སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གཉིས་པ། དཔྱད་ལྔ་དུགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 ལེའུ་ཉེར་གཉིས་པ། དཔྱད་ལྔ་དུགས་བསྟན་པ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དཔྱད་ལྔ་དུགས་ལ་རུང་བ་དང་མི་རུང་བ་དང༌། །བྱ་བའི་ཐབས་དང་ཕན་ཡོན་དང་རྣམ་པ་བཞིལས།

དང་པོ་རུང་བ་ནི་བད་རླུང་དང་མ་ཞུ་བ་དང་གླང་ཐབས་སུ་ན་བ་དང༌། །ཆུ་སེར་དང་ཁྲག་འཁྱགས་པ་དང་ཚད་པའི་གཟེར་ལ་རུང་བས་བརྟེན

མི་རུང་བ་ནི་སྐྱ་རྦབ་དང་མཁྲིས་པ་ཀྵ་ཡ་ནག་པོ་དང༌། །བལ་ནད་དང་མཛེ་དང་དུག་དང་དམུ་ཆུ་ནག་པོ་དང༌། །ཚོ་ཆེས་པ་དང་འབྲུམ་ཐོར་དང་ཟོས་པའི་རྗེས་རྣམས་སྤང་བར་བྱའོ།

བྱ་བའི་ཐབས་ལ་བསིལ་དུགས་དང་དྲོད་དུགས་གཉིས། དེ་ལ་བསིལ་དུགས་ནི་འགྲམས་དང་འཁྲུགས་དང་ཚ་བས་གཟེར་བ་ལ། །སྐར་མ་མ་གྱེས་གོང་དུ་བླངས་པའི་ཆུས་བརྡེག་གམ་གྲོད་པར་བླུགས་པས་བདུག །རིམས་དང་འཁྲུགས་དང་ཚ་བ་བྱེར་བ་དང་རྙིངས་པ་ལ་སྐར་ཆུས་བྲན། །མིག་ལ་མཚོན་ཕོག་པ་དང་ཙན་ཐབས་སུ་སྐྲངས་པ་ལ་ཆུ་གྲོད་པར་བླུག་ལ་བདུག །ཤ་དུག་གིས་གྲེ་བ་འགགས་ཤིང་ཚ་བ་ལ། །བོང་ང་དཀར་པོའི་ཕྱེ་མ་གངས་ཆུ་དང་སྦྱར་བ་གྲོད་པར་བླུགས་པས་བཀང་བ་བདུག །རྒྱུ་གཟེར་ལ་བོང་ང་དཀར་པོ་དང་ཞུ་མཁན་སྐར་ཆུ་དང་སྦྱར་བས་བདུག །ཁྲག་མཁྲིས་དང་ཚ་བའི་གླང་ཐབས་ལ་ཆུ་རྡོ་གྲང་མོས་བདུག །ཚད་གཟེར་ཆུ་རྡོ་དང་བྱང་མའི་གཤོལ་ལྕགས་སོགས་ཀྱིས་བདུག །ཡང་ན་ཚན་སྲོ་ལོ་དམར་པོ་དང་ཞོདང་སྦྱར་བ་གྲང་མོས་བདུག །སྣ་ཁྲག་མ་ཆོད་ན་སྐར་ཆུ་དང་འདག་པ་ཀོ་མོག་ཆུ་ཡོད་པའི་སྟེང་གི་རྫབ་ནག་པོས་བདུག །སོ་ཡི་ཁྲག་ཚད་དང་རླུང་གི་སྐྲངས་ལ་འཁྱིལ་ཆུའི་ནང་གི་སའི་འདག་པས་བདུག །དྲེག་ནད་ཚ་འབྲབ་བྱེད་པ་ལ་སླེ་ཏྲེས་ཕྱེ་མ་དང་བ་ལྕིས་བདུགགོ།

དྲོད་དུག་ནི་མ་ཞུ་བ་དང་མ་ཞུ་བའི་གླང་ཐབས་ལ་ལན་ཚ་མེ་ལ་བསྲོས་པསབདུག། མཚོན་ཁྲག་ཁོང་དུ་འཁྱིལ་བ་འཁྱགས་པ་ལ་ནི་ཆུ་ནང་གི་རྡོའུ་མེ་ལ་བསྲོས་པས་བདུག །མཆིན་ཁྲག་འཁྱགས་པ་ལ་གྲོག་ཞིང་ནི་རྩིག་པའམ་གྱང་རྙིང་ལ་ཆར་ཕོག་པས་སྤང་གི་རྣམ་པ་འདྲ་ཆགས་པ་ས་དང་མ་འདྲེས་པ་དང་ཡོས་ཀྱིས་བདུག །མཁལ་མ་གྲང་གཟེར་གྱིས་ཆུ་སྲི་བ་ལ་སྦང་མ་སྐམ་པོས་བདུག །བུ་བཙས་རྗེས་ལ་རྒྱུ་ཞབས་དང་མཚང་ར་དང་མཁལ་རྐེད་གཟེརབ་ལ །བྱི་ཁུང་སྒོ་རྩར་སྤུངས་པའི་ས་ཁ་ཤར་དུ་བལྟས་པ་ལ་ཆང་གིས་བྲན་མེ་ལ་བསྲོས་པས་བདུགལ། །སྨུག་པོ་འཐབ་པའི་གླང་ཐབས་ལ་ནི་ཁྲག་བྲག་སྐྱ་ཧ་བོ་དང༌། །ཆུ་ལོ་མ་དང་ཞུ་མཁན་རྣམས་ཆུར་སྦངས་ཤིང་བཙོས་པས་བདུག དེ་ནི་དུག་དང་ཁྲག་རྒན་ཕོ་བར་ལྷུང་བ་ཡང་འཇོམསཔར་བྱེད །མ་ཞུ་བ་དང་གྲང་སྐྲན་ལ་ཕུག་རོན་གྱི་བྲུན་མར་བསྲོས་པས་བདུག །གྲང་ནད་ལངས་ལ་སོ་ཕག་དང་རྫ་མའི་དུམ་བུ་མེ་ལ་བསྲོས་པས་བདུག །སྲིན་གྱི་གླང་ཐབས་ལ་སྤྲུ་མའི་རྩ་ལོ་མེ་ལ་བསྲོས་པས་བདུག །གཞང་སྲིན་ལ་ཕུར་མོ་དང་རྟ་སྦངས་མེ་ལ་བསྲོས་པས་བདུག །གྲང་བས་གཞང་ལུག་སྣུམ་གྱི་ཀོང་བུ་མེར་བསྲོས་པས་བདུག །རླུང་གཟེར་ལ་ཕྱིང་པ་སྣུམ་ལྡན་དང་ཆུ་ནང་གི་རྡོབ་བསྲོས་པས་བདུག །མཁལ་རྐེད་གྲང་ལ་གཡི་དང་སྤྱང་ཀའི་པགས་པ་སྤུ་དུགས་བསྟེན། །ཕོ་བ་དང་རྒྱུ་ལོང་གི་གྲང་བ་ལ་ལག་མཐིལ་གྱིས་བདུག །ཚིགས་སུལ་ཆུ་སེར་རྒྱས་པ་ལ་ཤག་མ་ར་མོ་ཤག་ཆང་ལང་པའི་བྲན་པས་བདུག །ཡང་ན་སྦང་སྐམ་དང་སྔར་བཤད་པའི་གྲོག་ཞིང་མེ་ལ་བསྲོས་པས་བདུག །གྲང་བས་ཆུ་འགགས་ན་འབའ་ཆ་དང་བྱ་བྲས་ཕུག་རོན་བྲུན་གྱིས་བདུག །སྟོངས་ཚད་དང་རླུང་གཟེར་ལ་འཁར་གོང་སྲིན་ཅན་དང༌། །རུས་རྙིང་ཆང་གིས་བྲན་ལ་མེར་བསྲོས་པས་བདུག །ཡན་ལག་གི་ཆུ་སེར་ལ་ལུག་གི་རིལ་མ་ཆང་གིས་བྲན་བསྲོས་བདུག

དུགས་ཀྱི་ཕན་ཡོན་ནད་ཀྱི་ཟུག་འཕྲལ་དུ་གཅོག་པ་ལ་ནི་དཔྱད་ཀྱི་མཆོག་དུགས་སུ་བཤདཔ་ཡིན་ནོ ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་དུགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།