སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་གསུམ་པ། དྲི་མ་འགགས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་ང་གསུམ་པ། དྲི་མ་འགགས་པ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དྲི་མ་འགགས་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུགས། །རྒྱུ་ལོང་བཤང་ལམ་སྐམས་ནས་དྲི་མ་སྡོམ།།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་སྲིན་ནད་དང༌། །ཐུར་སེལ་ལོག་དང་རྣམ་པ་ལྔར་བཤད་དོ།།

སྤྱི་དོན་གསུམཔ་དེ་རྟགས་དང་པོ་རླུང་གྱུར་ཕོ་བ་རླུང་འཁྲོག་སྟུག་པ་སྐམ་པས་ཤ་རིལ་འདྲ། །གཉིས་པ་མཁྲིས་པ་རྒྱུ་ཞབས་ན་འདྲིལ་འོག་རླུང་དམ་ལ་མཁྲེགས། །གསུམ་པ་བད་ཀན་ལྟོ་ལྕི་སྒྲེག་ཅིང་གསུས་པ་སྐྲངས། །བཞི་བ་སྲིན་གྱུར་ཨ་ལོང་སྦུབ་ཀྱི་ཁ་ཟ་ཞིང་ནང་ལ་སྐབས་དེར་ལྡང་དུབ་བྱེད། །ལྔ་བ་ཐུར་སེལ་ལོག་པ་ཕོ་ལོང་འཁྲོག་སྒང་སྦོས་ནས་ཕྱེན་མི་ཐོན།།

སྤྱི་དོན་བཞི་བ་བཅོས་ཐབས་སྤྱི་བྱེ་གཉིས་ལས་དང་པོ་ཀུན་ལ་རླུང་ལ་ཤུ་ཏིའི་ནི་རུ་ཧ་སོགས་རང་རང་གི་གཉེན་པོ་གཙོར་བྱས་པའི་ནི་རུ་ཧ་ཡིས་དྲང༌། །གཉིས་པའི་དང་པོ་རླུང་ལ་ཤུ་ཏི་གཉིས་པ་མཁྲིས་ལ་ལྕུམ་རྩ་སྟེ། །གསུམ་་པ་བད་ཀན་དྲོད་སྨན་བཞི་བ་སྲིན་ལ་བྱི་ཏང་ག །ལྔ་བ་ཐུར་སེལ་ལོག་ན་རླུང་སྣ་རླུང་གིས་དྲངས་འདི་ལ་སྔགས་ཀྱི་ལུགས་ཀྱི་རླུང་ཕྱོགས་ལ་འབྲེལ་པ་ཞིག་ཡིན་ན། །ཐོག་མར་རྒྱབ་རླུང་ཚན་ཆེར་བཅུག་ནས་དེ་རྗེས་སྟེང་རླུང་རྔུབས་ལ་མནན་ཅིང་འཕུལ་འཛིན་པར་རྒྱབ་རླུང་ཐུར་དུ་བཙིར་ན་མཆོག་ཏུ་འགྱུར་བ་ཡིན་ལ། གཞན་གང་ཟག་ཕལ་པས་ནི་རྒྱུད་འདི་ཉིད་ཀྱི་མ་ཞུ་བ་བཅོས་པར་འོག་རླུང་སློད། སྟེང་རླུང་མནན་པར་རླུང་སྤྲུགས་པར་གསུངས་པ་ལྟར་བྱ་ཞིང་ཕོངས་རླུང་ཕྱོགས་སུ་འཇོམས་པ་ཡིན་ནོ། །ཨ་རུ་ལྕུམ་རྩ་བུལ་ཏོག་བསྡུས་པའི་ཐང༌། །དྲི་མ་སྐམས་པ་གང་ཡང་རླན་པར་བྱེད། །ཟས་སྤྱོད་ཁོང་སྨན་འདུ་བ་སྤྱི་བཅོས་དང་འདྲ་རྒྱས་པ་རྒྱུ་ལོང་གི་ལེའུར་ལྟོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དྲི་མ་འགགས་པ་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།