སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་གཅིག་པ། སྐྱུགས་པའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་ང་གཅིག་པ། སྐྱུགས་པའི་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྐྱུགས་ཀྱི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་མ་ཞུ་ལྷེན་དང་ལྕགས་དྲེག་དང༌། །ཁོང་འབྲས་བད་སྨུག་སྲིན་བུ་སྟེང་རླུང་འཁྲུགས། །མི་སྡུག་ཡུལ་མཐོང་རྣམས་ཀྱིས་གྱེན་དུ་སྐྱུག།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་བཞི། །སྤྱི་དོན་གསུམ་པ་དེ་རྟགས་སྤྱི་དང་ཁྱད་པར་གཉིས་ལས་དང་པོ་མ་ཞུ་གང་ཟོས་དེ་ཉིད་སྐྱུག །ལྷེན་དང་ལྕགས་དྲེག་ཆུ་སྐྱུར་བད་ཀན་སྐྱུག །ཁོང་འབྲས་ཁ་ཟས་ཀུན་ལ་མི་འདོད་པ་འཁྲེན་པ་སྟེ། །བད་ཀན་སྨུག་པོ་རྒྱ་བཤལ་དུད་ཁུ་སྐྱུག །སྲིན་གྱིས་སྲིན་སྐྱུག་རླུང་འཁྲུག་སྟོང་སྐྱུགས་བྱེད། །མི་སྡུག་ཡུལ་མཐོང་དྲི་ཚོར་རེག་པས་སྐྱུག །གཉིས་པའི་དང་པོ་རླུང་གྱུར་ལྦུ་ཅན་ཆུ་ཐབས་སྐྱུག་པ་ལ། །བྲང་རྒྱབ་རྩིབ་ལོགས་གཟེར་ཞིང་མགོ་བོ་འཁོར། །གཉིས་པ་མཁྲིས་གྱུར་ཁ་ཁ་སེར་པོ་ཁྲག་ཅན་སྐྱུག །ལུས་ཚ་སྐོམ་དད་ཆེ་ལ་མགོ་བོ་གཟེར། །གསུམ་པ་བད་ཀན་ལས་གྱུར་བེ་སྣབས་བསྐ་མངར་སྐྱུག །དང་ག་འགག་ཅིང་གདོང་སྐྲངས་བྲང་ཁ་ན། །བཞི་བ་འདུས་པ་ལས་ནི་ཀུན་རྟགས་སྟོན་པར་བྱེད་བཤང་གཅི་དྲི་མནམ་པས་དྲག་པོར་སྐྱུག་ན་འཆི་བ་ཡང་ཡིན།།

སྤྱི་དོན་བཞི་བ་བཅོས་ཐབས་སྤྱི་བྱེ་བྲག་གཉིས་ལས་དང་པོ་ཀུན་ལ་སྨྱུང་བྱ་ཆུ་ཚན་བཏུང༌། །ཟས་སྐོམ་ཡང་ལ་འཇུ་སླ་ཅུང་ཟད་བསྟེན། །ཟས་ཟོས་རྗེས་ལ་ཆུ་གྲང་གདོང་བཀྲུ་གཏོར། །ཁྱད་པར་མ་ཞུ་ཕྱི་རྒྱུད་ལྟར་རྒྱམ་ཚྭ་ཨ་རུ་སྒ་གསུམ་པས་བཞུ། །ལྷེན་དང་ལྕགས་དྲེག་ཅོང་ཞིའི་འཁྲུལ་ཐལ་སྨན་རྗེས་ལ་རློན་སྐྱུག་བྱ་བའི་མིང་། །ཁོང་འབྲས་ཚེར་སྔོན་སྔོ་ཡི་ཚ་བ་ལྕེ་དབྱི་སྲུབ་གསུམ། །ཐར་ནུ་བསྲེགས་ཐལ་རྒྱ་ཚྭ་སེར་མཚུར་སྦྱར། །རྒྱ་བཤལ་དུད་ཁུ་སྐྱུག་ལ་སྨུག་པོ་བཞིན་བཅོས། །སྟེང་རླུང་འཁྲུགས་ལ་རྐེ་སྟོང་ལྷེན་གསང་ཁ་གསུམ་ཚིགས་པ་དྲུག་པ་མེ་བཙའ་སྲེ་ལོང་གི་རུས་ཐང་བཏང༌། །སྲིན་ལ་དེའི་་སྨན་མི་སྡུག་པས་སྐྱུགས་པ་ལ་ཡིད་འོང་བཟློག །གཉིས་པའི་དང་པོ་རླུང་གྱུར་ཚ་བ་སྒ་པི་ཕོ་གསུམ་དང་ཚྭ་སྣ་རྒྱ་ལྕེ་ཁ་གསུམ། །འབྲིའི་ཞུན་མར་སྦྱར་བཏང་རླུང་གསང་བྱུག་བྱས་མེ་བཙའ་བྱ། །གཉིས་པ་མཁྲིས་གྱུར་རྒུན་འབྲུམ་ཤིང་མངར་དུར་བྱིད་ཀྱིས་སྦྱངས་རྗེས་འབྲས་ཡོས་ཀ་ར་ཀྱི་སྦྱོར་བས་བཅད། །གསུམ་པ་བད་ཀན་ནིམ་པ་པི་པི་ལིང་སོ་ཆ་ཡུངས་དཀར་གྱིས་སྐྱུགས་རྗེས་བྱི་ཚེར་སྦྲང་སྦྱར་རམ། །སེ་འབྲུ་འབྲས་ཡོས་ནས་ཕྱེ་སྦྱར་བ་བྱིན། །བཞི་བ་འདུས་པའི་ནད་ལ་རླུང་མཁྲིས་བད་ཀན་གསུམ་གས་དང་བཅོས་པར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐྱུགས་པའི་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་རྩ་གཅིག་པའོ།། །།

         

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།