས་བུ་ཨ་བར་སྐྱུར་གསུམ། །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །དོམ་མཁྲིས་རུ་རྟ་སྦྱར་བའི་རིལ་བུ་ཡིས། །ཚ་བ་རྙོགས་དང་འབྲས་དང་སུར་ཡ་རྩ་ནད་སེལ། །བཙན་དུག་ཨ་རུ་མུ་ཟི་སེར་པོ་དང་ན་གི་གླ་རྩི་དང༌། །ཤུ་དག་རུ་རྟ་གུ་གུལ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །སྦྲང་སྦྱར་རིལ་བུས་མཛེ་འབྲས་གག་ལྷོག་དང༌། །དམུ་འོར་སྐྱ་རྦབ་སྐྲངས་པ་མ་ལུས་འཇོམས། ཅུ་གུར་ལི་ཛཱ་སུག་ཀ་བཟང་དྲུག་དང་ན་གི་གླ་རྩི་ཙན་དན་དཀར་པོ་དང༌། །བསེ་རུ་དཀར་པོ་གི་ཝཾ་ཆོས་སྨན་སྔགས་རྙིང་མའི་ཨ་མྲྀ་ཏའམ་གསར་མའི་བདུད་རྩི་རིལ་བུ་ཨ་རུ་ར། །བྲག་ཞུན་བོང་ང་དཀར་དམར་ཕྱ་ཚན་གསུམམི་རྟ་ཁྱི་གསུམ་གྱི་ཕྲུག་གུ་སྐྱེས་འཕྲལ་ལ་བྱུང་བ་ཁོང་པའི་བྲུམ་རོ་འདི་ལ་རོ་ཚན་ཡང་ཟེར །ཁྱུང་སྡེར་དཔའ་བོ་སེར་པོ་དོམ་མཁྲིས་དང༌། །ཏིག་ཏ་རིགས་བཞི་གང་རུང་མ་ནུ་རུ་རྟ་སྐྱེར་པའི་བར་ཤུན། །ཀ་ར་སྦྱར་བའི་རིལ་བུས་དུག་ཚད་འཇོམས། །བསིལ་གསུམ་ཅུ་གུར་ལི་གི་ཝཾ་གླ་རྩི་བོང་ང་དཀར། །རུ་རྟ་བྲག་ཞུན་གསེར་གྱི་མེ་ཏོག་དང༌། །བྱེའུ་ལ་ཕུག་ཆར་པའི་ཉུང་མའི་ཁཎྜ་ལ། །རིལ་བུ་དྲིལ་བས་ཤ་དུག་སེལ་བར་བྱེད། །བསིལ་གསུམ་ཅུ་གུར་དང་སྟོད་སྨད་ལི་སུག་བསྒྱུར་ཙན་དན་དཀར་དམར་བ་ཤ་ཀ །ཧོང་ལེན་སྐྱུ་རུའི་རིལ་བུས་འཁྲུགས་ཚད་འཇོམས། གི་ཝཾ་བོང་ང་དཀར་པོ་ཨ་རུ་ར། །གསེར་གྱི་མེ་ཏོག་བསིལ་གསུམ་ཅུ་གུར་དང་སྟོད་སྨད་ལི་སུག་བསྒྱུར་ཏིག་ཏ་སྦྱར། །རིལ་བུས་རིམས་ཀྱི་ཚད་པ་སེལ་བར་བྱེད། སྨུག་པོ་སྦལ་རྒྱབ་མདུང་རྩེ་དམར་པོ་གངས་ཐིགས་ཅོང་ཞི་དང༌། །ཚ་ལ་གླ་རྩིའི་རིལ་བུས་འབྲུམ་ནག་སེལ། །བཙན་དུག་གླ་རྩི་གུ་གུལ་ནག་པོ་ཨ་རུ་ར། རྫིང་ན་གནས་པའི་སྦལ་པ་ནག་པོ་ཤུ་དག་ནག་པོ་རིལ་བུ་ཡིས། །ལྷོག་པའི་ནད་རིགས་མ་ལུས་འཇོམས་པར་བྱེད། བཙན་དུག་རྒྱ་ཚྭ་ཐར་ནུ་ཨ་རུ་ར། །རུ་རྟ་ཁྱི་ཡི་མཆེ་བའི་རིལ་བུགག་པ་སེལ། །སྤང་རྩི་རེ་སྐོན་བྲག་ཇ་ཧ་བོ་གང་ག་ཆུང༌། །དུག་ཉུང་དོམ་མཁྲིས་བྲག་ཞུན་རིལ་བུས་རྒྱུ་གཟེར་སེལ། །དེ་ལ་སོགས་ཏེ་མདོར་ན་ནད་གང་ལའང་དེ་དང་དེའི་གཉེན་པོ་རྣམས་དང༌། ནད་དང་བསྟུན་པའི་འདུལ་ལུགས་ཚ་གྲང་གང་ཤིས་བྱས་པའི་དངུལ་ཆུ་སྦྱར་བས་གསོ་དཀའི་ནད་རྣམས་སེལ།

གསེར་འདིར་མ་བཏུལ་བ་ས་ཕྱུང་མི་དགོས་པ་དང་རྒྱ་རུ་རྒྱ་སྐྱེགས་རྒྱ་ཚྭ་དང༌། རྒྱའི་སྣག་ཚ་སྦྲུལ་སྐྱེ་རྒྱུན་གཅོད་སྐབས་འདིར་ལྷོ་མོན་ནས་བྱུང་བའི་དུག་སྦྲུལ་གྱི་ཤ་ལ་དུག་འདོན་མན་ངག་ལག་ལེན་ལྟར་བྱས་པ་ཞིག་ངེས་པར་དུ་དགོས་པ་དང་གཅན་གཟན་སྟག་གི་ཤ་བུལ་ཏོག་དང༌། །མཛོ་ཕོ་དང་དྲེའུའི་རྒྱུངས་པ་སྦྱར་འི་རིལ་བུས་སྐྱེ་རྒྱུན་གཅོད

གཉིས་པ་ཀུན་རྒྱུག་ནི་དངུལ་ཆུ་མུ་ཟི་སེར་པོ་སྟར་བུ་དང༌། །བརྒྱ་བྱིན་དབང་ལག་སྦྲང་གྲོག་སྦྲང་བྱུང་ན་བཟང་ལ་སྦྱར་བའི་ལྡེ་གུ་ལ། །ར་མཉེ་ཉེ་ཤིང་སྦྱར་བས་བཅུད་ལེན་འགྱུར། །བསེ་རུ་དཀར་པོ་གྭ་དོར་ཤྭ་བའོ་ར་འགྲོན་ཐལ་རེ་སྐོན་དང༌། །ཟངས་ཐལ་མར་གསར་དང་སྦྱར་བའི་ལྡེ་གུས་བྱང་ཁོག་རྣག་ཁྲག་སྐེམ། །ཡ་བཀྵ་ར་འགྲོན་ཐལ་ཚ་བ་སྒ་པི་ཕོ་གསུམ། རི་དྭགས་དགོ་རུ་ཐལ་ཚྭ་ཤིང་ཚསྦྱར་བའི་རིལ་བུས་དམུ་ཆུ་སྐེམ། །བཙན་དུག་གུ་གུལ་ནག་པོ་རྨ་བྱའི་མཁྲིས་པ་སྦྱརབ་ཕྱི་ནང་ །བྱུག་དང་ལྟོར་བཏང་མཛེ་ནད་འཇོམས་པར་བྱེད། །ཐལ་ཀ་རྡོ་རྗེ་སེང་ལྡེང་སོ་མ་ར། །སྤོས་དཀར་སྦྱར་འི་རིལ་བུས་ཆུ་སེར་ནད་ཀུན་སྐེམ། །འགྲོན་ཐལ་བྲག་ཞུན་སླེ་ཏྲེས་སྦྱར་བའི་རིལ་བུས་དྲེག་ནད་སེལ། །དོམ་མཁྲིས་གུ་གུལ་ནག་པོ་སོ་མ་རཱ་ཛ་སྦྱརབའི་རིལ་བུ །ཁོང་དུ་བཏང་དང་རྨར་བྱུགས་འབྲས་ནད་སེལ། །བསེ་མ་ནུ་ཁྲག་ཅན་འབྲས་འབྲ་གོས་དངུལ་གྱི་ཐལ་བ་དར་ར་ལ་མཚུར་སྦྱར་བཏབ་པས་ཤ་རོ་གཅོད

དེ་ཐམས་ཅད་ཀྱི་ལོག་གནོན་ལ་བྱིང་ཞིང་འཐིབས་པ་བྱུང་ན་བཟང་དྲུག་ཅུ་གུར་ལི་ཛཱ་སུག་ཀ་ཀ་ར་སྦྱརབ་བཏང་ ཁོང་ནས་འཁྲུ་ན་བཟང་དྲུག་ཅུ་གུར་ལི་ཛཱ་སུག་ཀ་ཟངས་ཐལ་སྦྱར་བ་བཏང་བས་གཅོད། །ཁ་ལ་རྨ་བྱུང་བ་དང་རྒྱུ་མ་གཟེར་བ་དང༌། །ཕོ་བར་ཟས་སྨན་མི་འཇུ་ཞིང་སྐྲན་དུ་འདྲིལ་བ་ན།།གཉེན་པོའི་སྨན་པི་པི་ལིང་ཕོི་རིལ་ཅོང་ཞི་མཚུར་ནག་བུལ་ཏོག་སྟར་བུ་དྲུག་བསྐོལ་ཐང་ཚན་མོ་བཏང༌། །ཡང་ན་དེ་དྲུག་གི་ཕྱེ་མ་ཆུ་སྐོལ་ཚ་མོས་དབུལ། འདུལ་བ་མ་ལེགས་ན་གཡའ་བྲོ་ནས་དངུལ་ཆུ་ཟངས་མར་སྐྱུགས་སམ་འཁྲུ་ན་བྱུང་བ་དེ་མི་འབྱུང་བའི་དོན་ལ་སྟར་བུ་དང་བ་ཆུར་སྦངས་ནས་བཏང༌། དངུལ་ཆུ་དུག་མ་ཐོན་པའི་སྐྱོན་གྱིས་མགོ་འཁོར་བ་དང་ཁ་གདོང་གཡོ་བའམ་སྐྲངས་ཞིང་སོ་རྙིལ་ནབ་བྱུང་ན །ཤ་ཆང་ཞུན་མར་སྒོག་སྐྱ་བསྟེན་པར་བྱ། །རུས་ཚིགས་ན་ཞིང་འབྲལ་བ་སྙམ་བྱེད་ན་པི་པི་ལིང༌། །རྒྱ་ཚྭ་རྒྱམ་ཚྭ་སྟར་བུའི་གྲང་ཐང་བཏང༌། །བསྟེན་ཐབས་གཡའ་འཕྱི་བ་ནས་ནུས་པ་བསྐྱེད་པའི་བར་དགུ་པོ་ལག་ལེན་མན་ངག་དང་ལྡན་ན་ལོག་པར་སོགས་ཀྱི་སྐྱོན་གང་ཡང་འབྱུང་མི་སྲིདདོ །ཅེས་གསུངས་སོ།

དུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རིན་པོ་ཆེ་སྦྱོར་བའི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།