སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་དགུ་པ། ཁཎྜའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 ལེའུ་དགུ་པ། ཁཎྜའི་སྡེ་ཚན་བསྟན་པ།

      དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཎྜའི་སྡེ་ཚན་སྦྱར་ཐབས་བསྟན་པར་བྱ། །དང་པོ་འབའ་སམ་ཁཎྜ་སྦྱར་བ་ནི། །སྔོ་སྨན་ཐང་སྨན་བསིལ་ཀུན་ཁཎྜ་སྦྱར། །རྩི་སྨན་མཁྲིས་སྨན་ཁ་ཚར་བཏབ་པ་ཡིས། །ཚ་བའི་རིགས་སུ་གྱུར་པ་ཐམས་ཅད་སེལ། །སྔོ་ཡི་ཁཎྜ་བསིལ་གྱི་སྔོ་སྣ་ཚོགས། །བྲག་ཞུན་ཁཎྜ་སྦྱར་བས་ཚད་པ་འཇོམས། །རྨ་རྩིའི་ཁཎྜ་རེ་སྐོན་བྲག་སྤོས་བྲེ་གུ་གསེར་ཐིག་པ། །རི་ལ་སྐྱེས་པ་རྟ་ལྤགས་དཀར་པོ་དང་ཀླུངས་ཀྱི་རྟ་ལྤགས་ནག་པོ་དར་ཡ་ཀནརིགས་ལྔ་པོ་གཅིག་ཡིན་ཏེའཁྲུངས་དཔེར། ཆུ་མིག་ནང་སྐྱེས་དར་ཡ་ཀན། །སྡོང་པོ་ལོ་མ་མེ་ཏོག་གསུམ། །བྲེ་གའི་དབྱིབས་དང་འདྲ་བ་ཡིན། །ལ་ལ་ཆུ་ལྡུམ་པ་ཞེས་ཟེར། །རིགས་ལྔ་ངེས་པ་མེད་པ་སྟེ། །ཞེས་རིགས་ལྔ་པོ་མེ་ཏོག་དབྱེ་བ་ཡིན་པར་བཤད་པས་སོ།  །བསེར་ཁ་བ་མོས་མ་ཕོག་རྩ་ལོར་བཅས། །ཁཎྜ་རྨ་རྣམས་ཀུན་གྱི་རྨ་རྩིར་བཟང༌། རེ་རལ་བྲག་སྤང་བེར་སྤོས་གསུམ་དང་བཅད་འབྱོར་རྣམ་པ་ཡུ་གུ་ཤིང་དང་རྒུ་དྲུས་དང་སྟག་ཤ་གསུམ། །རྟ་ལྤགས་རེ་སྐོན་སྲོལ་གོང་དར་ཡ་ཀན། ཨ་བི་ཥ་ཅུ་གང་སྒོག་པིལ་མ་དང་ཨ་བྱག་ཚེར་སྔོན་ཆུ་རྩ་ཟབ་ལག་དང༌། །སྔོ་ཡི་ཚ་བ་ལྕེ་ཚ་དང་སྲུབ་ཀ་དབྱི་མོང་དཀར་པོ་གསུམ་ལ་ཁཎྜབྱ། །གུར་ཀུམ་ཤིང་ཅུ་གང་མཁྲིས་སྣ་ཁ་ཚར་གདབ། །ཤ་རུས་མགོ་དང་ཡན་ལག་རྨ་ཀུན་གསོ། །བཤལ་སྨན་ཁཎྜ་དུར་བྱིད་དཀར་དམར་སེར་ཐར་ནུ་མོ་ཉ་ཟེར་ཤ་མ་དུར་བྱེད་ཀྱང་ཟེར་དང༌། །སྔོན་བུ་ཤོག་ཤིང་ཁྲོན་བུ་ཐར་ནུ་ཆུང་བ་ལྕུམ་གྱི་རྩ་བ་ཙི་སྟག་མོམཁའ་འགྲོའི་ལ་ཕུག་ཆུ་མ་རྩི །དནྜ་རོག་པོ་དོང་ག་ཐོག་ཅན་ཤྲཱི་ཁཎྜ་གསེ་དཀར་གྱི་ཞོ་དང༌། །ཨ་རུ་མཆུ་སྙུང་རྣམས་འི་ཆུས་ཎྜ་བྱ། །འཇམ་ལ་རྣོ་སྟེ་མཆོག་ཏུ་དམུ་ཆུ་སྦྱོང༌། །ཐར་ནུ་ཁཎྜནི་ཞིང་གི་བཙས་མ་ཆོད་ནད་ཐར་ནུ་རྩ་བ་ཐོན་པ་བརྐོས། །དུར་བྱིད་འཕྲོད་ཙམ་ཧོང་ལེན་ཆུ་རུག་པ། །ཁུ་བ་ལེགས་བཏོན་ཁཎྜ་བདུད་རྩི་ཟར༌བུ་གྲགས་པས མི་སྐྱུག་མི་འགྱིང་མི་འབྱམས་ཆུ་མི་གནོད། །ནམ་ཟླ་ཚ་གྲང་ན་སོ་རྒན་གཞོན་མེད། །མཁྲིས་པའི་ཁཎྜནི་མི་དོམ་ཕག་པ་གླང༌། །གཡག་དང་འཕྱི་མཁྲིས་དང་ཁྲུ་ད་མཚེ་ལྕུམ་དང་རྒྱ་ཚོས་བྲག་སྤོས་པ། །ཁཎྜར་གུར་ཀུམ་ཁ་ཚར་བཏབ་པ་ཡིས། །སྣ་ཁྲག་གློ་ཁྲག་མངལ་ཁྲག་རྩ་ཁ་ཤོར། །ཁྲག་ཏུ་འཁྲུ་སྐྱུག་མ་ལུས་གཅོད་པར་བྱེད། བྲག་ཞུན་ཁཎྜ་ནི་བྲག་ཞུན་ཆུར་སྦངས་ལ། །ས་མེད་པའི་ཁུ་བ་དེ་ལེགས་བཙགས་མ་འདྲེགས་སམ་མ་ཚིག་བསྡུ། །ཕོ་བ་མཆིན་པ་མཁལ་ཚད་མིག་ནད་དང༌། །ཆུ་འགགས་སྨུག་པོ་དུག་ཚད་སེལ་བའི་མཆོག །བ་གསར་དམར་སེར་གྱི་ཆུ་ལ་ཁཎྜ་བྱ། །སྐྱ་རྦབ་འོར་ནད་དམུ་ཆུ་མཛེ་ནད་དང༌། །དབྱིག་དུག་ཚད་རྙོགས་ཆུ་སེར་མ་ལུས་སྦྱོང༌། །སྟར་བུའི་ཁཎྜནི་སྟར་བུའི་འབྲས་བུ་བཙོས་བྱས་ལ། །རུས་པ་ཕྱུངས་ལ་ཁུ་བ་ཁཎྜར་བསྡུ། །གློ་ནད་བད་ཀན་ཁྲག་སྐྲན་འདྲིལ་བ་བཤིག རྒྱ་ཤུག་དགོས་ཤུག་པའི་འབྲས་བུ་ཁཎྜ་བུ་རམ་སྦྱར། །རྐང་ལག་ཆུ་སེར་ཚ་བ་ཐམས་ཅད་སྐེམ། །ར་མཉེ་ལྕ་བདཀར་པོའི་ཁཎྜ་བུ་རམ་སྦྱར། །མཁལ་རྐེད་སྨད་ཀྱི་ཆུ་སེར་གྲང་བ་འཇོམས། །སེང་ལྡེང་ཁཎྜ་མཛེ་ལ་མཆོག་ཏུ་ཕན། མཁན་པའི་རིགས་ལྡུམ་བུ་ཟངས་རྩིའི་ནག་པོ་ཁཎྜ་མཁྲིས་ནད་སེལ། །སྐྱེར་པའི་ཁཎྜ་མིག་ནད་བདུད་རྩི་ཡིན། །འབམ་པོའི་ཁཎྜ་ཁོང་འབྲས་བཤིག་པར་བྱེད། དྭ་བ་ཁ་ཚ་རྟ་གསེབ་ན་གཞོན་སྔོ་ནག་གི་སྦངས་སྤྲུ་མའི་རྩའི་ཁཎྜ་ལ། བྱི་ཏང་ག་དང་ཤིང་ཀུན་ཙི་ཏྲ་ཀ །དུག་སྣ་གང་ཚོགས་སྦྱར་བས་སྲིན་ཐོར་ཤ་བཀྲ་སེལ།དེ་སོགས་ཁཎྜའི་སྡེ་ཚན་སྦྱར་བའི་ཐབས། །ས་སོགས་ཆུས་བཤལ་ཁྲམ་ཁྲུམ་དུ་བརྡུངས་ལ་བཙོས་ཏེ་ཁུ་བ་བཏོན། ཁུ་བ་དེ་རྔ་མས་ལེགས་པར་བཙགས་ལ་གཙང་མའི་རྫ་དང་ནང་དུ་བསྡུ། །མ་འདྲེགས་སམ་མ་ཚིག་པར་དཀྲུག་ཅིང་གར་དུ་སོང་ནས་སྐྱོ་མ་ལ་ལྦུ་བ་ནག་པོ་ཅནའབྱུང་བས །དེ་དུས་ཕོག་ལ་ཐིགས་པ་གཅིག་རྡོ་སྟེང་དུ་བླུག །དེ་གྲང་ཚེ་དྲིལ་དུ་བཏུབ་ན་ཚོས་པའི་ཚད་ཡིན། །མཐའ་ཡི་འདྲེགས་པའམ་ཚིག་མ་དེ་མི་བཏང་བར་མ་ཚིག་པ་རྣམས་དྲོད་གྲོད་བུར་བཙའབཅའ་བའི་བརྡ་རྙིང་ །ཞེས་གསུངས་སོ།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁཎྜའི་སྡེ་ཚན་བསྟན་པའི་ལེའུ་སྟེ་དགུ་པའོ།།  

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།