སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་ལྔ་པ། དཔྱད་ཀྱི་ལོག་གནོན་ཐུར་མ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་ཉེར་ལྔ་པ། དཔྱད་ཀྱི་ལོག་གནོན་ཐུར་མ་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

དཔྱད་ལྔའི་ལོག་གནོན་ཐུར་མའི་དཔྱད་མཆོག་ལ། །རུང་བ་དང་མི་རུང་བ་དང་ནད་གཞི་བརྟག་པ་དང༌། །ཆ་བྱད་ཀྱི་དབྱིབས་དང་གསང་ས་དང་དབྱེ་བ་དང༌། ཆོ་ག་དང་བརྡེག་ཐབས་དང་ལག་ཚོད་དངའཆི་རྟགས་དང༌། །ལོག་གནོན་དང་ཕན་ཡོན་བསྟན་པ་དང་བཅུ་གཅིག་གོ

དང་པོ་ཐུར་མ་འཕང་དུ་རུང་བའི་ནད་གཞི་ནི། །རླུང་དང་བད་ཀན་དང་གྲང་བ་དང་མ་ཞུ་བ་དང་སྐྲནདང་ །དམུ་ཆུ་རླངས་འཁྱིམས་པ་དང་ཤ་བེམ་སྐྲངས་པ་དང༌། །ཁྲག་དང་ཆུ་སེར་དངརྣག་དང་ཚིགས་ཆུ་སོགས། །གསོ་དཔྱད་གཞན་རྣམས་བརྡུགས་པ་ཕལ་ཆེར་ཐུར་མས་གསོ

རླུང་ནད་མགོ་རླུང་དང་སྙིང་རླུང་དང་གློ་རླུང་དང༌། །མཆིན་པ་དང་མཆེར་པ་དང་ཕོ་བ་དང་མཁལ་མ་དང་རྒྱུ་མ་དང་ལོང་དང་མཁྲིས་པའི་རླུང༌དང་ །རྒལ་པ་དང་རུས་ཚིགས་ལ་རླུང་ཞུགས་ན་ཐུར་མས་གཞིལདགོས་ལ །སྙིང་ལ་རླུང་དང་སྨྱོ་བྱེད་དང་ཆུ་སེར་དང་བད་ཀན་དང་ལྡན་པ་བཞིདང་

བད་ཀན་གྲང་བ་མེ་དྲོད་ཉམས་པ་དང༌། །ལྷེན་དང་ལྕགས་དྲེག་དང་མགོ་ལ་བད་ཀན་རྒྱསཔ་དང་ །དོན་ལྔ་དང་སྣོད་དྲུག་དང་ཚིགས་ལ་བད་ཀན་རྒྱས་པ་རྣམས། །སྨན་དང་དཔྱད་དང་མེ་བཙའི་དྲོད་ཀྱིས་མ་སེལ་ན་ཐུར་མས་གསོདགོས་སོ།

གཞན་ཡང་མ་ཞུ་སྙིགས་མ་རང་སོར་ལུས་པ་དང༌། །བད་ཀན་བེ་སྣབས་རྒྱས་པ་ཡང་ཐུར་མས་བཞུདགོས།

སྐྲན་ནད་དང་གློ་བ་དང་གཅིག་སྙིང་དང་གཉིས་མཆིན་པ་དང་གསུམ་མཆེར་པ་དང་བཞི་མཁལ་མ་དང༌ལྔ །ཕོ་བ་དང་དྲུག་ལོང་དང་བདུན་མཁྲིས་པ་དང་བརྒྱད་རྒྱུ་མ་དང་དགུ་ལྒང་པ་དང་བཅུ་མངལཏེ་བཅུ་གཅིག །རྩ་སྐྲན་བཅུ་གཅིག་པོ་དེ་རྣམས་དང་གཞན་ཡང་བད་རླུང་ལས་གྱུར་པའི། །གྲང་བའི་སྐྲན་ཐམས་ཅད་ལ་ཐུར་མ་མཆོག་ཡིན་ཏེ། དེ་མ་ཟད་ཁྲག་དང་མཁྲིས་པ་ལས་གྱུར་པའི་ཚ་བའི་སྐྲན་རྣམས་ཀྱང༌། །བཅོས་གཞན་བརྡུགས་ཤིང་ཚད་པ་མ་ཆོགས་ཤིང་རྙིངས་ནས་ཐུར་མས་བཤིགཔ་ལེགས།།

དམུ་ཆུ་དང་གྲང་བའི་ཟག་ཆུ་དང་འཁྱིམས་ཆུ་ཡང་ཐུར་མས་གཙགགོ།

རླངས་པ་འཁྱིམས་པའི་མགོ་ལ་བད་ཀན་གྱི་རླངས་པ་འཁྱིམས་པ་དང༌། །བྱང་ཁོག་སྟོད་དུ་བད་ཀན་དང་རླུང་གི་རླངས་འཁྱིམས་པ་དང༌། །གློ་བ་དང་སྙིང་དང་ཕོ་བར་ནད་ཀྱི་རླངས་པ་འཁྱིམས་པ་ཐམས་ཅད་ཐུར་མས་གསང༌དགོས།

ཤ་ལ་ཆུ་སེར་བེམས་པ་དང་སྐྲངས་པ་དང༌། །མགོ་དང་བྱང་ཁོག་དང་ཡན་ལག་གི་ཆུ་སེར་དང༌། དེ་རྣམས་ལ་རྣག་ཁྲག་ཞུགས་པ་ཡང་ཐུར་མས་དབྱུང་བར་བྱདགོས་པ་ཡིན་ནོ།

མི་རུང་པ་ནི་ཤིན་ཏུ་རྒས་པ་དང་བྱིས་པ་དང༌། །སྨན་པའི་ངག་གི་གང་བསྒོ་བ་ལ་མི་ཉན་པ་དང་གནས་དུས་ཡོ་བྱད་སོགས་རྐྱེན་མ་འཛོམཔ་དང་ །མཆིན་པ་དང་མཆེར་པའི་སྐྲན་ཟགས་པའི་ཚ་ཆུ་དང་ཚ་སྐྲན་རྒྱས། །སྙིང་སོགས་དོན་ལྔ་དང་སྣོད་དྲུག་འགྲམས་སམ་ཚ་བའི་ནད་རོ་ལས་ཡོདཔ་དང་ །ཁྲག་དང་མཁྲིས་པ་ལས་གྱུར་པའི་ཚ་བ་ཐམས་ཅད་དང༌། །སྲོག་གནས་པའི་ཤ་རུས་རྩ་ཚིལ་གྱི་གནད་སྟེང་རྣམས་སུ་ཐུར་མ་སྤང་བར་བྱ

ཆ་བྱད་ཀྱི་དབྱིབས་དང་ཚད་ནི་མགར་བ་མཁས་བརྡུངས་པའི། །ནས་འདྲ་བ་མགོ་མཇུག་ཕྲ་རྐེད་པ་སྦོམ་པ་གློ་བ་དང་སྙིང་དང་ཚིགས་པ་དང་མཁལ་མར་བསྔགས། མགོ་ལེབ་ཆགས་སྦལ་མགོ་འདྲ་བ་མཆིན་པ་དང་མཆེར་པ་དང་རྒྱུ་མ་དང་ལོང་ཀ་ལ། །རྩེ་རྣོ་སོ་ཅན་གུག་པ་ཆུ་གྲི་འདྲ་བས་ཡན་ལག་གི་ནད་རྣམས་ཅུར་འབྱིན་བྱ། རྩེ་རྣོ་ལ་དབལ་ཅན་མདུང་རྩེ་འདྲ་བས་ཡན་ལག་གི་རྣག་རྣམས་ལ་སྦྱར། རིང་ཐུང་མཐོ་གང་ལ་དབལ་དང་ལྡན་པས་ཕོ་བའི་ནད་ཅུར་འབྱིན་བྱ། དབྱིབས་ལེབ་པ་ལ་སྦུགས་ཆུ་ཁ་ཡོད་པ་ཡིས་མགོ་ལ་བཙག་པར་བྱ།

སྦུབས་ཡོད་པའི་ཐུར་མ་སྦལ་པའི་མགོ་འདྲ་བས་སྙིང་ཆུ་གཙག སྦུབས་ཐུར་རྩེ་རྣོ་བ་བྱིད་པོའི་མཆུ་དང་འདྲས་བྱང་ཁོག་གི་རྣག་གར་ཡོད་པའི་གསང་དབྱེ། སྦུབས་ཐུར་ཁ་གསེག་ཡོད་པ་སྨྱུག་གུའི་ལྟ་བུས་དམུ་ཆུ་གཙག་ཅིང་རླངས་པ་འཁྱིམས་འང་གདོན། ཟངས་ཀྱི་ཐུར་མ་རྩེ་བྲ་བོ་འདྲ་བས་མིག་འགྲིབས་བསལ།།

ཆ་བྱད་དེ་དག་ཀུན་ཀྱང་མགོ་ལས་རྐེད་ཕྲ་བས་འོག་ཏུ་ལུས་ཤོང་བ་ལ་ཐུར་མའི་ཞབས་ཅུད་ཟད་སྦོམ་ལ་ལྡིགཔ་དང་། ཐུར་རྐེད་ཕྲ་ལ་མཁྲང་བ་སྲིད་དུ་སྒང་སོར་དྲུག་པ་བྱའོ།

གསང་གིས་ས་ཐུར་མའི་ལམ་ནི་རྣམ་པ་བཞི་ཡིན་ཏེ། །དོན་ལྔ་དང་སྣོད་དྲུག་གི་ཡུལ་དང་རྩ་རུས་ས་ཚིག་གྱི་གནད་ཤེས་པ་ཡིསཕྱིར་དུ །སྤྱི་དང་བྱེ་བྲག་གི་གསང་གི་ས་བསྟན་པའོ། དེ་ལ་དང་པོ་དོན་ལྔ་སྣོད་དྲུག་གི་གནས་ཡུལ་གྱི་ས་མ་ཤེས་ན། དེ་རྣམས་གང་ལ་ནད་ཞུགས་པ་དེ་དང་དེའི་དཔྱད་ཀྱི་དམིགས་མི་ཕྱེད

རྩ་གནད་མ་ཤེས་ན་དཔྱད་ལ་འཛོལ་མི་ནུས། དེས་ན་སྨན་པའི་ལག་དགྲ་སྤང་ཕྱིར་རྩ་གནད་གཅེསཡིན །དེ་ཕྱིར་བྱང་ཁོག་ཡུལ་ཚད་ཐིག་བཏབ་ནས་གཏན་ལ་འབེབས་དགོས་པ་ན་བྱང་ཁོག་གི་ཡུལ་ཐིག་ནི་མན་རྒྱུད་ཀྱི་ལེའུ་བརྒྱད་ཅུ་གྱ་ལྔ་པའི་ནད་དུ་གསུངས་པ་འདི་རང་ལེགས་ལ་མན་ངག་ནས་བཤད་པ་ཡིན་ཟེར་བ་ཚོས་བསླུས་རྒྱབ་དོགས་འདུག་གོ །མཚོ་བྱེད་ཚོ་གཟོབས་ཤིག་ཡིད་ལ་གཟུང༌ཞིག།

ད་ནི་གསང་ལ་དབྱེ་བའི་གསང་དང་མེ་གསང་དང་ཐུར་མའི་གསང་དང་གསུམཡིན་ལ དེ་ཡང་རྣག་དང་ཁྲག་དང་ཆུ་སེར་འབྱིན་པ་ལ་དབྱེ་གང་བྱང་ཁོག་གི་གསང་རྣམས་ཡུལ་ཐིག་ལྟར་གསལདགོས་སོ །མེ་བཙའ་གསང་ནི་མེ་བཙའི་འབྲུ་བཤག་གོང་དུ་ལེའུ་ཉེར་གཅིག་པའི་ནང་དུ་བསྟནཔ་ལྟར་རོ།

འདིར་ནི་སྐབས་དོན་ཐུར་མའི་གསང་ལ་སྤྱི་དང་བྱེ་བྲག་གཉིསཡོད་པ་ལས །སྤྱི་གསང་ལའང་ཡངས་པ་དང་ཤིན་ཏུ་ཡངས་པ་དང༌། །དོག་པ་དང་ཤིན་ཏུ་དོག་པ་དང་རྣམ་པ་བཞིལས།

ཡངས་པའི་གསང་རྣམས་ལ་ནི་ཐུར་མ་ཐད་ཀ་དྲང་པོར་འཕེན་པའི་གཡུལ་ཐབས་མདུང་ཚུགས་སུ་བྱེད་ཐུབཔ་དང་ །ཤིན་ཏུ་ཡངས་པའི་གསང་རྣམས་སུ་ནི་ཐུར་མ་རྒྱ་གྲམ་དུ་བསྐོར་ཐུབ་པ་ཡིན། །དོག་པ་ནི་གཉན་ཐོག་ཏུ་གཉན་བབས་པ་ཞེས་བྱ་སྟེ། གདོད་ནས་གསང་མེད་པའི་གནད་ས་ཡིན་པར་དེར་ནད་ཞུགས་པས་ནད་ཀྱིས་གནད་ཀྱི་གོ་འཕྲོག་པས་དེ་ལ་བྱའོ །ཤིན་ཏུ་དོག་པ་ནི་ནད་ཡོད་ཀྱང་དམིགས་དེ་གནད་དམ་པོ་ཡིན་པ་སྟེ་གནད་ཀྱིས་ནད་དེའི་གོ་ས་ཕྲོགསཔ་ཡིན་ནོ དེ་འདྲ་བ་ལ་ཐུར་མའི་ལམ་གཡས་གཡོན་རྒྱབ་མདུན་སྟེང་འོག་ཏུ་གཅུས་ལ་གནད་མེད་པའི་ས་བཙལ་ཞིང་བརྡེག་དགོས་པའོ།

བྱེ་བྲག་ཏུ་སྙིང་ལ་གསང་ས་བཅུ་གཅིག་སྟེ། །ནུ་མ་གཡོན་པའི་སྟེང་དུ་མཚོན་གང་སར་བཅལ་བ་སྙིང་གི་སྟོད། །སྙིང་སྲོག་འཛོམ་པའི་གསང་སྟེ་སྙིང་རླུང་སེལ། །ནུ་མའི་རྒྱབ་སྟེ་ནུ་མ་གཡས་ནས་གཞོགས་གཡོན་ངོས་སུ་བཅལ་བའི་དམིགས་མཚོན་གང་གཞལ་བ་སྲོག་རྩ་མྱོས་བྱེད་གསང༌། །སྲོག་རྩར་རླུང་དང་ཆུ་སེར་ཞུགས་ལ་ཕན། །ནུ་མ་གཡོན་པའི་མདུན་ནས་ཐུར་དུ་མཚོན་གང་སྟེ་སྙིང་རྩེ་སྙིང་ཆུ་གཙག ནུ་མ་གཡོན་ནས་ནང་དུ་བྲང་ངོས་མཚོན་གང་བཅལ་བ་སྙིང་གི་ལྡེབས་ལོགས། །ཆུ་སེར་བད་རླུང་རླངས་པ་འཁྱིམས་པའི་གསང༌། །ནུ་མའི་སྟེང་ནས་བྲང་ངོས་དེ་ནས་སླར་དཀར་ནག་མཚམས་སུ་མཚོན་གང་བཅལ། །གློ་སྙིང་འདོམ་པའི་གསང་སྟེ་གྲང་རླུང་སེལ། རྒྱབ་ཀྱི་ཚིགས་པ་བདུན་པའིགཡས་གཡོན་ཁ་གསུམ་ཡང་དེ་དང་འདྲ

སྲོག་རྩའི་གསང་ས་དྲུག་པ་ནི་རྒྱབ་ཀྱི་ཚིགས་པ་དྲུག་པ་དང་ལྔ་པའི་དབུས་དང་གཡས་གཡོན་ཁ་གསུམ་སྟེགཅིག གསང་དབུས་ནས་གཡོན་ངོས་སུ་བྱ་འདབ་བར་དུ་ནང་བཏོལ་བྱབ་དང་གཉིས །བྱ་རོག་མིག་ནས་ཕྱིར་མཚོན་གང་ཙ་ར་ཁུང་ནས་ཐུར་མཚོན་དེ་སོར་གང་བཅལ་བའིས་ནི །རྩིབ་བར་གོང་མ་དང་འོག་མ་གོ་ཆེན་དང་གསུམ་གོ་ཆུང་གི་གསང༌དང་བཞི །སྐེ་སྟོང་ཙ་ར་ཁུང་དང་བཅས་པས་རྣམ་པ་ལྔཔོ་ནི །གློ་བ་དང་སྙིང་དང་མཆིན་པའི་གསང་སྟོད་དེ་དག་དུ་རླངས་པ་འཁྱིམས། །སྙིང་འཆུས་པ་དང་སྟོད་ཁེངས་པ་དང་དབུགས་བརྩེག་པའི་ནད་ལ་དབྱེ།

གློ་བ་ལ་ནི་གསང་ས་ཉི་ཤུ་རྩ་གཉིས་ཏེ། །སོག་འདབ་རྩིབ་མའི་ཚིགས་པ་བདུན་པ་ནས་གཡས་གཡོན་མཚོན་གསུམ་རེ་དང་མཚམས་རེ་རེ་གོ་བར་རྣམ་པ་གསུམཔོ་ནི །གློ་ཡི་སྒང་ལ་སྐྲན་ཞུགས་པའི་གསང་དྲུག་ཡིན། །མཆན་འོག་རྩིབ་མགཡས་དང་གཡོན་པའི་ཐུར་དུ་མཚོན་གང་དེ་གསུམ་གོ་བར་གོང་འོག་བར་མ་རྣམ་པ་གསུམཔོ་ནི །གློ་བ་བྱ་འདབ་སྐྲན་ཞུགས་པའི་གསང་དྲུག་ཡིན། །བྲང་གི་རྩིབ་མའི་གོ་བར་གཡས་བཞི་དང་གཡོན་བཞིནི །གློ་བབུ་ལ་སྐྲན་ཞུགས་པའི་གསང་བརྒྱད་ཡིན། །གློ་བ་ཡི་རྒྱབ་ཀྱི་གསང་ནི་རྒྱབ་ཀྱི་ཚིགས་པ་བཞི་པ་དང་ལྔ་གཉིསཡིན་ལ །ཁ་གསུམ་རླུང་དང་བད་ཀན་གྱི་ནད་ཞུགས་པའི་གསང༌ཡིན་ནོ རྒྱབ་ཀྱི་ཚིགས་པ་བརྒྱད་པ་མཆིན་དྲིའི་གསང་ས་སྟེདེ་ཉིེད་དང་ །ཆུ་སྐྱུག་ན་ཕོ་མཆིན་ལ་ཚིགས་པ་བརྒྱད་པའི་ཐད་དྲང་གི་མདུན་ངོས་ཀྱི་བྲང་ལ་ཐུར་མ་འཕང༌། །མཆིན་པ་དང་མཆེར་པ་གཉིས་ལ་གསང་ས་བརྒྱད་ཡོད་དེ། །ནུ་མ་ནས་ཐུར་དུ་མཚོན་དོ་བཅལ་བ་མཆིན་དྲིའི་མཚམས། དེ་འོག་རྩིབ་མགཡས་དང་གཡོན་པའི་གོ་བར་རྣམ་པ་གསུམཔོ་ནི །གཡས་ཀྱི་དང་པོ་ཕོ་མཆིན་ནི་བར་གྱི་སྐྲན། །བར་པ་མཆིན་པའི་ཐེར་ཡིན་ཐ་མ་མཆིན་གཤམ་སྐྲན། །གཡོན་ངོས་མཆེར་སྐྲན་དེ་བཞིན་དུ་བར་པ་མཆིན་པའི་ཐེར་ཐ་མ་མཆེར་པའི་གཤམ་སྐྲན་གསང་ཡིན་པས་ཤེས་པར་བྱ། །རྒྱབ་ཀྱི་ཚིགས་པ་དགུ་པ་དང་བཅུ་གཅིག་པའི་དབུས་དང་གཡས་གཡོན་ནི །ཁ་གསུམ་གསུམ་ནི་རླུང་དང་བད་ཀན་གྲང་བའི་གསང༌།

མཁལ་མའི་གསང་ས་ཉི་ཤུ་རྩ་གཅིག་སྟེ། །ཚིགས་པ་བཅུ་བཞི་པ་དང་དེའི་གཡས་གཡོན་དུ། །མཚོན་གང་གང་བཅལ་བ་ནི་མཁལ་མའི་རྩ་ནག་སྟེ། །དེ་ནས་སླར་ཡང་གཡས་གཡོན་དུ་མཚོན་གང་གང་བཅལ་བ་ནི་མཁལ་འབྲས་གསང༌། དེ་ནས་སླར་གཡས་གཡོན་དུ་མཚོན་གང་གང་བཅལ་བ་ནི་མཁལ་ཚིལ་གྱི་གསང༌། །གཞུག་གུ་ཆུང་ནས་གཡས་གཡོན་དུ་སྣག་པོ་ཆེ་ཡི་སྟེང༌དུ་ མཛུབ་གང་གང་བཅལ་བ་ན་དཔྱི་ཡི་འཁོར་མིག་གཉིས་པོ་ཡིན མདུན་ངོས་མཁལ་འབྲས་ཀྱི་སྟེང་ནས་གཡས་གཡོན་དུ་བཅལ་བས་སོར་བཅུ་དྲུགཔ་ན་དཔྱི་མིག་གཡས་གཡོན་གཉིས་ཡོད་པ་ཡིན། །དེ་ནས་དཔྱི་མིག་གི་ཕྱོགས་བཞིར་མཚོན་རེ་དང་དབུས་དང་ལྔནི །བྱིན་པ་དང་བརླའི་ཕྱི་སུལ་ཆུ་སེར་འབབ་པའི་གསང་ཡིན། །དེ་རྣམས་ཀུན་གྱིས་མཁལ་མའི་གྲང་རླུང་སེལ། །མཁལ་ཚིལ་དང་མཁལ་འབྲས་ཀྱི་སྟེང་དུ་མཁལ་སྐྲན་འབབ། གང་ལའང་གསང་དང་ནད་ཀྱི་དམིགས་གཉིས་མཐུན་ན་ཐུར་མ་འཕང༌

ཕོ་བ་ལ་ནི་མི་འགྱུར་བའི་གསང་དགུ་དང་ཅུར་འབྱིན་གྱི་གཉིསདང་བཅུ་གཅིག །ཚིགས་པ་བཅུ་གཉིས་པ་དང་བཅས་པས་ཕོ་གསང་བཅུ་གཉིསཡོད་དེ དེ་གང་ཡིན་ཞེ་ན་ལྷེན་སྣའི་སྣ་ནས་ཐུར་དུ་མཚོན་གང་བཅལལ་དེ་ནས་སླར་ཡང་ །གཡས་དང་གཡོན་མཚོན་གང་གང་བཅལ་བའི་དབུས་དང་གཡས་གཡོན་ཁ་གསུམ་ལྷེན་གསང་ཡིན། དེ་འོག་མཚོན་གང་གང་བཅལ་བའི་དབུས་དང་གཡས་གཡོན་ཁ་གསུམ་སྐྲན་གསང་ཡིན། །དེ་འོག་མཚོན་གང་གང་བཅལ་བའི་དབུས་དང་གཡས་གཡོན་ཁ་གསུམ་མེ་ཉམས་གསང༌སྟེ་དེ་རྣམས་ནི་ཕོ་བ་མི་འགྱུར་བའི་གསང་དགུ་ཡིན ཕོ་བའི་དབུས་ནས་གཡས་དང་གཡོན་མཚོན་དོ་དོ་བཅལ་བ་ཅུར་འབྱིན་གཉིས་ཡིན་ལ་དེ་སྟེང་ཚིགས་པ་བཅུ་གཉིས་པའི་གསང་བསྣན་པས་ཕོ་བའི་གསང་བཅུ་གཉིས་ཡིན་ནོ་ཨང་གསང་ནས། །མཆིན་པ་རྒྱས་ན་ཕོ་བའི་ཡུལ་ཕྱོགས་རྣམས་ཀྱི་ཐུར་མ་སྤང༌དགོས་ཏེ་ཅིའི་ཕྱིར་ན །སྐྲན་དང་མཆིན་པ་རྒྱས་པ་གཉིས་ནོར་བའི་ཕྱིར་རོ་ཅིས་ཀྱང་ཐུར་མ་འཕང་དགོས་ན་ལག་ཚོད་རན་པར་བྱབ་གལ་ཆེའོ།

རྒྱབ་ཀྱི་ཚིགས་པ་བཅུ་གསུམ་པ་དང་བཅོ་ལྔ་པ་བུ་སྣོད་གསང༌ཡིན །སྐྲན་ཞུགས་པ་དང་གྲང་བས་བུ་མི་ཆགས་ལ་ཕན།

ལོང་གསང་ལྔ་ནི་ལྟེ་བའི་གཡས་དང་གཡོན་ནས་མཚོན་གང་གང་བཅལ་བས་ལོང་གི་ཐེརདང་གཅིག་གཉིས་ནི །ལོང་དུ་བད་རླུང་དང་གྲང་བ་ཞུགས་པ་ལ་ཕན། སླར་ཡང་དེ་ནས་གཡས་དང་གཡོན་དུ་མཚོན་རེ་རེ་བཅལ་བར་ལོང་སྐྲན་གྱི་གསང༌དང་གསུམ་བཞི་དང་ རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་དང་བཅས་པས་ལོང་གི་གསང་ས་ལྔཡིན་ནོ།

རྒྱུ་མའི་གསང་ས་བདུན་ནི་ལྟེ་འོག་མཚོན་གང་གཡས་གཡོན་དབུས་དང་ཁ་གསུམ་རྒྱུ་སྟོད་གསང༌གཅིག་གཉིས་གསུམ །དེ་འོག་མཚོན་གང་དབུས་དང་གཡས་གཡོན་ཁ་གསུམ་རྒྱུ་སྨད་གསང༌བཞི་ལྔ་དྲུག་དང་ །ཚིགས་པ་བཅུ་བདུན་པའི་ཐད་ཀྱི་མདུན་དངོས་དང་བདུན་དུ་བཤདདོ།

རྒྱུ་ཞབས་ཐེར་དུ་དཔྱི་མགོ་ཡི་ཁ་གཟར་ནས། །ཆག་གང་བཅལ་བ་སྨད་ཀྱི་དབྱེ་གསང་སྟེ། །དེ་དང་རྒྱབ་ཀྱི་ཚིགས་པ་བཅོ་བརྒྱད་པའི་ཐད་ཀྱི་མདུན་ངོས་ནི་འབྲས་བུ་སྐྲངསཔ་དང་ །གྲང་བས་ཆུ་ཁ་སྲ་བ་དང་སྙི་བ་སེལ་བར་བྱེད

ཡན་ལག་ཚིགས་ཆེན་བཅུ་གཉིས་ཆུ་སེར་རྒྱས། །ཚིགས་པའི་མིག་ཆུ་བའི་བར་ན་གསང་དམིགས་ཡོདདོ དེ་ལ་ནི་རུས་ལ་གཏུག་པ་དང་ཅུར་འབྱིན་བྱ་བ་གང་འོས་རིག་པས་དཔྱདདོ།

ཐུར་མའི་དབྱེ་བ་ནི་ཚ་ཐུར་དང་གྲང་ཐུར་གཉིས། །ཚ་ཐུར་ལའང་གསུམ་སྟེ་ཚ་ཐུར་རྐྱང་པ་དང༌། །ཚ་ཐུར་གྱི་ནི་གྲང་ཐུར་དང་ཚ་ཐུར་སྦྲགསྦྲག་པ་དང་གསུམ།།

དང་པོ་ཚ་ཐུར་རྐྱང་པ་ནི་ཐུར་མ་བསྲེགས་ནས་རྡེག་པ་སྟེ། འདི་ནི་འབྲས་དང་ལྷོག་པ་ལྦ་བ་རྣག་ལ་བྱདགོས་སོ།

གཉིས་པ་ཚ་ཐུར་གྱིི་གྲང་ཐུར་ནི་མེ་བཙའ་གཅིག་བཏབ་པའི་ཤུལ་རྗེས་དེ་ལ་ཐུར་མ་རྐྱང་པ་མ་བསྲེག་པར་བརྡེགཔའོི། འདི་ནི་ཐེ་ཚོམ་དང་བཅས་པའི་རྣག་གསང་འབྱེད་པ་ལ་སྦྱརརོ།

གསུམ་པ་ཚ་ཐུར་སྦྲག་པ་ནི་ཐུར་མ་བསྲེགས་པའི་སྟེང་དུ་མེ་བཙའ་འདེབས་པའོ འདི་ནི་འབྲས་དང་ལྷོག་པ་དང་རྨ་རྒན་དང་སྐྲན་ལ་བྱའོ།

གྲང་ཐུར་ལའང་གསུམ་སྟེ་གྲང་ཐུར་རྐྱང་པ་དང༌། །གྲང་ཐུར་གྱི་ནི་ཚ་ཐུར་དང་གྲང་ཐུར་སྦྲགཔའོ། །དང་པོ་གྲང་ཐུར་རྐྱང་པ་ནི་ཐུར་མ་རྐྱང་པ་མ་བསྲེག་པར་བརྡེག་པ་སྟེ། འདི་ནི་དམུ་ཆུ་དབུག་པ་དང་མིག་འགྲིབ་རྣག་གསང་དབྱེ།

གཉིས་པ་གྲང་ཐུར་གྱི་ཚ་ཐུར་ནི་ཐུར་མ་བསྲེག་པར་བསྣུན་པའི་རྗེས་ཤུལ་མེ་ཡིས་གདབ་པ་སྟེ། འདི་ནི་རྣག་ཁ་འཁྱིམས་དང་ཚིགས་ཆུ་ཕུག་ལ་སྦྱར།

གསུམ་པ་གྲང་ཐུར་སྦྲག་པ་ནི་ཐུར་མ་གྲང་མོར་བཏབ་པའི་རྗེས་ལ། །འཁྱག་པ་དང་རྡོ་གྲང་དང་ཆུ་ཡིས་བྲན་པ་སྟེ། འདི་ནི་ཤ་བེམ་ཚ་སྐྲངས་མགོ་ཡི་ཆུ་བཙག་པ་དང༌། །ཚ་སྐྲན་དང་ཚ་རོ་རྙིང་པ་ཡོད་པ་ལ་བསྔགས།

ཐུར་དཔྱད་ཕལ་ཆེར་ལ་སྤྲ་བ་གཅིག་བཏབ་ཐུར་མ་འཕང༌ །དེའི་ཤུལ་མེ་ཡིས་བསྲེག་པ་ཉིད་ཤིས་པ་ཡིན།

ལུས་ཀྱི་ཆོ་ག་ནི་མཐོ་དམན་ཁད་མཉམ་པའི་སྟན་གྱི་སྟེང་དུ། ནད་པ་སྐྱིལ་ཀྲུང་བཅས་ལ་ལག་པ་གཉིས་པུས་མོར་བཀབ་ཅིང་གླན། ལུས་རྩ་གཅུ་མེད་པར་དྲང་པོར་འདུག་ལ་ནད་གཡོག་གིས་བསྟེན། །དེ་ལ་མདུན་དང་རྒྱབ་ཏུ་ཐུར་མ་འཕང་བར་བྱ།

ཕོ་བའི་ཐུར་མ་ནི་ཟོས་རྗེས་རྒྱབ་ནས་པུས་མོས་བརྟེནནོ །ཁྱི་ཚུགས་སུ་མགྲིན་པ་བཀུག་པ་ལ་སྐེ་སྟོང་དུ་ཐུར་མ་འཕང༌། །ལག་རྒྱངས་ཀ་བ་ལ་བསྟེན་སྨྱོ་ཐུར་འཕང༌། །དྲང་པོར་ལངས་ལ་དཔྱི་མིག་ཏུ་ཐུར་མ་འཕང༌། །རྐང་པ་བརྐྱང་ལ་པུས་མོའི་དྲུག་བསྐོར་འཕང༌། །དེ་བཞིན་གསང་གསལ་ཞིང་ནད་དང་ཕྲད་པའི་བརྡེག་ཚུལ་རྣམསནི །གང་ལ་གང་བདེ་བ་སྨན་པའི་ཤེས་རབ་ཀྱི་རིགས་པས་དཔགས་ལ་དྲིསཤིག།

ཐུར་མ་བརྡེག་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིསལས །སྤྱིར་ནི་ལག་པ་གཡས་པས་ཐུར་རྩེ་ནས་མཚོན་ཕྱེད་ཕུན་གང་གི་མཚམས་ནས་བཟུང༌། །གཡོན་པའི་གུང་མོས་གསང་དམིགས་དེ་གསལ་བར་མཚོན་བར་མནན་ཏེ། །དེ་རྗེས་ལག་གཡས་པས་ཐུར་རྐེད་ནས་བཟུང་ལ་དྲང་པོར་དབུལ། ཕུས་ཞེས་ལྤགས་པ་ཕིགས་ནས་ནད་པ་དེ་རང་གི་སོར་གང་དང་ཕུན་རེ་ཕར་སྣུད་ཀྱིན་དལ་བུ་ཡིས། །ཤ་དང་རུས་པ་དང་ནང་དུ་རྡོལ་བ་དང་དོན་གྱི་ལག་ཚོད་མྱང༌གིན་དབུལ་དགོས་དེ་ཡང་ སྨན་པའི་ཡིད་དང་མཐེབ་ཚོད་དང་ཕྱི་རྟགས་བསྟུན་ལ་ལྟ་ཡིན་ལྟ་ཡིན་འཕང༌།

ལག་ཚོད་ནི་ཐུར་མ་འཛིན་པའི་ཚོད་འུག་པ་ཞེས་པ་ནི་ཐུག་ཕྲད་འུག་པ་ཉིན་མོར་མི་དང་ཐུག་སྟེ་འཕྲད་པ་ཡིན་ཅིང་ཕོ་རོག་ལྟ་བུ་བྱ་གཞན་གྱིས་ནི་རྒྱང་རིང་པོ་ནས་གཅེར་རེ་མཐོང་བ་ལྟར་ཡིན། །ཕོ་རོག་ཅེས་པ་ནི་གཅེར་མཐོང་ཡིན་དོན་དུ་ཐུར་མའི་ཚོད་བརྟགས་ལ་ཐུར་མ་བཟུང༌། ཡང་ན་དང་པོ་ལྤགས་ལ་ལག་པ་གཡོན་པ་ཚུར་ཀོ་འཐེན་བྱས་པ་ལ་བཙག་བྱས་ཁུང་དུ་བུག་པའི་ནང་དུ་གཟོད་ཐུར་མ་འཕང་ངོ་།

བྱེ་བྲག་ཏུ་ནི་གཡུལ་ཐབས་དང་འཕྲེད་གཅུས་དང་སྟ་སྒབ་དང༌། །ཐོད་སྐོར་དང་རྒྱ་གྲམ་དང་ཅུར་འབྱིན་དང་རྣམ་པ་དྲུག །བུ་སྐོར་མ་ལ་མི་གནོད་པ་དང་བདུན། །མ་སྐོར་བུ་ལ་མི་གནོད་པ་དང་བརྒྱདཡིན་ནོ །དང་པོ་གཡུལ་ཐབས་ནི་ཐུར་མ་དྲང་པོར་ཐད་ཀ་དེར་འཕང་བ་སྟེ། འདི་ནི་མགོ་དང་སྒལ་ཚིགས་དང་རྒྱུ་སྨད་ཀྱི་གསང་ལ་བྱའོ།

གཉིས་པ་འཕྲེད་གཅུས་ནི་ཐུར་རྩེ་གཡས་དང་གཡོན་དུ་གཅུ་གིན་གཏོང་བ་སྟེ། འདི་ནི་མཆིན་པ་དང་མཆེར་པ་དང་མཁལ་མ་ལ་སོགས་པ་ཕལ་ཆེ་བ་ལ་ཤིསསོ།

གསུམ་པ་རྟ་སྒབ་ནི་ཐུར་མའི་རྩེ་མོ་ཐུར་དུ་བསྟན་ལ་འཕང་བ་སྟེ། འདི་ནི་སྐེ་སྟོང་དང་གློ་སྙིང་དང་ལྷེན་གསང་གསུམ་ལ་སྦྱརརོ།

བཞི་པ་ཐོད་སྐར་ནི་ཐུར་མའི་རྩེ་མོ་གྱེན་ལ་བསྟན་པ་སྟེ། འདི་ནི་མེ་ཉམས་གསང་དང་མཛོད་ཆུང་རྣག་འཚོལ་བ་སོགས་ལ་སྦྱརརོ།

ལྔ་པ་རྒྱ་གྲམ་ནི་ཐུར་མའི་རྩེ་མོ་ཕྱོགས་མཚམས་སུ་བསྐོར་བ་སྟེ། འདི་ནི་ཕོ་བའི་དབུས་ཀྱི་སྐྲན་དང་རྣག་འཚོལ་བ་ལ་སྦྱརརོ།

དྲུག་པ་ཅུར་བྱིན་ནི་ཐུར་མ་ཅུར་ལ་འབྱིན་པར་འཕང་བ་སྟེ། འདི་ནི་ཕོ་བའི་ཐེར་དང་མཛོ་མིག་བརླ་ཡི་འོག་ཏུ་ཤིསསོ།

བདུན་པ་བུ་སྐོར་མ་ལ་མི་གནོད་པ་ནི་བྱང་ཁོག་ཏུ་ཐུར་མ་འཕེན་པ་རྣམསལ་བྱ་སྟེ །དོན་ལྔ་དང་སྣོད་དྲུག་ལ་གནོད་པ་མེད་པར་འཕང་བ་ལ་བཤདདོ།

བརྒྱད་པ་མ་སྐོར་བུ་ལ་མི་གནོད་པ་ནི་གནད་དུ་ཞུགས་པའི་ནད་ལ་འཕང༌དུས་བྱ་སྟེ །དེ་ཡང་མིག་འབྱེད་དང་སྙིང་ཆུ་འབྱིན་པ་དང་མཆིན་པའི་སྐྲན་དང༌། །མཁལ་མ་སྐྲན་དང་སྐྱི་ཕུར་རྣག་ལ་སྦྱར་བར་བྱའོ།

ཐུར་མའི་ལག་ཚོད་ནི་སྤྱི་དང་བྱེ་བྲག་གཉིསལས དང་པོ་སྤྱི་ཡི་ལག་ཚོད་ལྤགས་པ་ལ་སྲ་བ་སྟེ། །ཤ་ལ་ཟིན་ནས་སྙི་སྟེ་བྱོལ་གྱིས་འགྲོ་བ་ཡིན། །རུས་ལ་ཐུག་ན་སྟུགས་ཀྱིས་བརྡུགས་པར་འགྱུར། །དེ་ལ་རྩིབ་མའི་གོ་བར་བཙལ་ཏེ་དབུལ། བྱང་ཁོག་གི་ནང་དུ་རྡོལ་ནས་ཐུར་རྩེ་བྱོལ་ཡངས་གྱིས་འགྲོ། སྨན་པའི་ཡིད་ལ་ཐུར་མ་རྟེན་གྱིས་བརྡུགས་སྙམ་བྱེདཅིང་ །ནད་པ་དེ་བཞིན་ལྡོག་པ་དང་སྐད་ངན་འཆོར་བ་གསུམནི །ཐུར་མ་ཚད་དུ་སླེབ་པའི་རྟགས་ཀྱི་མན་ངག་ཡིནནོ དེས་ཐུར་མ་མི་བརྡུགས་པར་ནང་དུ་ཕྱོལ་ཕྱོལ་འགྲོ་ན་ཕར་ལ་བཏང་བས་ཆོག ནང་དོག་ཅིང་ཐུར་མ་འཐེན་སྡོད་བྱེད་ན་ཡང་ནད་པས་སྲན་བཟོད་པར་འདུག་ན་ཟོ་བླངས་ཀྱིན་བཏང༌བས་ཆོག ནད་པས་སྲན་མི་བཟོད་པར་འདུག་ན་ཕར་ལ་དེ་ལས་དབུལ་བའི་ཐབས་མེདདོ་ཨུ་ཚུགས་མ་བྱེད་ཅིག།

བྱེ་བྲག་ཏུ་ནི་དོན་ལྔ་གང་རུང་ལ་ཐུར་རྩེ་ཉེ་ན་ནད་པ་ཤེས་པ་འཁྲུག །ལུས་འདར་མིག་གྱེན་དུ་བཟློག་ཐུར་མ་ཕྲིག་ཕྲིག་འཕར་བ་ཡིནཔས དོན་གཞན་རྣམས་ལ་ཐུར་མ་གཏོང་ཚོད་རྣམས་དེས་ཆོག་ལ་སྙིང་ཆུ་བཙག་པ་ལནི།

ཐུར་མའི་རྩེམོ་ཚུར་ལ་འཕུལ་སྙམ་བྱེད་ན་སྙིང་ལྤགས་ལ་སླེབཔའི་རྟགས་ཡིན་པས་ནད་པའི་གདོང་ལ །ཆུ་ལྕག་བརྒྱབ་ནད་པ་དབུགས་བསྡམ་ལ་ཐུར་མ་སོར་གཅིག་ཕར་ལ་སྣུད་ལ་དབུལལོ དེའི་ཚེ་སྲོག་རྩ་ཐུར་མའི་ལོགས་ལས་འཕར་བ་ཡིན་སྟེ། །གློ་བ་ལ་སྣ་ཕུག་ཧར་ཞིང་གློ་ཆུང་འོང༌། །མཆིན་པ་དང་མཆེར་པ་ལ་སྐྱུག་མེར་བྱེད་ལ་ཁ་ཆུ་ལྡུགསཔ་འོང་ །མཁལ་མ་དེ་ཉིད་ན་ཞིང་མཁལ་རྩ་འབྲལ་སྙམ་བྱེདཔ་འབྱུང་།

དེ་ནི་དོན་རྣམས་ཚུར་ཐུར་མའི་ངོས་ལ་སྙེག་སྟེ་དཔེར་ན་བྱ་ཚང་སྦྲུལ་ཞུགས་པ་དང་འདྲ། །མཆིན་པ་དང་མཆེར་པ་དང་མཁལ་མ་གསུམ་ལ་ཕར་འབྲོས་པ་དང་ཚུར་སྙེག་པ་གང་ཡང་མེདདོ།

སྣོད་རྣམས་ཐུར་རྩེ་ལས་ཕར་འབྲོས་ཏེ་དཔེར་ན་ཡོལ་བ་རླུང་གིས་དེད་པ་དང་འདྲའོ དེ་ཡང་ཐུར་མ་དལ་བུས་འཕུལ་བས་སྣོད་རྣམས་རིམ་གྱིས་འབྲོས་པར་འགྱུརཏེ་ཕར་འཕུལ་བ མགྱོགས་དྲགས་ན་སྣོད་རྣམས་འབྲོས་ལོང་མེད་པར་ཐུར་རྩེ་སྣོད་ལ་འཇུགགོ།

ཕོ་བ་ལ་ཕྱི་ཡི་དར་ཤ་ཕུགས་པ་དང༌། །ཕོ་བའི་བར་ན་སྟོང་པ་སོར་གཅིག་ཡོད། །དེ་ནས་ཕར་འཕུལ་བས་ཕོ་བའི་རྩར་སླེབ་པའི་ཚེ་ཡིད་ཙམ་སྲསྙམ་བྱེད་པ་འབྱུང་ །སྐབས་འདིར་མཆིན་པས་ཕོ་བའི་ཡུལ་འཕྲོག་པས་མཆིན་པའི་ཇ་ལོག་འབྱུང་བ་ཡིནཔས་གཟབ་བོ། །བྱང་ཁོག་གི་ནང་རྡོལ་ནས་ནི་ཡངས་པར་ཕྱོལ་གྱིས་འགྲོལ།

རྒྱུ་མ་དང་ལོང་དང་པགས་པ་ཕིགས་ནས་ནུར་ནུར་བྱིལ་བྱིལ་འགྲོ། ནང་དུ་སླེབ་ན་སྐྱུག་ལོག་ན་འགྱུར་ཚ་འབྲབ་བྱེད།

སྐྲན་དང་ཐུར་རྩེ་ཕྲད་ན་རེག་པ་སྲ་བ་ལ། །ཐད་ཀར་གཟེར་ཞིང་ནད་པས་ཨ་ན་ཟེར་བ་འབྱུང༌། སྐྲན་གསར་པའི་དུས་མཐའ་བསྐོར་མ་གཏོགས་དཀྱིལ་མི་དབུག་རྙིངས་ནས་ནི་རྨ་མང་པོ་གདོདལ་ཆོགས །རྣག་དང་དམུ་ཆུ་དང་རླངས་པ་འཁྱིམས་པ་རྣམས་ནི་དངོས་སུ་གསལབར་འབྱུང་ །མགོ་དང་ཡན་ལག་གི་ཚིགས་མིག་རུས་ལ་ཐུགཔ་དང་། །བཤུལ་ཤའི་ཐུར་མ་རྣམས་ནི་རང་གིས་སྣུན་པའི་ཚད་དང་ལག་ཚོད་བསྟུནཔར་བྱའོ ཐུར་མ་ཆག་གང་ནང་དུ་རྡོལ་ནས་ཕར་འཕར་བ་ནས་དེ་ལས་དབུལ་ཐབས་མེད། །ཡན་ལག་ལ་ཅུར་འབྱིན་དང་ཚིགས་པར་དུ་ནི་ཐུར་མ་བཀྲུལ་ལ་གདོན།

འཆི་བའི་རྟགས་ལ་ནད་གཞི་སླེབ་པ་དང༌། །གནད་ལ་ཉེ་བ་དང་ཐོར་བུའི་རླུང་སྐྱེས་པ་གསུམཔས །དང་པོ་ནད་གཞི་སླེབས་པ་དང་གནད་ལ་ཉེ་བ་གཉིས་ཀ་ནི་གོང་དུ་ལག་ཚོད་ཀྱི་སྐབས་སུ་བསྟནཟིན་ལ །ཁྱད་པར་རྩ་གནད་ན་ཚ་སྦྲེང་བ་དང་ན་རབས་ཆད་རབས་ཀྱིས་འོང༌། །དེ་ཡང་ནད་པ་ཉིད་ལ་དྲིས་པས་གསལཡོང་ །རླུང་སྐྱེས་ན་གཡལ་བྱེད་པ་དང་དངངས་པ་འདར་བ་དང་སྐྱུག་པར་བྱེདདོ།

ཐུར་མ་ལོག་པ་ལ་ནི་ཚ་ལོག་དང་གྲང་ལོག་རྣམ་པ་གཉིསཡོད་པས དང་པོ་ཚ་ལོག་ནི་ཐུར་མ་འཕངས་ནས་ཞག་གསུམ་དང་གཉིས་ལ་འབྱུང་བ་ཡིན་སྟེ། འདི་ནི་ནད་ཚ་གྲང་ངོས་མ་ཟིན་འཁྲུལ་ལམ་སྐྲན་ནད་ཚ་བར་ལོགཔ་ཡིན་ནོ།།

གྲང་ལོག་ནི་དཔྱད་བྱས་མ་ཐག་གི་རྗེས་ལ་འབྱུང་བ་ཡིན་སྟེ། །ཐོར་བུའི་རླུང་སྐྱེས་གསུར་དུད་བཏང་བ་དང་བྱུག་པ་བྱ་བ་དང༌། །བུར་ཆང་དང་རུས་ཁུ་སོགས་བཅུད་ཆེན་བསྟེན་ཞིང་རླུང་གསང་གང་འོས་མེ་བཙས་མནནནོ།

ཐུར་ཤུལ་ནས་ཁྲག་བབས་པ་ནི་འཁྱགས་པའི་སྐྱོན་ཡིན་ཏེ་དུགས་ཀྱིས་བསྲོ། །ཆུ་སྐྲན་རྡོལ་བས་སྣོད་ཀྱི་ནང་དུ་འགྲིམས་ཤིང་དེ་བྱེར་ནས་ལུས་སྐྲངས་ན། །དེ་ལ་དྲོད་སྨན་དང་སྦྱོངས་དང་སྐེམས་ཀྱིས་བཅོསདགོས་ཏེ །དེ་རྟགས་དང་བཅོས་ཐབས་སོགས་ནི་ནད་རང་རང་གི་སྐབས་བཤད་པ་ལྟར་བྱའོ ཐུར་ནད་ཕལ་ཆེར་ལ་བསིལ་གྱི་དུགས་སྦྱར་བ་མཆོག་ཏུ་བསྔགསསོ །དོན་ལྔ་དང་སྣོད་དྲུག་སོགས་གནད་ལ་ཐུར་རྩེས་ཟིན་ན་ནི་དེ་དག་སོ་སོའི་རྨའི་སྐབས་བཞིན་བཅོསཔ་གལ་ཆེའོ།

ཐུར་མའི་ཕན་ཡོན་ནི་རླུང་ཁ་གནོན་པ་དང༌། །གྲང་བའི་དྲོད་སྐྱེད་པ་དང་སྐྲན་བཤིག་པ་དང་མ་ཞུ་བ་འཇུབ་དང་ །རླངས་པ་འཁྱིམས་པ་གསེང་ཞིང་ཤ་བེམ་གསེང༌བ་དང་ །རྣག་དང་ཁྲག་དང་ཆུ་སེར་དང་དམུ་ཆུ་ཕྱིར་ལ་འབྱིནཔ་དང་ །དེ་དག་རྣམས་ནི་ཐུར་མ་བྱས་པའི་ཕན་ཡོན་ཡིནནོ

དེ་ཡང་དང་པོ་ཐུར་མའི་རུང་ཡུལ་མ་ཤེས་ན། །དཔྱད་ཀྱི་ལ་འདའ་བ་མི་ཤེས་པས་གཞན་ལ་མཁས་པའི་ཁྱད་མི་ཐོན། །གཉིས་པ་མི་རུང་སྤང་ཡུལ་མ་ཤེས་ན། །ཐུར་ལོག་བྱུང་ན་རང་ཉིད་ཁ་སྐྱེངས་ཤིང་མི་ཐམས་ཅད་ཀྱིས་ཁ་ཟེར་ཞིང་འཕྱར་ཁ་ངན་པ་འོང༌། །གསུམ་པ་ཐུར་མའི་དབྱིབས་སོགས་ཚད་དང་མ་ལྡན་ན། །ལག་ཚོད་མི་སྐྱེ་བར་ཡང་ནད་དམན་པ་དང་ཡང་ན་ཐལ་བའི་སྐྱོན་གྱིས་ཕོགཔ་འབྱུང་། །བཞི་པ་ཐུར་མའི་གསང་ས་མ་ཤེས་ན། ཐུར་ལམ་འགགས་ནས་ནད་དང་དཔྱད་གཉིས་ལྷན་ཅིག་དུ་ཕྲད་པར་མི་བྱེད། །ལྔ་པ་ཐུར་མའི་དབྱེ་བ་མ་ཤེས་ན། ནད་དང་དཔྱད་དུ་མི་འཕྲོད་པར་འཛོལ་ཞིང་ཐུར་ལོག་འོང༌། །དྲུག་པ་ཐུར་མའི་ཆོ་ག་མ་ཤེས་ན། །ཐུར་ལམ་འགགས་ནས་མི་དགོས་པའི་གནད་ལ་སྙེག་ཅིག་དགོས་པའི་གནད་ཀྱི་གནས་སུ་མི་སྐྱོལ། །བདུན་པ་ཐུར་མའི་བརྡེག་ཐབས་མ་ཤེས་ན། ནད་དང་མི་ཕྲད་ཅིང་གནད་ལས་འབྱོལ་བར་མི་ནུས། །བརྒྱད་པ་ཐུར་མའི་ལག་ཚོད་མ་ཟིན་ན། ཐུར་ཁ་ཐལ་ནས་སྨན་པའི་ལག་དགྲས་ནད་པ་ཕུང་བར་འགྱུར། །དགུ་པ་ཐུར་མའི་འཆི་རྟགས་མ་ཤེས་ན། །གསོ་ཤིའི་བྱ་ར་མེད་པས་ཚད་དུ་མི་སྐྱོལ། །བཅུ་པ་ཐུར་མའི་ལོག་གནོན་མ་ཤེས་ན། །གསོ་དཔྱད་དེ་ཡང་ནད་པའི་སྲོག་གཅོད་གི་བསྐུལ་མར་འགྱུར། །བཅུ་གཅིག་ཐུར་མའི་ཕན་ཡོན་མ་ཤེས་ན། །དཔྱད་མཆོག་ཐུར་མའི་གདེངས་མེད་པས་སྤྱོད་པར་མི་ནུས། དེ་བས་ན་དེ་རྣམས་ལས་བཟློག་པ་ནི་དེ་ཡི་ཡོན་ཏན་ཡིན་པར་བཤདདོ །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ཀྱི་ལོག་གནོན་ཐུར་མའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།  དེ་ལྟར་ལེའུ་དྲུག་ནི་འཇམ་རྩུབ་དཔྱད་ཀྱི་མདོ་སྟེ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།