སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་གཉིས་པ། འཁྲུ་བའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་ང་གཉིས་པ། འཁྲུ་བའི་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག འཁྲུ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་ནི་མ་ཞུ་གནས་སྐབས་འཁྲུ་བ་དང༌། །ཕོ་བའི་མེ་ཉམས་རྒྱུ་ལོང་གྲང་བ་སྐྱེས། །མཁྲིས་པ་སྣོད་ལྷུང་མཆིན་ཚད་ཐུར་དུ་བབས། །སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་འདུས་པའོ།།

སྤྱི་དོན་གསུམ་པ་དེ་རྟགས་སྤྱི་བྱེ་བྲག་གཉིས་ལས་དང་པོ་མ་ཞུ་དོན་མེད་འགྱིངས་རྗེས་འཁྲུ། །མེ་ཉམས་ཁ་ཟས་མ་སྨིན་རྒྱུན་པར་འབྱང༌འཁྲུ། །རྒྱུ་ལོང་གྲང་བ་འཁྲོག་འུར་གྲང་ན་ལྡང༌། །མཁྲིས་པ་སྣོད་ལྷུང་སེར་པོ་ཚ་བཅས་འཁྲུ། །མཆིན་ཚད་བབས་པ་དམར་སྨུག་དུད་ཁུར་འཁྲུ། །གཉིས་པའི་དང་པོ་རླུང་གྱུར་སྦོ་འཁྲོག་ལྦུ་བ་སྒྲ་བཅས་འཁྲུ། །གཉིས་པ་མཁྲིས་པ་དམར་སེར་དྲི་མནམ་ཚོར་མེད་འཁྲུ། །གསུམ་པ་བད་ཀན་བེ་སྣབས་འཁྲུ་ལ་ལྟོ་ལྕི་སྒྲེག །བཞི་བ་འདུས་པ་ལས་གྱུར་རྟགས་ཀུན་ལྡན་པར་འཁྲུ།།

སྤྱི་དོན་བཞི་བ་བཅོས་ཐབས་སྤྱི་བྱེ་གཉིས་ལས་དང་པོ་མ་ཞུ་མེ་དྲོད་ཉམས་པ་ལ། །སྨྱུང་བྱ་ཡོས་ཐུག་ཤ་གསར་སྒ་སྤོད་བྲན། །བུངས་ཆུང་བསྟེན་ཞིང་ཆུ་སྐོལ་ཆང་འཇམ་བསྟེན། །ད་ལིས་བདུན་དང་རྒོད་མ་ཁ་ཕྱེ་མ་གཉིས་ཕྱི་རྒྱུད་ལྟར་སྦྱར། །ཚྭ་སྣ་རྒྱ་རྒྱམ་ལྕེ་ཁ་ཐལ་ལྔ་ཚ་བ་སྒ་པོ་ཕོ་དབྱི་ཙི་ལྔ་དང་ལ་ལ་ཕུད། །སེ་འབྲུ་ཤིང་ཀུན་བུ་རམ་རིལ་བུ་བཏང༌། །སེ་འབྲུ་ཤིང་ཚ་དྲོད་སྒ་པི་ཕོ་གསུམ་དངཚ་བ་དབྱི་སྲུབ་ལྕེ་གསུམ་འདིར་དྲོད་གསུམ་ལ་ཛཱ་སུག་ཀ་དང་ཚ་བ་གསུམ་ལ་སྒ་པི་ཕོ་གསུམ་བྱས་ན་དོན་ལ་གནས་པ་འདྲ། །ལ་ལ་ཕུད་རྣམས་དྲོད་སྐྱེད་འཁྲུ་བ་གཅོད། །ཟས་སྤྱོད་བསིལ་སྤང་གཅན་གཟན་གཡི་སྤྱང་ལྤགས་པའི་སྤུ་དུགས་བསྟེན། །རྒྱུ་ལོང་གྲང་བ་ལོང་གསང་མདུན་རྒྱབ་བསྲོ། །ཙི་ཏྲ་ཀ་དང་སུག་སྨེལ་ཚ་བ་སྒ་པི་ཕོ་གསུམ། །བུ་རམ་སྦྱར་བཏང་ལྕམ་པའི་ཚ་བ་ཐུག་པ་བཏང༌། །མཁྲིས་པ་སྣོད་ལྷུང་མཁྲིས་ཕྱེ་བདུན་པ་ཕྱི་རྒྱུད་ལྟར་སྦྱར། །མཆིན་ཚད་ཐུར་བབས་བད་ཀན་སྨུག་པོར་ལྟ་བུར་བཅོས། །གཉིས་པའི་དང་པོ་རླུང་གིས་འཁྲུ་ལ་སྣུམ་དུགས་འཇམ་རྩི་བྱ། །སེ་འབྲུ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང་ཁ་རུ་ཚྭ། །ཤིང་ཀུན་བུ་རམ་སྦྱར་བཏང་ཞུན་མར་བླུད། །གཉིས་པ་པ་མཁྲིས་གྱུར་སེ་འབྲུ་བོང་ང་བཅའ་སྒའི་ཐང། །རྩ་མཁྲིས་གླ་སྒང་ཧོང་ལེན་དུག་མོ་ཉུང༌། །ཙི་ཏྲ་ཀ་དང་ཚྭ་རྒྱ་རྒྱམ་ཁ་གསུམ་བུ་རམ་སྦྱར། །མཁྲིས་སྐྲན་མིག་སེར་འཁྲུ་བ་གཅོད་པར་བྱེད། །གླ་སྒང་བོང་ང་དཀར་པོ་བིལ་བ་དུག་མོ་ཉུང༌། །ཏིག་ཏ་པ་ཏྲ་གོ་ཡུ་འུ་སུ་སྐྱེར་ཁཎྜ། །སྒ་དང་འབྲས་བཀྲུས་ཁུ་བ་སྦྱར་བླུད་ན༌།  ཁྲག་དང་མཁྲིས་པར་འཁྲུ་ཞིང་འཁྲོག་པ་སེལ། །གསུམ་པ་བད་ཀན་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང་ཨ་རུ་ར། །འུ་སུ་གནྔྷ་གུ་ཡུ་ཤ་ཁུ་འབྲས་ཐུག་བླུད། །ཤིང་ཀུན་ཤུ་དག་ཧོང་ལེན་བོང་ང་དཀར། །དུག་ཉུང་པ་ཏྲ་གུ་ཡུ་གཟེ་མ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། །ཚྭ་སྣ་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་ཐལ་ཚྭ་ལྔ་དང་ཏིལ་དང་ཞོ་བཙོས་ཐལ། །མར་སྦྱར་བད་རླུང་མ་ཞུ་སྐྲན་འཁྲུ་སེལ། །འདིར་འདུས་པའི་འཁྲུ་བ་ལ་བཅོས་མ་གསུངས་པ་ན་སྐབས་དོན་འཕྲུལ་ཤེས་དགོས་པར་དགོངས་པའོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུ་བའི་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།