སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་དགུ་པ། བརྗེད་བྱེད་ཀྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་དོན་དགུ་པ། བརྗེད་བྱེད་ཀྱི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཨར་མ་ར་བརྗེད་བྱེད་འདིའི་རྒྱུ་ནི་སྨྱོ་བྱེད་དང་མཚུངས་པས་འདིར་མ་བཤད་པར། ཡན་ལག་བརྒྱད་པར། བརྗེད་བྱེ་དྲན་པ་ཉམས་པ་སྟེ། །དེ་ནི་སྙིང་སྟོབས་བློ་འཁྲུལ་དང་། སེམས་ལས་མྱ་ངན་འཇིགས་སོགས་ཀྱིས། གནོད་འགྱུར་སེམས་ལས་འབྱུང་བ་ཡིན་ཞེས་སོ། །དབྱེ་བ་རྟགས་དང་བཅོས་ཐབས་གསུམ།།

 སྤྱི་དོན་དང་པོ་དབྱེ་བ་རླུང་དང་མཁྲིས་པ་དང་བད་ཀན་དང་དུག་དང་གདོན་དང་ལྔ། །སྤྱི་དོན་གཉིས་པ་དེ་རྟགས་དང་པོ་བྱུང་ཚུལ་སྙིང་འདར་མགོ་བོ་འཐོམ། །རྔུལ་འབྱུང་སྦོ་ཞིང་སྟོབས་ཆུང་རྐང་ལག་གི་རུས་ཤིང་ན་ཡན་ལག་བརྒྱད་པར།  །གཉིད་མེད་སྐམ་ཞིང་ཡན་ལག་ན་ཞེས་སོ། ཁ་ཆུ་སྣ་ཆུ་མང་ཞིང་ནད་ལངས་དུས། །འགྱེལ་ཞིང་སོ་འཆའ་དཀྲིགས་པ་རྐང་ལག་གཡབ་པ་དང༌། །ལྦུ་བར་སྐྱུག་ཅིང་མུན་པར་ཞུགས་སྙམ་སེམས། །བྱེ་བྲག་ཏུ་རླུང་གྱུར་རྐང་ལག་འདར་རེངས་ཡང་ཡང་ལྡང༌། །མཁྲིས་པ་བཞིན་སེར་ཁ་སྐམ་སྐོམ་དད་ཆེ་ཞུ་དུས་ལྡང་། །བད་ཀན་ཚིགས་འོག་སྔ་ཕྱི་རིང་ཁྱད་པར་ཁ་ཆུ་མང༌། །དུག་གྱུར་ནད་རྟགས་མི་གསལ་ཤེས་པ་འཁྲུལ།  །གདོན་གྱུར་སྔར་བས་སྤྱོད་པ་གཞན་དུ་འགྱུར།།

སྤྱི་དོན་གསུམ་པ་བཅོས་ཐབས་སྤྱིར་རླུང་ལ་ནི་རུ་ཧ་ཕྱི་རྒྱུད་ལྟར་ལ་རེ་བཅགས་བསྣན་པ་དང་སྣ་བཤལ་འདུས་པ་དང་དུག་གདོན་ལ་དང་།  བད་ཀན་ལ་སྐྱུགས་མཁྲིས་པ་ལ་ཁྲུས་རྣོ་བས་རིལ་བུ་དྲིལ་བས་བུ་ག་ནད་ཀྱིས་བཀག་པ་དག་པར་སྦྱང༌། །འུག་པ་བྱ་རོག་བྱ་རྒོད་ཟེར་མོ་སྦྲུལ། །ཁྱི་སྤྲེ་རྟ་ཡི་ཆུ་སྒྲོ་བྲུན་དུད་བདུག །བ་སེར་ཡན་ལག་བརྒྱད་པར། བ་ནི་སེར་སྐྱའི་མཁྲིས་པ་ཡི། །སྣ་སྨན་བཏང་ཡང་མཆོག་ཏུ་ཕན། །ཁྱི་དང་ཝ་དང་བྱི་ལ་དང་། །སེང་གེ་སོགས་ཀྱི་མཁྲིས་པ་བསྔགས་ཅེས་འབྱུང་ངོ། །གང་རུང་མཁྲིས་པའི་ཁུ་བ་སྣ་སྨན་བཏང༌བར་ཤིས། །ཤུ་དག་རུ་རྟ་མར་རྙིང་སྦྲང་སྦྱར་བྱིན། །བོག་ཡུན་རིང་ན་རྐང་ལག་གི་སོར་མོ་ཉི་ཤུའི་ནེའུ་ལེ་དང་སེན་མོའི་རྩ་བ་བསྲེག །འཇམ་རྩི་བུར་ཆང་བཏང་ཞིང་རླུང་གསང་བསྲོ། །སྲོག་རྩ་མྱོས་བྱེད་གསང་ནུ་རྒྱབ་མཚོན་གང་སྲོག་རྩ་མྱོས་བྱེད་གསང་། ཞེས་ཐུར་མའི་སྐབས་བཤད་པ་དེ་ཡིན་ལ་མེ་བཙའ་འམ་ཐུར་མ་བྱ། །བྱེ་བྲག་གསོ་བ་རླུང་ལ་འཇམ་རྩི་མཁྲིས་པར་བཤལ་བད་ཀན་ལ་སྐྱུགས་སྨྱོ་བྱེད་དག་དང་འདྲ། །སྤྱིར་ན་སྨྱོ་བྱེད་བརྗེད་བྱེད་གང་ལ་ཡང༌། །ཁྲག་མཁྲིས་ལ་ཚ་བའི་ཕུགས་བཅས་པས་གདོན་གྱིས་བཅོས་མི་ལེན་པ་མང་བས། །དེ་ཕྱིར་ཐོག་མར་སྨན་དཔྱད་ཟས་སྤྱོད་ཀྱང་ཚ་བ་དག་པར་སྦྱང་བར་བྱ་སྟེ། །དེ་འོག་ཟས་དང་སྨན་དང་དྲོད་བཅུད་དང་མེ་བཙའ་དང་ཐུར་མ་བྱ། །སྨྱོ་བྱེད་དང་བརྗེད་བྱེད་ཕལ་ཆེར་གདོན་ལས་གྱུར་པ་དང་སྡོངས་ཟླ་སྨྱོ་བྱེད་ལ་རྒྱལ་པོ་དང་བརྗེད་བྱེད་ལ་གཟའ་གདོན་སོགས་ཡོད་པས། །སྲུང་མ་ལ་བསྐང་བ་དང་བཤགས་པ་དང་རྣམ་འཇོམས་ཀྱི་ཁྲུས་དང་གཏོར་མ་བཏང་དང་དཀོན་མཆོག་གི་བདེན་པ་བདར་བ་སོགས་ཞི་བས་བསྟེན། །ཆུ་གཏོར་ཀླུ་ཆོག་གཏོར་མ་དང་མདོས་ཡས་རྡོགས་པས་བྲིད་ལ་བཅོས། །དེས་མ་ཐུབ་ན་ཐ་མ་དྲག་པོའི་ལས་མནན་བསྲེག་འཕངས་གསུམ་ལས་ཀྱིས་ལས་མཐའ་རུ་བསྐྱལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་དགུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།