སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་བཞི་པ། དཔྱད་ལྔ་བྱུག་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་ཉེར་བཞི་པ།  དཔྱད་ལྔ་བྱུག་པ་བསྟན་པ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

དཔྱད་ལྔ་བྱུག་པ་རུང་བ་དང་མི་རུང་བ་དང༌། །བྱ་བའི་ཐབས་དང་ཕན་ཡོན་དང་རྣམ་པ་བཞིལས །རུང་བ་ནི་ལུས་རྩུབ་པ་དང་ཁྲག་དང་ཁུ་བ་ཟདཔ་དང་ ལུས་སྟོབས་ཆུང་བ་དང་རྒས་པ་དང་མྱ་ངན་དང་སེམས་ལས་ཆེབ་དང་ །མིག་འགྲིབ་པ་དང་གཉིད་མེད་པ་དང་འབད་རྩོལ་ཆེན་པོའི་བྱ་བས་ལུས་ངལ་ཞིང་དུབ་པ་དང༌། ཁྱད་པར་རླུང་གི་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱབ་ཡིན །ལྤགས་པའི་ནད་འབྲུམ་བུ་དང་ཐོར་པ་དང་སྐྲངས་པ་ལ་ལྡེ་གུ་བྱུག

མི་རུང་བ་ནི་མ་ཞུ་བརླ་རེངས་དབྱིག་དུག་ཡི་ག་འཆུས། །དམུ་རྫིང་དང་བད་ཀན་སྨུག་པོའི་ནད་ལ་སྣུམ་བྱུག་སྤང༌

བྱུག་པ་བྱ་ཐབས་ལྟག་པའི་སྡུད་སྒོ་དང་ཚིགས་པ་དྲུག་པ་དང་བདུན་པ་རྐང་ལག་གི་མཐིལ་བཞི་ལ། །མིའི་ཚིལ་དང་རྐང་སོགས་ཞུན་ཆེན་བྱུགས་ལ་རུས་ཞུན་བཟོ་ཚུལ་ནི། ས་དོན་བྲུས་པའི་ནང་དུ་ཞུན་འཛེད་སྣོད་ཀྱི་རྫ་མ་ཁ་གྱེན་ལ་བཅུག རྫ་གཞན་ཞིག་གི་མཐིལ་དུ་ཞུན་འཛག་པའི་བུག་པ་བྱ་མིག་ཙམ་མང་དུ་བྱས་པའི་ནང་དུ་རུས་རྙིང་ཚོན་པོ་ཁྲམ་ཁྲུམ་བརྡུངས་པ་བླུག་ལ་ཁ་དམ་པར་བཅད། འཛེད་སྣོད་ལ་ས་འོག་དང་རུས་པའི་སྣོད་ས་སྟེང་དུ་འོང་བར་བྱས་ཏེ། སླ་གཉིས་བརྩིགས་ལ་བར་མཚམས་འདགས་པས་བཅད་དེ་ཕྱོགས་ཀུན་ནས་མེ་ཆུང་ཡུན་སྲིངས་ལ་བཏང་བས་རུས་ཞུན་འབྱུང་བར་འགྱུར་རོ། །ཚུལ་འདི་ཙན་དན་མར་ཁུ་དང་། བདུད་རྩིའི་མར་ཁུ་དང་། བཅུད་བསྡུད་མར་ཁུ་རྣམས་ཀྱང་གྲུབ་པ་ཡིན་ནོ། །མཉེ་ཞིང་སྐམས་ནས་ཕྱེ་ཡིས་དྲིལ་ཕྱིས་བྱ དེས་ནི་སྙིང་རླུང་དང་འདྲེ་ཆགས་པ་དང་འབྲས་ནད་འཇོམས་པར་བྱེད། །བསྐུ་མཉེ་ཀུན་ལ་བྱུག་མཉེ་དྲིལ་ཕྱིས་གསུམ་ཀ་དེ་ལྟར་ཤེས་པར་གྱིསཤིགཡུངས་དཀར་སོགས་འབྲུ་མར་གྱི་བྱུག་པ་དེ་བཞིན་གཉིད་མེད་པ་དང་རླུང་ནད་རྣམས་འཇོམས། ཡང་བློ་རྣོ་བ་དང་དྲན་པ་གསལ་བར་འདོད་པ་ལ་རྩི་མར་གསར་འཇམ་བཞུས་པའི་ཞུན་མར་བྱུག །སྨྱོ་བ་དང་འབོག་པ་དང་བརྒྱལ་བའི་ནད་ལ་ལོ་ལོན་པའི་མར་རྙིང་པའི་ཞུན་བྱུག །ཆུ་སེར་དང་ཟ་འཕྲུག་ལ་རྟ་དང་རྐྱང་དང་བོང་བུའི་ཚིལ་ལུ་བྱུག །མཁལ་མ་གུད་ཅིང་ཉམ་ཆུང་བ་དང་ས་བོན་འཛག་པ་ལ། །སྲམ་མམ་ད་བྱིད་ཀྱི་ཚིལ་བུས་རྐེད་པའི་ཚིགས་ལ་བྱུག །ཤིག་དང་སྲོ་མང་པ་ལ་ཤ་བའི་ཚིལ་བུ་བྱུག །ཁྱིས་རྨུགས་ནས་རྨ་རེད་པ་ནད་གཞན་དང་བསྡོངས་པ་ལ་ཁྱི་ཡི་ཚིལ་བུ་བྱུག །གླང་ཤུ་ལ་ཕག་པའི་ཚིལ་དང་མུ་ཟི་ནག་པོ་བྱུག །གདོང་པའི་འབྲུམ་བུའི་ཤུལ་མེད་པར་བྱེད་ན་ར་ཚིལ་ཞུན་དང་འབྲི་མོག་བྱུག །ཤུ་བ་དང་རྨ་རྒན་ལ་ཙན་དན་ཉག་རོང་ཙན་དན་དང་སྒྲོན་ཤིང་དང་ཤུག་པ་ལ་གོང་བཤད་བཞིན་བཟོས་པ་མར་ཁུ་བྱུག །མིག་འགྲིབ་པ་ལ་བྱ་རྒོད་དང་ཕག་པའི་ཚིལ་བུ་འམ། །འབྲི་མར་དང་གོ་སྙོད་སྦྱར་བས་རྐང་མཐིལ་བྱུག །ཡན་ལག་བརྒྱད་པར་། རྐང་པའི་རིམ་གྲོ་བྱ་ཞེས་གསུངས་པ་རྐང་མཐིལ་དུ་བསྐུ་མཉེ་བྱ་ཞིང་རྐང་རྗེན་མི་བྱ་་བ་སོགས་མན་ངག་རྒྱུད་ནས་གསུངས་པ་ལྟར་ཡིན་ནོ། །རླུང་ནད་རུས་པར་ཞུགས་པས་རུས་པའི་གཏིང་ནས་ལྷང་ལྷང་ནབ་ལ །བཅའ་སྒ་དང་འབྲུ་མར་སྦྱར་བའི་བྱུག་པ་བྱ། །གཉིད་མེད་ན་གླ་རྩི་དང་མར་དཀར་སྦྱར་བས་མགོ་དང་ལུས་ཀུན་ལ་བྱུག

ཡང་ལྡེ་གུའི་བྱུག་པ་ནི་མུ་ཟི་སེར་པོ་ར་དུག་པ་ནག་པོ་དང་མི་དང་ཁྱིའི་བྲུན། །ཤུ་དག་ནག་པི་རྭ་གང་འབྱུང་གི་གཞོབ་དྲི་ཆུས་དང་སྦྱར་བས་ལྷོག་པ་འཇོམས། མུ་ཟི་སེར་པོ་དང་ལན་ཚྭ་ཕབས་དུ་བ་རལ་པ་རྣམས་མར་རྙིང་དང་སྦྱརབའི །ལྡེ་གུ་བྱུགས་ནས་ཉི་མར་བསྲེགས་ན་ཤུ་བ་གསར་རྙིང་ཐམས་ཅད་སེལ་བར་བྱེད། །བྱི་བའི་བྲུན་དང་གསེར་རྡོ་མཐིང་ཆགས་པས་རྡོ་ཡིན་མིའི་ནུ་ཞོས་རྣག་སྣ་འདྲེན། །རྣག་མེད་པར་སྐྲངས་པ་དང་དེའི་ཟུག་གཟེར་ཡང་གཅོག་པར་བྱེད། །སྲད་དཀར་ཐལ་བ་རྟ་དང་བོང་བོའི་འོ་མ་སྦྱརབས །རྨ་རྒན་དང་རྣག་འཛག་པ་དང་འབྲས་ཐབས་སུ་སོང་བ་སོགས་སེལ། །ཏིལ་དཀར་ནག་གི་ཕྱེ་མ་ཆུར་ཁུར་བཏབ་བསྐོལ་བ་བྱུགས་པས་དྲེག་ནད་སེལ། །ཤུ་དག་ནག་པོ་དང་རྒྱའི་སོ་མ་ར་ཛ་འབྲས་བུ་ཨ་བར་སྐྱུར་གསུམ། །སླེ་ཏྲེས་དང་འི་ལྕིས་སྨྱག་ཀོ་མོག་བསྐམས་ཤུལ་གྱི་ས་རྩི་མོ་ཡིས་ཚ་བས་སྐྲངས་པ་སེལ། ཁང་པར་ཆགས་པའི་དུད་པ་ཡུང་བ་སེར་པོ་སྐྱེར་པ་རུ་རྟ་དུག་མོ་ཉུང༌། །དར་བདང་སྦྱར་བས་ཤུ་ཐོར་དང་ཁྱེ་མ་དང་ལྤགས་པའི་ནད་ཐམས་ཅད་སེལ། །ཡུངས་ཀར་ཤུ་དག་ནག་པོ་རྒྱམ་ཚྭ་སེང་ཕྲོམ་སྤྱིར་ཞུར་གྱིསཕྱེ་མ་ཆུར་སྦྱར་ནས །གདོང་བྱུག་ན་ངོ་ཁབས་དང་ཁྱེ་མ་དང་འབྲུམ་ཐོར་ཐམས་ཅད་སེལ། །འོམ་བུ་ཨ་རུ་ར་དང་དྲི་ཆུ་སྦྱརབའི་བྱུག་པས །དུག་ནད་ལས་གྱུར་པའི་ཡན་ལག་སྐྲངས་པ་སེལ་བར་བྱེད། ཙན་དན་དཀར་དམར་ཀྱི་ལྕེ་ཧོང་ལེན་གངས་ཆུ་སྦྱར། །ཁྲག་གཟེར་དང་ལྤགས་ནད་ཀྱི་རིགས་ཚ་བ་དང་གཉན་མེ་དབལ་སེལ། །སྐྱུ་རུ་ཨུཏྤལ་སྔོན་པོ་མར་གསར་ལུས་ཀུན་བྱུག ལུས་རྔུལ་བ་མི་སྐམས་པར་འབྱམས་པ་དང་རིམས་ནད་དང་ཚ་བ་ཕྱི་ཤོར་བ་སེལ། ཁང་པར་ཆགས་པའི་དུད་པ་རུ་རྟ་ཆུ་རྩ་རེ་ལྕག་རྣམས་ཀྱི་ཐལབ་དང་ ལན་ཚྭ་དང་ཆང་གི་ཕབས་ཟོ་མར་སྦྱར་བས་ཀོང་(སྐོགས་)ཤུ་དང་ཟ་འཕྲུག་སེལ། །སྦྲུལ་ནག་ལྷོ་མོན་ནས་བྱུང་བ་བཟང་བོད་ཀྱི་འདིས་དུག་འདོན་མཁས་ན་ཚབས་རུང་པགས་པ་དུ་བ་མ་ཤོར་བསྲེགས །ཕག་ཚིལ་དང་སྦྱར་ལ་བྱུགས་ན་ཤ་བཀྲ་དང་བས་ལྡགས་སེལ། ཤོག་ཤིང་སྔོན་བུ་སྲུབ་ཀ་ཞོ་དང་སྦྱར་བས་ཟ་འཕྲུག་སེལ། དེ་ལྟར་བྱུག་པའི་ཕན་ཡོན་ནི་ཚེ་རིང་བ་ང་དབང་པོ་གསལབར་བྱེད་པ་ཡིན་ནོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་བྱུག་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།