སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གཅིག་པ། དཔྱད་ལྔ་མེ་བཙའ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་ཉེར་གཅིག་པ།  དཔྱད་ལྔ་མེ་བཙའ་བསྟན་པ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

དཔྱད་ལྔའི་མེ་བཙའ་ལ་སྤྲ་བ་དང་རུང་བ་དང་མི་རུང༌བ་དང་ །མེ་དམིགས་དང་གདབ་པའི་ཐབས་དང་ཕྱི་རྗེས་དང་ཕན་ཡོན་དང་བདུནལས །སྤྲ་བ་ནི་སྟོན་ཟླ་གྱི་གསུམ་གྱི་དུས་བཟང་པོ་ལ་བཏུ།

དེ་ཡང་སྣ་མ་ཆད་པར་ཤིག་མེད་པར་བརྡུངས་ལ་མཁྲེགས་པར་དྲིལ། དབྱིབས་རྩ་བ་བརྟན་ཅིང་ཟླུམ་པ་རྩེ་རྣོ་ཕྲ་མོ་མེ་ལེན་པ་མྱུརབ་།

དེ་ཡང་ལུས་ཀྱི་རྒྱབ་ཀྱི་ཚིགས་པའི་མཁར་ལ་ནི་མཛུབ་མོའི་རྩེ་མོ་ཙམབྱ །མགོ་དང་ཡན་ལག་དང་ལུས་ཀྱི་མདུན་ལ་ནི་མཐེབ་ཆུང་ཙམབྱ །རྩ་སྒོ་འགེགས་པ་ལ་ཟླུམ་པོ་མི་བྱེད་པར་ལེབ་མོ་རིལ་མ་ཙམབྱ །འབྲས་དང་སྐྲན་ལ་ནི་ཨ་རུ་ར་ཙམ་བྱ། །བྱིས་པའི་ལྷེན་སྣར་ནི་སྲན་མ་འཕོས་པ་ཙམབྱའོ།

མེ་བཙའ་གདབ་ཏུ་རུང་བའི་ནད་གཞི་ནི། །མ་ཞུ་བ་དང་མེ་ཉམས་དང་སྐྱ་རྦབ་དང་དམུ་ཆུ་དང་སྐྲནདང་ །གྲང་མཁྲིས་དང་མགོ་དང་ཡན་ལག་གི་ཆུ་སེར་དང༌། །འབྲས་དང་ལྷོག་པ་དང་སྟོངས་པའི་ཚ་བ་དང༌། །སྨྱོ་བྱེད་དང་རྗེད་བྱེད་དང་རྩ་ནད་ཐམས་ཅད་དང༌། །ཚ་བའི་རྗེས་ཕལ་ཆེར་མེ་ཡིས་བཅད་པ་སྟེ། །མདོར་ན་བད་ཀན་དང་རླུང་ལས་གྱུར་པའི་གྲང་བའི་ནད་རིགས་ཀུནདང་ །རྩ་ནད་དང་ཆུ་སེར་ཐམས་ཅད་མེ་ཡིས་བསྲེག་པ་བསྔགསསོ།

མི་རུང་བ་ནི་མཁྲིས་ཚད་དང་ཁྲག་ནད་ཐམས་ཅད་དང༌། །དབང་པོའི་སྒོ་རྣམས་དང་ཕོ་མོའི་སྲིད་རྩར་སྤང༌ངོ་ མན་རྒྱུད་དུ། ལྒང་པའི་ཆུ་རྩ་སྲོག་རྩ་སྲིད་རྩ་གསུམ། །མཚན་དབྲག་བར་གྱི་དབུས་དང་གཡས་གཡོན་གནས་ཞེས་པ་དེའོ། །གཞན་ཡང་། ཁ་ཆར་བུ་ཡུག་གི་དུས་མི་བསྲེག ཚེས་གཅིག་དང་དྲུག་བཅོ་བརྒྱད་ཉེར་གཉིས་ཉེར་བཞི་ཉ་སྟོང་རྣམས་ལ་གཏར་བསྲེག་སྤང་། སྟོན་ཟླ་གསུལ་ལ་རྩིབ་མ་གཡས་མི་བསྲེག དཔྱིེད་ཟླ་གསུམ་ལ་རྩིབ་མ་གཡོན་མི་བསྲེག དབྱར་ཟླ་གསུམ་ལ་ལྟེ་བར་མེ་བསྲེག དགུན་ཟླ་གསུམ་ལ་རྐེད་པར་མི་བསྲེག བྱི་བ་ལོ་པ་ཉིན་ཕྱེད་ལ་མི་བསྲེག དེ་བཞིན་དུ་གླང་ལོ་པ་ཕྱེད་ཡོལ་དང་། སྟག་ལོ་པ་ཉི་མྱུར། ཡོས་ལོ་པ་མྱུར་སྨད། འབྲུག་སྦྲུལ་རྟ་ལུག་བཞི་ཉིན་ནུབ་དང་མཚན་མོ། བྱ་སྤྲེལ་མཐོ་རངས་དང་ཉི་ཤར་ཁྱི་ཕག་དྲོས་ཆེན་གྱི་དུས་མི་བསྲེག ཅེས་ཨ་ཙ་ར་ཕྱག་རྡུམ་གྱིས་གསུངས་པར། གྲྭ་བྱིའི་བྷེ་སྨན་བྱང་རྒྱལ་གྱིས་ཡི་གེར་བཏབ་པ་སྙན་བརྒྱུད་བེ་བུམ་ནག་པོར་གསུངས་འདུག་པ་ལེགས་པར་མཐོང་ནས་མཆན་བུར་བཏབ་པ་ཡིན་ནོ།།

མེ་དམིགས་ནི་ནད་ཀྱིས་ཚུར་བསྟན་པ་དང་སྨན་པས་ནད་ཕར་ལ་བཙལཔའོ །ནད་ཀྱིས་ཚུར་ལ་བསྟན་པ་ནི་ན་བའི་གཟེར་དམིགས་ཡོད་ལ། དེ་མནན་ན་ཕན་སྙམ་བྱེད་ལ་མཐེབ་རྗེས་འོང༌། །རྩ་འཁྱུག་པ་དང་རྩ་ནད་གར་ལངས་པ་དེ་དང་དེའི་དམིགས་སུ་གདབབོ།

སྨན་པས་ཕར་བཙལ་བ་ནི་དོན་སྣོད་ཀྱི་གསང་རྣམས་ཏེ། མཇིང་པ་སྒུར་བྱས་དུས་རྒྱབ་ཏུ་རུས་པ་འབུར་གྱིས་འོང་བ་དེ་ཨན་སྟོང་ཡིན་དེ་འོག་ཚིགས་པ་དང་པོ་རླུང་གི་གསང༌། །སྨྱོ་འདར་འཕྱོ་ལྐུགས་ནད་ལ་གདབ་པར་བྱ། །གཉིས་པ་མཁྲིས་གསང་སྟེ་གྲང་མཁྲིས་ནད་ལ་གདབ། གསུམ་པ་བད་ཀན་གྱི་གསང་སྟེ་གྲང་རླུང་དང༌། །གློ་སྙིང་དང་མགོ་དང་སྟོད་དང་བད་མཁྲིས་རྒྱས་པ་ལ་གདབ། བཞི་པ་གློ་བ་འི་གསང་དང་ལྔ་པ་གློ་བུའི་གསང༌། དེ་གཉིས་ལ་གློ་བ་ལ་རླུང་ཞུགས་པ་དང་དང་གློ་བར་བད་ཀན་ཞུགས་པ་ལ་གདབ། །དྲུག་པའི་གཡས་གཡོན་ཏེ་ཁ་གསུམ་ནི་སྲོག་རྩའི་གསང་དང་་བདུན་པའི་གཡས་གཡོན་དབུས་དང་ཁ་གསུམ་ནི་སྙིང་གི་གསང༌། དེ་གཉིས་ལ་སེམས་འཕྱོ་བ་དང་འདར་བ་དང་སྨྱོ་བ་དང་བརྒྱལ་ཞིང་འབོག་པ་ལ་བད་རླུང་གི་ནད་ལ་གདབ། །བརྒྱད་པ་མཆིན་དྲིའི་གསང་དང་དགུ་པ་མཆིན་པའི་གསང༌། དེ་གཉིས་སྒྲེག་པ་དང་སྐྱུག་པ་དང་མཆིན་དྲི་འཁོར་ཞིང་ན་བ་དང་གྲང་བའི་ཚེ་ནབ་དང་ །མཆིན་སྐྲནདང་མཆིན་པར་བད་རླུང་ཞུགས་པ་ལ་གདབ། །བཅུ་པ་མཁྲིས་གསང་སྟེ་མ་ཞུ་མིག་སེར་དང༌། །མཁྲིས་པའི་སྐྲན་དང་མེ་དྲོད་ཉམས་པ་ལ་གདབ། །བཅུ་གཅིག་པ་མཆེར་གསང་སྟེ་ཕོ་བ་སྦོ་བ་དང་འཁྲོག་པ་དང་འུར་བ་ལ་གདབ། །བཅུ་གཉིས་པ་ཕོ་བའི་གསང་སྟེ་མེ་དྲོད་ཉམསཔ་དང་ །ལྷེན་དང་ལྕགས་དྲེག་སྐྲན་གྱི་ནད་ལ་གདབ། །བཅུ་གསུམ་པ་བསམ་སེའི་གསང་སྟེ་ཁུ་ཁྲག་རླུགས་པ་དང་ །མངལ་སྐྲན་དང་སེམས་འཕྱོ་བ་དང་གྲང་རླུང་རྒྱས་པ་ལ་གདབ༌། བཅུ་བཞི་པ་ནི་མཁལ་མའི་གསང་སྟེ་མཁལ་མའི་གྲང་ནད་ལ་བཏབ་པས་སེལ། །བཅོ་ལྔ་པ་ནི་དོན་ལྔ་སྣོད་དྲུག་སྤྱིའི་གསང་ཡིན་པས་གྲང་རླུང་ཐམས་ཅད་སེལ།བཅུ་དྲུག་པ་ལོང་གསང་སྟེ་འུར་འཁྲོག་དང་སྐྲན་ལ་གདབ། །བཅུ་བདུན་པ་རྒྱུ་མའི་གསང་སྟེ་རྒྱུ་སྐྲན་དང།༌། གྲང་རླུང་ནི་ལྦུ་བ་དང་བེ་སྣབས་འཁྲུ་བ་ལ་གདབ། །བཅོ་བརྒྱད་པ་ལྒང་པའི་གསང་སྟེ་རྡེའུ་ནད་དང༌། །གྲང་བས་ཆུ་ཁ་སྲ་བ་དང་སྙིའི་ནད་ལ་གདབ། །བཅུ་དགུ་པ་ཁུ་བའི་གསང་སྟེ་ཁུ་བ་འབྱམས་ཤིང་རླུགས་པ་སེལ། །ཉི་ཤུ་པ་ཐུར་སེལ་གྱི་རླུང་གི་སྒོའི་གསང་ཡིན་ཏེ། །ཕྱེན་མི་ཐུབ་པ་དང་རྟུག་པ་འགགས་པའི་ནད་ལ་གདབབོ།

མདུན་གྱི་མེ་དམིགས་ནི་སྐེ་སྟོང་གི་ཙ་ར་ཁུང༌གི །སྲོག་པ་རྩ་སྙིང་དང་འདོམ་པའི་གསང་ཡིན་ཏེ། །སྙིང་འཆུས་པ་དང་སྐྱིགས་བུ་དང་གྲེ་བ་འགགས་པ་ལ་གདབ།

ནུ་མའི་དཀྱིལ་ཐད་ཀྱི་བྲང་གཞུང་དཀར་ནག་མཚམསནི སེམས་འཕྱོ་བ་དང་འདར་བ་དང་སྙིང་མི་དགའ་བ་ལ་གདབ་པར་བྱ།

ལྷེན་སྣའི་རྩེ་ནས་ཐུར་དུ་མཚོན་གང་ས་ན་ལྷེན་གྱི་གསང༌མེ་གསང་དང་ཐུར་གསང་རྣམས་གཞལ་བའི་ཚེ་མཚོན་ཚད་སྨྲོས་པ་ཐམས་ཅད་ནད་པ་ཁོ་རང་གི་མཐེ་བོང་གི་མཚོན་ཡིནཔས་ངེས་པར་གྱིས་ཤིག། །དེ་འོག་མཚོན་གང་གི་ས་དང་དེའི་གཡས་གཡོན་ན་མཚོན་རེ་རེ་བཅལ་བ་ཁ་གསུམ་ནི་སྐྲན་གྱི་གསང༌། །དེའི་འོག་ཏུ་མཚོན་གང་གི་ས་དང་དེའི་གཡས་གཡོན་ན་མཚོན་རེ་རེ་ཁ་གསུམ་མེ་མཉམ་གྱི་གསང༌། དེ་རྣམས་རིམ་བཞིན་ལྷེན་དང་སྐྲན་དང་མེ་ཉམས་གྲང་རླུང་རྒྱས་པ་རྣམས་ལ་རིམ་བཞིན་སོ་སོར་གདབ

ལྟེ་བའི་གཡས་དང་གཡོན་ནས་མཚོན་རེ་རེ་བཅལ་བ་ལོང་གི་ཐེརགཉིས་ཡིན། །དེ་ནས་གཡས་དང་གཡོན་མཚོན་རེ་རེ་བཅལ་བ་ལོང་ཕུགས་ཀྱི་གསང༌ཡིན་ལ། །ལོང་སྐྲན་དང་སྦོ་བ་དང་འཁྲོག་པ་དང་འཁྲུ་བ་འབྱམས་པ་རྣམས་ལ་གདབབོ།

ལྟེ་བའི་འོག་ཏུ་མཚོན་གང་བཅལ་བ་ཁ་གསུམ་ནི་རྒྱུ་སྟོད་ཀྱི་གསང༌ཡིན་ལ །དེའི་འོག་ཏུ་མཚོན་གང་བཅལ་བ་ན་ཁ་གསུམ་རྒྱུ་སྨད་ཀྱི་གསང༌ཡིན་པས །རྒྱུ་མར་གྲང་རླུང་ཞུགས་པ་དང་དང་འཁྲུ་བ་ལ་གདབབོ།

དེ་འོག་མཚོན་གང་བཅལ་བ་ཁ་གསུམ་ལྒང་པའི་གསང༌ཡིན་པས །གྲང་བས་ཆུ་ཁ་སྲ་བ་དང་སྙི་བ་སེལ་བར་བྱེདདོ།

ད་ནི་མགོ་དང་ཡན་ལག་ལ་མཛུབ་ཚུགས་སུ་བསྟན་པའི་གསང་དམིགས་ནི། ལྟག་པའི་སྡུད་སྒོ་དང་སྤྱི་གཙུག་དང་མཚོགས་མའི་འདུས་སོ་གསུམནི །རླུང་གིས་མགོ་འཁོར་ཞིང་འགྱེལ་བུག་བྱེད་པའི་ནད་ལ་གདབ། །སྨྱོ་ཞིང་མང་པོ་ལབ་པ་དང་བརྒྱལ་ཞིང་འབོག་ན་ལྟག་པའི་སྤུ་འཁྱིལ་གཉིས་ལབསྲེགཅེས་སོ་མ་རཱ་ཛཱར། རྣ་མདུན་ཟ་འགྲམ་རུས་སྣེར་གདབ། །འོན་དང་ཁ་འབྱེད་མི་ཤེས་དང་། །ཁ་མིག་ཡོན་པོ་དག་ལ་ཕན། །ཞེས་འབྱུང་བ་ནི་ཤིན་ཏུ་ཕན་པར་སྣང་ངོ་། །རླུང་རིམས་ཀྱིས་ཁ་ལྐུགས་ཤིང་སྨྲ་མི་ཤེས་པ་ལ་མ་མཆུའི་འོགཙམ་དུ་གདབ། །ལྐོག་མའི་ནད་ཀྱིས་སྨྲ་མི་ཤེས་པ་ལ་རྐང་པའི་ཕྱིའི་ལོང་བུའི་སྟེང༌ནས །གྱེན་དུ་ནད་པ་ཁོ་རང་གི་སོར་བཞི་གཞལ་བ་ཡི་ཆུ་བའི་བར་དུ་གདབ། །རིམས་ནད་ཀྱིས་ངུ་བ་དང་ལབ་པ་དང་འདྲེ་མཐོང་བ་སོགས་ལ་ལག་པ་ཡི། །མཁྲིག་མའི་ཕྱི་ནང་དུ་སོར་བཞི་ཡར་བཅལ་བའི་ཆུ་བའི་བར་དུ་གདབ། །ཕོ་མཚན་མི་ལྡང་བ་དང་ས་བོན་ལུག་པ་ལ། རྐང་པའི་ནང་ངོས་ཀྱི་ལོང་བུའི་ཐད་དྲང་གི་ངར་གདོང་གི་ཆུ་བར་བསྲེག རྐང་པ་བཤལ་ཞིང་འགྲོ་བ་དཀའ་ན་ལག་པ་གཡས་པས་རྐང་པ་གཡས་དང་གཡོན་པས་རྐང་པ་གཡོན་དུ་བཅལ་བ་ཡི། །གུང་མོས་གང་སླེབ་པའི་སའི་རྐང་པའི་བརླ་ཡི་ཕྱི་ངོས་ཀྱི་སུལ་དུ་བསྲེག །བུད་མེད་བུ་བཙས་ནས་སྐྲངས་པ་ལ་ཨོལ་གོང་གི་འཛུམ་ནི་མ་མཆུ་འགུལ་ཙམ་བྱས་ན་འཛུམ་སྐྱོང་འོང་བ་དེ་ཡིན་བསྲེག །ལྟག་པ་དགུ་མི་ཤེས་པར་རེངས་སམ་རླིག་པ་སྐྲངས་པ་དང༌། །སྨྱོ་བ་དང་ལྐུགས་པ་ལ་རྐང་པའི་གཉིས་ཀ་མཐེ་བོང་གི་རྒྱབ་ངོས་སྤུ་སྐྱེས་པ་དེ་བསྲེག །མིག་ཚག་པ་དང་འབོག་ལ་རྐང་པའི་ཕྱི་རྟིང་པའི་དྲེག་པ་ཆག་མི་ཆག་གཉིས་ཀྱི་མཚམས་དེར་བསྲེག རྒྱུ་མ་དང་ལོང་དང་ཕོ་བ་གླང་ཐབས་སུ་ན་བ་ལ་རྐང་པའི་ནང་ངོས་ཀྱི་ལོང་བུའི་འཕར་རྩ་བསྲེག །དངངས་པ་དང་སྐྱིགས་བུ་དང་སྐྱུག་པ་ལ་སྐེ་སྟོང་ཙ་ར་ཁུང་དུ་བསྲེག །མཆུ་ནད་ལ་སྲིན་ལག་གཡས་གཡོན་གྱི་རྒྱབ་ངོས་ཀྱི་ཚིགས་མགོ་གསུམ་པོ་གསུམ་མམ་གཉིས་སམ་གཅིག་གམ་ནད་ཚབས་དང་བསྟུན་ལ་བསྲེག །སོ་ནད་སོ་གང་ན་བ་ངོས་དེའི་རྣ་བའི་དྲུང་པོ་གང་ན་ངོས་ཀྱི་ལག་པའི་སྲིན་ལག་རྩེ་མོ་བསྲེག །སྣ་ཁྲག་མ་ཆོད་ན་སྣ་ཁྲག་ཡོང་ངོས་གཡས་གཡོན་གང་ཡིན་དེའི་སྣ་བུག་གི་དབུགས་ཀྱིས་གར་སླེབ་པའི། །དཔུང་པ་གཡས་གཡོན་གང་ཡིན་པ་དེའི་མགོ་ལ་མེ་བཙའ་གདབབོ།

དེ་ནི་མེ་བཙའ་གདབ་ཐབས་བཙོ་བ་དང་བསྲེག་པ་དང་བསྲོ་བ་དང་སྡིག་པ་དང་བཞིཡིན་པ་ལས་བཙོ་བ་ནི །འབྲས་དང་སྐྲན་ལ་གཅིག་ཐོག་ཏུ་མེ་ཐེབས་ཉི་ཤུ་ཡན་ཆད་གཅིག་ཐོག་ཏུ་གཅིག་བསྐྱར་ལ་བཙོ། བསྲེག་པ་ནི་བད་ཀན་སྐྱ་བོ་དང་ཆུ་སེར་དང་སྙིང་རླུང་ལ་མེ་ཐེབས་བཅོ་ལྔས་བསྲེག །རླུང་དང་སྲིན་དང་རྩ་ཆུ་འགགས་ན་སྤྲ་བ་མེ་ཐེབས་ལྔའམ་བདུན་གྱིས་སྲོ། སྡིག་པ་ནི་བྱིས་པའི་མེ་བཙའ་ལ་སྤྲ་ཚུགས་རེ་ཡིས་བསྡིཙམ་བྱེད།  །བུ་བཙས་རྗེས་དང་བཤལ་གྱི་རྗེས་དང་རྩ་ཆད་པ་འཐུད་པ་དང་གསུམལ་ནི །ཧ་ཅང་བསྲེགས་པ་དྲགས་ན་ཉེས་པ་ཆེབ་ཡིན་ནོ།

དེའང་སྤྲ་བ་དམིགས་སུ་བཞག་ལ་མེ་སྤར་སྐྱབས་འགྲོ་བྱ། །མེ་ནད་སྟེང་དུ་ཕེབས་པ་ན་ཐལ་བ་མི་འགུལ་ཐལ་བར་མཆིལ་མ་ཐུད་གྱིས་གདབ། །དུ་བ་ཆད་ནས་སྤྲ་བའི་ལྷག་མ་དེ་ཁབ་མགོས་གསང༌། བསྐྱར་ན་སུམ་གཉིས་མཆེད་ནས་ཡང་སྤྲ་བ་གཅིག་ལ་སྤར། །ཚ་བ་རྒྱུན་མི་ཆད་ན་ཚོས་པ་སྐྱེན།

བསྲེག་ལེགས་ན་མེ་ཁོད་སྙོམས་ཡ་ཡོ་མེད་པ་དང༌། །ཆུ་བུར་ཕྲ་མོས་མཐའ་བསྐོར་བ་དང་མེ་ཤུལ་ན་ཚ་མེདཔ་འབྱུང་།

ཚོས་པའི་ཚད་ནི་མདུན་དུ་བཏབ་པས་རྒྱབ་ཏུ་ཀར་རྩེ་ནབ་དང་ །རྒྱབ་ཏུ་བཏབ་ན་མདུན་དུ་ན་ཞིང་སྐྱུག་པ་སྙམ་བྱེདན་ ཚོས་པ་ཡིན་པས་སྤྲ་བ་བསྲེག་འཕྲོ་བཅད༌། དེའང་ཏོག་ཅེས་པའི་སྒྲ་ཐོན་ཅིང་སྤྲ་བ་ཡར་ན་ཕན་ཆེར་ཡོང་བར་འདོདཔ་ཡིན་ནོ།

ཕྱི་རྗེས་ནི་མེ་ཤི་ནས་སྤྲ་བ་གྲངས་པ་དང་མཐེབ་བོང་གིས་རྒྱས་གདབ། ནད་པ་དེ་ལངས་ནས་གོམ་པ་འགའ་བཅགས་དེའི་ནུབ་མོར་ཆུ་མི་བཏུང༌ཞིང་དེར་མ་ཟད་ནད་པའི་འདྲིལ་དུ་རྟེན་དམར་པོ་དེ་ལའང་ཆུ་བླུག་པར་སོར་སྒྲ་མི་ཐོས་པ་བྱེད གོམ་པ་འགའ་བཅགས་པས་ནི་ལུས་བརྟས་སམ་རྒྱས་པར་བྱེད་དེ་ནུབ་ཆུ་འཐུངས་ན་མེ་ཆུས་དབལ་གསོདཔ་ཡིན སྣོད་དྲུག་པོ་ལ་ནི་ཟས་ཟོས་པའི་རྗེས་ལ་མེ་མི་གདབབོ།

མེ་བཙའི་ཕན་ཡོན་ནི་རྩ་ཡི་འབྲོས་འཕྲང་འགགས་པར་བྱེདཔ་དང་ །ཨ་ནའི་ཟུག་གཅོག་པར་བྱེད་པ་དང་རླུང་ནད་ཁ་ཡན་རྣམས་གནོན །མ་ཞུ་བ་འཇུ་ཞིང་ལྷེན་དང་སྐྲན་སོགས་བཤིག་པར་བྱེད། །འབྲས་དང་རྨ་རྒན་དང་ཤ་རོ་ངན་པ་རྣམས་གཅོདཔ་དང་ །སྐྲངས་པའི་མགོ་གནོན་པ་དང་ཆུ་སེར་འདྲེན་ཅིང་སྐེམ་པ་དང་སྡོམ། །དོན་སྣོད་ཀྱི་ཐིག་སྒོ་བསྲུང་ཞིང་ཕོ་བའི་མེ་དྲོད་སྐྱེད་པ་དང་དྲན་པ་གསལབ་དང་ །གསོ་དཔྱད་གཞན་བརྡུགས་པ་ཕལ་ཆེར་མེ་བཙའ་ཡིས་གསོབར་བྱེད་དོ ཞེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་མེ་བཙའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།