སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་གསུམ་པ། ཐང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་གསུམ་པ། ཐང་གི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ལག་ལེན་བཅོ་བརྒྱད་ནད་ཀྱི་དཔུང་འཇོམས་པའི། །རྐང་གྲངས་ལག་ཏུ་བླང་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །གསོ་ཐབས་ལག་ལེན་རྐང་གྲངས་འདི་ལྟ་སྟེ། །ལག་ཏུ་བླང་བའི་གཉེན་པོ་མདོར་འུབས་ཀྱིས་ཧྲིལ་གྱིས་དྲིལ་ན་སྨན་དང་དཔྱད་གཉིསལ་འདུས་པ་ཡིན དེ་ཡི་སྨན་ལ་ཞི་བྱེད་དང་སྦྱང་བ་གཉིས་ཡིན་ཏེ་ཞི་བྱེད་ལདབྱེ་ན །ཐང་དང་ཕྱེ་མ་དང་རིལ་བུ་དང་ལྡེ་གུ་དང་སྨན་མར་དང་ལྔཡིན་པས་དེ་ལ །སྡེ་ཚན་ལྔ་ཞེས་སྤྱི་རུ་གྲགས་པ་ཡིནནོ །འོན་ཀྱང་སྡེ་ཚན་ལྔ་པོ་དེའི་སྟེང་དུ་ཐལ་སྨན་དང་ཎྜ་དང་སྨན་ཆང་དང་གསུམབསྣན་པས །སྡེ་ཚན་བརྒྱད་ཀྱིས་ཞི་བྱེད་ཅེས་པའི་སྦྱོར་བ་བསྟན། ཞི་བྱེད་དེ་ཐམས་ཅད་ལོག་གནོན་རིན་པོ་ཆེའི་སྦྱོར་བ་དང་བཅས་པའི་སྡེ་ཚན་དགུ། དེའི་སྟེང་གློ་བུར་དུ་ཐུག་ཕྲད་ལ་སྔོའི་སྦྱོར་སྡེ་དང་བཅས་པས་སྡེ་ཚན་བཅུཡིན་ཡང་ །དེ་ཡང་ཐལ་སྨན་ནས་སྔོ་སྦྱོར་གྱི་བར་ལྔ་པོ་ཡང་གོང་གི་སྡེ་ཚན་ལྔ་རུ་མ་འདུས་མེདདོ།ཐལ་སྨན་སོགས་སྡེ་ཚན་ལྔའི་ཁོངས་སུ་བསྡུ་བའི་རིགས་པས་དཔགས་ན་རྩ་སྦྱོང་ཀྱང་བཤལ་གྱི་ཁོངས་སུ་བསྡུ་རིགས་པ་ལ་གཞུང་གི་དངོས་བསྟན་མ་བསྡུས་པ་འདི་ལ་དགོངས་གཞི་ཁྱད་ཅན་ཞིག་འདུག་མོད་ཀྱང་དེང་སང་སྨན་པ་ཕལ་ཆེར་རྩ་ལྟོའི་སྨན་བསྲེས་ནས་རྩ་ལྟོ་སྤྲུགས་མ་ཡིན་ཟེར་བ་འདི་ཚོ་ལ་ཚ་བར་འདུག་གོ།

དེ་སྟེང་སྦྱོང་བྱེད་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་དང༌གཅིག དངོས་གཞི་ལ་བཤལ་དང་སྐྱུག་དང་སྣ་སྨན་དང་འཇམ་རྩི་དང་ནི་རུ་ཧདང་དྲུག །སྦྱོངས་ཀྱི་ལོག་གནོན་རྩ་ནས་སྦྱང་བ་དང་བདུནཡོད་དོ།

དེ་སྟེང་དཔྱད་ལ་ནི་གཏར་བ་དང་བསྲེག་པ་དང་དུགས་དང་ལུམས་དང་བྱུག་པ་སྟེ་ལྔ། དེ་སྟེང་དེ་ཡི་ལོག་གནོན་ཐུར་མའི་དཔྱད་དང་དྲུགཡོད་དེ། དེ་ལྟར་སྤྱི་རུ་སྡོམས་པས་རྒྱས་བཤད་ཉི་ཤུ་གསུམ། །ཐང་དང། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར། ཐལ་སྨན། ཁཎྜ། སྨན་ཆང་། རིན་པོ་ཆེ། སྔོ་སྦྱོར། སྣུམ་འཆོས། བཤལ། སྐྱུག། སྣ་སྨན། འཇམ་རྩི། ནི་རུ་ཧ། རྩ་སྦྱོང་། གཏར། བསྲེག དུགས། ལུམས། བྱུག་པ། ཐུར་མའོ།། །མདོ་རུ་བསྡུས་པའི་ལག་ལེན་བཅོ་བརྒྱད་དེ་ཡང་ཐལ་སྨན་ཕྱེ་མའི་ཁོངས་སུ་བསྡུ། སྨན་ཆང་དང་ཁཎྜ་གཉིས་ཐང་གི་ཁོངས་སུ་བསྡུ། རིན་པོ་ཆེ་དང་སྔོ་སྦྱོར་གཉིས་རིལ་བུའི་སྡེ་ཚན་གྱི་ཁོངས་སུ་བསྡུ། གཞན་རྣམས་གོང་ལྟར་བགྲངས་པས་བཅོ་བརྒྱད་འདི། །ནད་ཀྱི་དགྲ་དཔུང་འཇོམས་པའི་མཚོན་ཆ་ཡིན། །དེ་རྣམས་ལག་ཏུ་བླང་བའི་རིམ་པ་ནི། །དང་པོ་ཞི་བྱེད་སྨན་གྱི་ཨོ་ཥདྷི་བཱི་རོ་ཊ་རུ་སྡེ་ཚན་བསྟན། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན

ཐང་སྦྱོར་སྡེ་ཚན་ལ་ཡང་ཚ་སེལ་དང་གྲང་སེལ་གཉིསཡོད །དེ་ལ་ཚ་བ་སེལ་བའི་ཐང་གི་སྡེ་ཚན་ནི། མཏག་པུར་ཎ་མི་ཐོད་རྙིང་པ་སྣུམ་ཞག་མེད་པ་གྷརྫ་ཌ་དྷ་འབྲུག་རུས་སུམ་ཅུ་ཏིག་ཏ་གསུམ། ཁུ་བ་སུམ་གཉིས་སུ་བསྡུས་ཏེ་གྲངས་སུ་བཅུག་པའི་ཐང་གིས་མགོ་བོའི་ནད་སེལ་བར་བྱེད། ལོཧ་ལྕགས་ཕྱེ་ཧ་རིཏ་སྐྱེར་པའི་བར་ཤུན་སྟོན་ནམ་དཔྱིད་བཤུས་པ་དང་འབྲས་བུ་ཨ་བར་སྐྱུར་གསུམ། །ཁུ་བ་གྲངས་ནས་བཏང་བས་མིག་ནད་སེལ་བར་བྱེད། ཀྲུཐ་རུ་རྟ་ཧ་ཏྟ་ཨ་རུ་ར་ཡི་ཁུ་བ་ཡིས། རྣ་བའི་རྣག་ཁྲག་དང་ཟུག་གཟེར་འཇོམས་པར་བྱེད། ཁིཏར་སྐྱེར་པ་ཟི་ཧང་དེའུ་མཁན་སྐྱ་བསྡུས་པའི་ཁུ་བ་ལ། བྷལུཀསིཏྟ་དོམ་མཁྲིས་བཏབ་བཏང་སྣ་ཁྲག་འཛག་པ་གཅོད། པ་དུ་བ་རིཤ་ནག་མཚུར་ཞུ་མཁན་སེང་ཕྲོམ་ཀིཀྵ་ཨ་རུའི་གྲང་ཐང་གིས། མཁུར་བཀང་ཞེས་ཁུ་བ་ཁ་ནང་དུ་བཟུང་འཕོི་བ་ཡང་ཡང་བྱ་བའི་དོན་ལ་དེས་ཁ་ཡི་ཁྲག་ནད་ཟུག་གཟེར་འཇོམས། བིཥ་བོང་ང་དཀར་པོ་མདྷ་ཛཥྚ་ཤིང་མངར་པུཎྜ་རིཀ་སྤང་རྒྱན་དཀར་པོ་རྣམས་བསྡུས་ཁུར། ཤིང་ཅུ་གང་དང་ཀར་སྦྱར་བས་སྐད་འགགས་ཚ་སྐམས་སེལ། ཀ་ཐལྡ་སོ་ཕག་ཕ་གུ་རྙིང་པ་བསྡུས་ཁུར་ཧ་ནིལ་འུ་སུ་ཀ་ར་བཏབ། མཁུར་བཀང་ཁ་ལྕེ་གྲེ་བ་སྐམས་པ་སེལ། །ཙན་དན་དཀར་པོ་སྣ་མ་ཛཱ་ཏི་སྙིང་ཞོ་ཤ་ཡི་ཐང༌། །བསྡུས་གྲང་སྙིང་གི་ཚ་བ་འཇོམས་པར་བྱེད། ཀི་ཀྴ་སྲོ་ལོ་དཀར་པོ་མདྷུ་ཛྵི་ཤིང་མངར་པལ་ཤ་རྒྱ་སྐྱེགས་པ་ནག་ག་དུར་ཐང༌། །གློ་ཡི་ཁྲག་ཚད་གཟེར་དང་ལུད་པ་སེལ། ལྦིལ་ཏཱས་བྲག་ཞུན་པདུཀཥཎི་བ་ལེ་ཀ་དང་སིཀ་བ་ཤ་ཀ་བསྡུས་ཁུར། ཁ་ཆེའི་སུཀུམ་ཀུམ་གུར་ཀུམ་དོམ་མཁྲིས་བཏབ་བཏང་མཆིན་ཚད་སེལ། ལཝངྒ་ལི་ཤི་པུ་བརྞ་པུཥྤ་གསེར་གྱི་མེ་ཏོག་ཀི་ཀྴ་ཨ་རུ་ར། །ཐང་གིས་མཆེར་ཚད་སྦོ་འཁྲོག་སེལ་བར་བྱེད། །ཨ་རུ་ར་དང་ལཧ་རྒྱ་སྐྱེགས་ཞུ་མཁན་དང་མཀྑིཥྛ་བཙོད། །མཁལ་ཚད་གཟེར་ཁྲིད་རྒྱུ་ལོང་སྨད་ཚད་སེལ། །ལོ་བརྒྱད་དྲི་ཆུ་མཧཱཙཱནམཤི་རྒྱ་སྣག་ཕོ་ཚད་སེལ། སྣའི་སྙ་ལོ་རྩ་བ་དང་བཙོད་དང་ཤྭཏེབིཥ་བོང་ང་དཀར་པོའི་ཐང༌དང་ ཨིཎྜ་བཞི་ཐང་ཨིཎྜ་དུག་ཉུང་དང་བོང་ང་དཀར་པོ་ལི་ག་དུར་མཁིབྷིཤ་བ་ལེ་ཀའི། །ཐང་གིས་རྒྱུ་ལོང་སྣོད་ཚད་མ་ལུས་སེལ། །དེ་ལ་རསྨིན་ཀ་ཁདྷཀ་པེད་དང་འབྲས་ཚའོ་ལ་བཏབ་ཚད་འཁྲུ་གཅོད། གྷོོཁུར་གཟེ་མ་ཨཙཀའམ་ལནྤ་ལྕམ་པ་ཀཾཀར་སྡིག་སྲིན་ཆུ་འགགས་སེལ། ཨཤྭ་གནྡྷ་བ་སྤྲུ་དཀར་པོ་དང་ར་མོ་ཤག་ར་མཉེ་གཟེ་མས་མངལ་ཚད་སེལ

འབྲས་ཨ་བར་སྐྱུར་གསུམ་ཐང་གིས་རིམས་འཁྲུགས་ཚ་བའི་ནད། གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད། །མ་ནུ་པཏྲ་དང་པྲིཧརི་ཎྜ་ཀ་རི་ཚེར་མ་ཅན་དང་གུརིཙི་སླེ་ཏྲེས་དང༌། ཤཎྛི་སྒ་སྐྱའི་ཐང་གིས་རིམས་ཚད་སྨིན་པར་བྱེད། །མ་ནུ་བཞི་ཐང་འདི་ལ་སྦྱོར་ལུགས་རིགས་མང་ཡང་རྗེ་ཟུར་མཁར་བའི་རང་ལུགས་ལ་མ་ནུ་དང་སླེ་ཏྲེས་ཆ་མཉམ་ལ། ཀཎྜ་ཀ་རི་ཉིས་འགྱུར། སྒ་སྐྱ་ནས་ཙམ་སྦྱར་རོ་གསུང་། སྒ་སྐྱའི་ཚབ་ཏུ་སྐྱུ་རུ་བཏང་ནས་རྒན་བྱིས་སོགས་ལུས་ཤེད་གྱིས་མི་ཐེགས་པ་ལ་གཏར་ག་མི་དགོས་ཞེས་བྲང་ཏི་འཚོ་བྱེད་འཇམ་དཔལ་བཟང་པོས་སྡེ་ཚན་ལྔ་འགྲེལ་བཤད། །བད་ཀན་སྐྱ་སྨུག་སྟོངས་ཚད་ཁྲག་གཟེར་སེལ། །གསེར་དངུལ་བཟང་ལྩགས་གང་རུང་ཏིག་ཏ་སླེ་ཏྲེས་སོན་པུཏྤ་གསེར་གྱི་མེ་ཏོག་དང༌། བིརཱིལ་ཀཎྜ་བྱི་ཚེར་ཐང་གིས་རིམས་ཚད་ལྕི་ཐིབས་སེལ། །རྒྱ་བལ་བོད་སོགས་ཡུལ་གྱིས་ཕྱེ་བ་དང་གསེར་དངུལ་བཟང་ལྕགས་ཞེས་མེ་ཏོག་གིས་ཕྱེ་བ་དང་ཏིག་ཏ་དངོས་དང་སུམ་ཅུ་ཏིག་གིས་ཕྱེ་བ་ལ་འདིར་ཏིག་ཏ་དངོས་ཡིན་ལ་ཏིག་ཏ་དང་པུཙེཤེལ་ཧོང་ལེན་ཨམྦ་སྐྱུ་རུ་བ་ཤ་ཀས། །ཁྲག་འཁྲུགས་ཚ་བ་རོལ་གསོད་དྭངས་སྙིགས་འབྱེད། །ཨ་རུ་ལྡུམ་བུ་རེ་རེལ་བོང་ངདཀར་པོའི་བསྡུས་ཁུ་ལ། ཏིཀྞགར་འམ་ཧིདྑུ་ཚ་ལ་བཏབ་བཏང་སྦྱར་དུག་ཤ་དུག་སེལ། །མ་ནུ་པཏྲ་རུ་རྟ་དཀར་ནག་གང་རུང་དང་ཨུཤིར་རམ་ཙགཔུར་པུ་ཤེལ་རྩེ་དང་བ་ཤ་ཀ །བསྡུས་གྲང་སྨུག་པོ་རྒྱས་པའི་འཕྲལ་ཟུག་གཅོག ཁདིར་སེང་ལྡེང་ཨ་རུ་ར་དང་ཀུརྐར་ཀྱི་ལྕེ་བདཀར་པོ སྐྱེར་པའི་བར་ཤུན་ཐང་གིས་ཆུ་སེར་ཚ་བ་སྐེམ། །གསེར་དངུལ་ཟངས་ལྕགས་ཏིག་ཏ་ཀྱི་ལྕེ་དཀར་པོ་བོང་ངདཀར་པོས་མཁྲིས་ཚད་འཇོམས

འབྲས་སྣུམ་མེད་ཆུ་ནང་དུ་བཀྲུས་པའི་ཁུ་བར་ཙགཔུར་པུ་ཤེལ་བདྷུ་སྦྲང་རྩི་བཏབ། །ཙེ་གུར་ཉུང་ཉུང་བཏང་བས་སྐྱུགས་པ་གཅོད་པར་བྱེད། །ཤིང་ཏོག་བིལ་བ་དང་ཤམ་ལི་མོན་བྷནོར་ཆ་ར་བེ་ནག་གི་ཁྲག་འབྲུ་དང་ཨམྦིལ་ད་ཏྲིག་དམར་པོ་ལུག་ཤིང་གི་སྒོ་ང་ལྟ་བུ་དང༌། རོང་ངམ་ལོའི་སྲིབས་ཀྱི་སྐྱེར་པའི་མེ་ཏོག་ཞོ་སྨིན་ལ་མར་བྱུང་བའི་དར་བར་བཏབ་བྱས་ཏེ། །ཙེ་གུར་ཉུང་ཉུང་བཏང་ན་འཁྲུ་བ་གཅོད་པར་བྱེད། རྒྱའི་ནདྷིམར་སོ་མ་ར་ཛ་བོང་ང་དཀར་པོ་ཡི། །བསྡུས་ཐང་དུག་གིས་སྐྱུག་པ་གཅོད་པར་བྱེད། །གུར་ཀུམ་དོམ་མཁྲིས་རྒྱ་སྐྱེགས་སམ་ཚོས་ཐང་ཁྲག་སྐྱུགས་གཅོད། །སྤྲུ་རྩ་དཀར་པོ་དང་སྐྱེར་པའི་བར་ཤུན་དང་མཁན་སྐྱ་དང་དུརྞ་རམ་པའི་རྩ་བ་དང་རྒྱ་སྐྱེགས་ཚོས། །བསྡུས་ཁུར་གུར་ཀུམ་དོམ་མཁྲིས་མི་མཁྲིས་དང༌། །སྤྲུ་མདཀར་པོའི་འབུ་དང་སྲན་མནག་པོའི་མེ་ཏོག་བཏབ། །ཁྲག་ཤོར་མ་ལུས་ཁོང་དུ་སྦེད་པའི་མཆོགཅེས་ཐང་འདི་ལ་རྡོ་རྗེ་ཁྲག་གཅོད་ཅེས་གྲགས། ཨིཎྜ་པཱཎི་དབང་པོ་ལག་པ་སླེ་ཏྲེས་གསེར་དངུལ་ཟངས་ལྕགས་ཏིག་ཏ་ཡི། །ཐང་གིས་ཡན་ལག་ཀོ་ལེའི་ཚ་བ་སེལ། གུཌུཙ་སླེ་ཏྲེས་གསེར་དངུལ་ཟངས་ལྕགས་གང་རུང་བྲག་ཞུན་ཨ་རུས་དྲེག་ནད་སེལ། གྷོརྴལ་ཤིང་མངར་ཙན་དན་དཀར་པོ་དང་ཀསྡུར་གླ་རྩི་ལི་ག་དུར་བཞིའི། །ཐང་གིས་རྩ་ཡི་ཚད་པ་སེལ་བར་བྱེད། ཐལ་ཏྲེས་བ་སྤྲུ་སྐྱེར་པ་སླེ་ཏྲེས་ཨ་རུ་ར། །བསྡུས་ཁུར་རཱ་ལ་གུ་གུལ་དཀར་པོ་ལྡན་ལ་གཞལ་བའི་ཞོ་གཉིས་བཏབ། །ཤ་མདངས་ཆུ་སེར་པགས་པའི་ནད་ཀུན་སེལ། གསེར་དངུལ་ཟངས་ལྕགས་གང་རུང་ཏིག་ཏ་བྱི་ཚེར་བ་ཛཱ་ཏི་སྐྱུ་རུ་རའི། །ཐང་གིས་མིག་སེར་ཕོ་བའི་ཟུག་གཟེར་འཇོམས། མདྷུ་ར་སེ་འབྲུ་སྣུམ་ལ་རོ་སྐྱུར་བ་བཟང་ལིའི་གོ་སྙོད་སྦྲང་བཏབ་དང་ག་འབྱེད

ཧཏྟ་ཨ་རུའི་རིགས་གང་འཛོམས་ཡང་ཆོགས་ཆིག་ཐང་ཕོ་བའི་མཁྲིས་པ་སེལ། ཨོཾམཀཾ་སྐྱུ་རུསྨིན་ཅིང་གས་པ་ཀར་ལ་ཤ་ཆེ་བའི་ཆིག་ཐང་ཁྲག་ངན་འབྱེད་ཅིང་སྐེམ། ཝརྞར་བ་རུམདོག་སྐྱ་ཞིང་ཆུང་བའི་ཆིག་ཐང་ཆུ་སེར་ནག་པོ་སྐེམ། བསཀ་བ་ཤ་ཀ་ཡི་ཆིག་ཐང་ཁྲག་ནད་སེལ། དྷནིས་འུ་སུཀུན་དགའ་གཞོན་ནུའི་ཆིག་ཐང་སྨུག་པོ་སྐོམ་དད་སེལ། ལོ་ཧ་ལྕགས་ཁུས་མཆིན་ཚད་མིག་ནད་ཤུ་བ་སེལ། །རྗེ་ཟུར་མཁར་བས། ལྕགས་ཆུར་གདུས་པའི་ཁུ་བའམ་ལྕགས་དྲེག་གདུས་ཁུའི་ཞེས་གསུངས་པས་ལྕགས་སྣ་གང་འཛོམས་ཆུར་གདུས་ཁུ་ལ། ཨ་རུའི་གདུས་ཁུ་ཞད་ཙམ་བླུག་སྟེ་དྲོ་སར་ཞག་གསུམ་བསྙལ་བས་ནག་པོར་སོང་བ་དེ་ཡིན་ནོ། མོན་ལུག་མུསྟཾ་གླ་སྒང་ལི་ག་དུར་སྲོ་ལོ་དཀར་པོ་ཡི། །ཆིག་ཐང་གློ་ཡི་ཚད་པ་མ་ལུས་སེལ། །སེང་ལྡེང་ཆིག་ཐང་ཆུ་སེར་སྐེམ་པར་བྱེད། སླེ་ཏྲེས་ཆིག་ཐང་རིམས་ནད་མ་སྨིན་འབྱེད། །བཙོད་དང་སྤང་རྒྱན་དཀར་པོ་ཆིག་ཐང་འབྲུམ་ནག་སེལ། བྲག་ཞུན་ཆིག་ཐང་དྲེག་ནད་ཆུ་འགགས་སེལ། ལཀུར་ཆུ་རུག་པའི་ཐང་གིས་རྒྱུས་པའི་ཚད་པ་སེལ། བཱིལ་ཀྲྀཀྵ་སྟབ་སེང་ངམ་སྤྱི་ཞུར་ཆིག་ཐང་རུས་པ་གས་པ་སྦྱོར། གསེར་དངུལ་ཟངས་ལྕགས་གང་རུ་ཏིག་ཏའི་ཐང་གིས་བད་ཀན་ཚད་པ་སེལ།

གྲང་སེལ་གྱི་སྡེ་ཚན་ལ་སྒ་སྨུག་བཅའ་སྒ་འམ་ཤུཎྜི་རྒྱམ་ཚྭ་དངོས་སམ་བྱང་ཚྭ་ཨ་རུ་ར། །ཚན་མོས་དྲོད་ཆུང་གྲང་བ་མ་ལུས་སེལ། ཤིན་ཏུ་ཚ་བ་པིསྤཱལ་པི་པི་ལིང་བསྣན་སྨན་མ་ཞུ་བ་འཇུ། བཅའ་སྒ་དང་ཧིངྐུ་ཤིང་ཀུན་བསྡུས་པའི་ཁུ་བ་ལ། བཅོས་མའི་ཁ་རུ་ཚྭ་བཏབ་སྙིང་རླུང་སེལ་བར་བྱེད། དེཝདརཡ་སྒྲོན་ཤིང་ཐང་མ་གོར་ཙན་གླ་སྒང་ཤིང་ཀུན་ཨ་རུ་ར། །རླུང་རིམས་གྲང་རླུང་ཁ་གདོང་གཡོ་བ་སེལ། སེ་ཥི་འབྲུ་པི་པི་ལིང་དང་བཅའ་སྒ་བསྡུས་ཁུར། །འབྲས་ཡོས་སྦྲང་རྩི་ཁ་ཚར་བཏབ་པ་ཡིས། །འཁྲུ་དང་སྐྱུག་པ་སྦོ་སྒྲེག་སྐྱིགས་བུ་སེལ། །ད་ལིས་དཀར་པོའི་མེ་ཏོག་དང་སུཀྵམེ་སུག་སྨེལ་དངོས་རྒྱ་གར་གྱི་དཀར་པོ་ཆུང་བ་དེ་ཡིན་ལ་མ་རྙེད་ན་རྡོ་སུག་གམ་མོན་སུག་ཏུ་གྲགས་པ་སྨུག་པོ་ཆེན་པོ་དེས་ཚབ་ཏུ་རྡོ་སུག་འདི་ལ་དེང་སང་སྨན་པ་ལ་ལར་ཀཀྐོ་ལ་ཡིན་ཟེར་འདུག་ཨ་ཙ་མ་ནའོ་བཅའ་སྒའི་ཐང་གིས་ལྕེ་དང་མཆུ་དཀར། །སྙིང་འདར་མཆིན་རྒུད་མ་ཞུ་ངལ་བ་སེལ། །ཁ་རུ་ཚྭ་དང་ཟི་ར་དཀར་ནག་སེར་གསུམ་ལས་འདིར་ནག་པོ་པི་པི་ལིང༌། ཉཉྩཐ་ཤིང་ཚ་རྒག་ར་བ་ལ་ལ་ཕུད་ལས་སྒོ་ནས་བྱུང་བའི་ཕག་ཤིག་འདྲ་དཀར་ནག་གཉིས་ལས་འདིར་དཀར་པོ་དང་མརིཙ་ཕོ་བ་རིསདཀར་ནག་གཉིས་ལས་འདིར་ནག་པོཐྲ །ཐང་གིས་ཁ་ཟས་མི་འཇུ་སྐྱུག་པ་སེལ། །ཤིང་ཚ་ཁ་རུ་ཚྭ་དང་ཚ་བ་གསུམ། དྷཱུ་དྷཱུ་འོ་མར་བཏབ་བཏང་གྲང་སེལ་འཁྲུ་བ་གཅོད། །སུག་སྨེལ་ཟི་ར་དཀར་པོ་པི་པི་ལིང༌། །འོ་མར་བསྡུས་ཐང་གཉིད་མེད་ཡེར་བ་འགུགས། །ལཤུཎ་སྒོག་སྐྱ་སྲང་བཞི་ཞེས་པ་འཚོ་བྱེད་དཀོན་སྐྱབས་ཀྱི་དོན་ཁྲི་ལས། སྨན་གྱི་སྦྱར་ཚད་སོ་སོར་ཆ། །ཞོ་ནི་བརྒྱད་ལ་སྲང་གི་སྟེ། །སྲང་གཅིག་སྤར་གང་སྲང་གཉིས་ཁྱོར། །སྲང་བཞི་སྙིམ་གང་ཞེས་བཤད་པ་བཞིན་ནོ། །ཆུ་འོ་སོགས་བཤེར་བའི་སྲང་ཚད་ཡན་ལག་བརྒྱད་པའི་རང་འགྲེལ་དུ། སྲང་གཉིས་ལ་འཁྱོར་བ་གང་ངོ་། །སྲང་བཞི་ལ་སྙིམ་པ་གང་ངོ་། །ཞེས་གསུངས་པ་ལྟར་རོ། །ཆུ་བོ་སྲང་བརྒྱད་འགྱུར་དུསྦྱར་བ །ཆུ་བསྡུས་ནས་སྒོག་པར་ཐིམ་པ་དང་སླར་སྒོག་པ་དེ་འབྲིའི་འོ་ར་བཙོས་པའི་སྒོག་པ་དང་འོ་མ་གཉིས་ཀརླུང་སྐྲན་རླུང་རིམས་དང༌། །གཟུགས་འཁུམས་ལ་སོགས་རླུང་ནད་མ་ལུས་སེལ། །ཨ་རུ་བསྡུས་ཁུར་དོང་གྲ་སྒ་སྨུག་བཏབ་བྱས་ནས། །ནང་རེ་བཏང་ན་སྐྲན་མཁྲིས་མིག་སེར་སེལ། །ཐལ་ཚ་རིགས་གཉིས་གང་རུང་ཡ་བཀྵ་རའི་ཐང་སྦོས་པ་སེལ། །ཁ་རུ་ཚྭ་ཡི་ཆིག་ཐང་ཁ་ཟས་མང་བའི་ཕོ་ལོག་འཇོམས།

སིནྡྷ་ལོར་རྒྱམ་ཚྭའི་ཆིག་ཐང་མ་ཞུ་གསར་པ་འཇུ། །རྒྱ་ཚྭའི་རང་འབྱུང་དང་བཅོས་མ་གཉིས་གང་རུང་ཆིག་ཐང་དྲི་ཆུ་འགགས་པ་སེལ། །རྡོ་ཞུན་རིགས་ལྔ་གང་རུང་གཞུ་བའི་ཐལ་ཆིག་ཐང་གིས་ཕོ་བའི་བད་ཀན་བཤིག །སྒ་རིགས་གཉིས་ཡི་ཆིག་ཐང་དྲོད་སྐྱེད་མ་ཞུ་འཇུ། ཤྭེམཤ་སྲད་དཀར་ཆིག་ཐང་མཆེར་ནད་དམུ་རྫིངས་སེལ། །བ་སྤྲུའི་ཆིག་ཐང་སྨད་ཀྱི་གྲང་བ་སེལ། ནས་སྔོན་གྱི་སོག་མའི་ཚིགས་པའི་ཆིག་ཐང་ཆང་མ་ཞུ་བ་འཇུ། །སོག་ཡུའི་ཐང་གིས་ཤ་མ་ཞུ་བ་འཇུ། ལུག་ཐོང་པའམ་གཡག་རྒོད་ཀྱི་སོགས་པ་ཤ་མེད་པའི་རུས་པ་ཡིན། མ་ཞུ་བ་དང་ཚབས་ཆེན་ལ་བསྲེགས་ཐལ་ཡང་བཏང་ངོ་། །ནས་སྔོན་པོ་བསྡུས་ཐང་གིས་དང་ག་འགགས་པ་འབྱེད། །སྲེ་ལོང་ཚ་གྲང་སྐབས་དང་སྦྱར་ཐང་གིས་ཐོར་བུའི་རླུང་སྣ་གནོན།

།དེ་ལ་སོགས་པ་ཁུ་བའི་སྡེ་ཚན་སྦྱར་བའི་ཐབས། གྲང་ཐང་ཁུ་བ་ཐོན་པར་སྦང་བ་གཅེས །བསྡུས་བསྐོལ་མ་ཐང་བྱེད་ན་ཀུན་ལ་ཁུ་བ་སུམ་ཆ་གསུམ་བྱས་པའི་གཉིས་བསྡུསུམ་གཅིག་ལུས་པར་བྱ །ཚ་སེལ་གྱི་ཐང་ནི་གྲང་མོ་བྱས་ལ་བཏང་གྲང་སེལ་གྱི་ཐང་ནི་ཚ་མོར་བཏང༌ངོ་ །ཚ་གྲང་འདྲེས་པའི་ནད་ལ་ནི་ཐང་ཡང་དྲོ་འཇམ་བསྟེན། །ཟས་དང་སྤྱོད་ལམ་ནད་དང་མཐུན་པ་གཅེས། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཐང་གི་སྡེ་ཚན་བསྟན་པའི་ལེའུ་སྟེ་གསུམ་པའོ། 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།