སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༩། ནད་ཀྱི་རྐྱེན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་དགུ་པ།  ནད་ཀྱི་རྐྱེན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཉིས་པ་རྒྱུ་ལ་སྐྱེད་པར་བྱེད་པའི་རྐྱེན་གསུམ་སྟེ། དེ་ལ་ནད་སྐྱེ་ཞིང་མཆེད་པ་དང་གསོག་ཅིང་ལྡང་བ་དང་སློང་བའི་རྐྱེན་རྣམ་པ་གསུམ། དེའང་སྐྱེ་ཞིང་མཆེད་པར་བྱེད་པ་སྐྱེ་མཆེད་དང༌། །གསོག་ཅིང་ལྡང་བར་བྱེད་པས་གསོག་ལྡང་ཞེས། །བསགས་པ་སློང་བར་བྱེད་པ་སློང་རྐྱེན་ཡིན།

དང་པོ་སྐྱེ་ཞིང་མཆེད་པ་ནི་དུས་དང་དབང་པོ་དང་སྤྱོད་ལམ་རྣམས། ཚད་ལས་ཉུང་བ་དམན་པ་དང་ཚད་ལས་མང་བ་ལྷག་པ་དང་ཡིན་མིན་གོ་ལོག་པས་ནད་རྣམས་སྐྱེད་པར་བྱེདདོ

དུས་ནི་ཚ་བའི་དུས་ཚ་ཚད་ཆུང་བ་དམན་པ་དང་། ཚ་བའི་དུས་ཚ་ཚད་ཆེ་དྲག་པས་ལྷག་པ་དང་། ཚ་དུས་ཚ་བ་མེད་པར་གྲང་ངར་བྱུང་བ་དེ་བཞིན་གྲང་དུས་དང་ཆར་དུས་ཀྱང་རིགས་འགྲེའོ། ཚ་དུས་དང་གྲང་དུས་དང་ཆར་དུས་དང་གསུམ། །དམན་པ་ནི་ཚ་གྲང་ཆར་པ་ཆུང་བ་སྟེ། །ལྷག་པ་ནི་ཆེ་དྲགས་པ་དང་ལོག་པ་དང་མེད་པའོ།

མིག་སོགས་དབང་པོ་ལྔ་དང་དེ་ཡི་ཡུལ་གཟུགས་སོགས་ལྔ་པོ། མིག་གིས་གཟུགས་ལ་མ་ལྟས་པའང་ཆུང་ངམ་དེ་ལ་མི་སྦྱོར་བ་དམན་པ་སྟེ།གཟུགས་སོགས་པ་ཤས་ཆེར་གཏད་པ་ནི་ལྷག་པའི་སྦྱོར་བ་ཡིན། །ཤིན་ཏུ་ཉེ་དང་རིང་བ་དང་ཆེའམ་ཆུང༌བ་དང་ །འཇིགས་པ་དང་མི་སྡུག་པ་སོགས་ལོག་པའི་སྦྱོར་བར་བཤད།

སྤྱོད་ལམ་ལུས་ངག་ཡིད་དང་གསུམ་ཡིན་ཏེ། དཔེར་ན་ལུས་ཀྱི་གོས་སྲབ་པ་ལྟ་བུར་ཆུང་ངམ་གོས་མི་གོས་པར་མི་སྦྱོརདེ་གཉིས་ནི་འཇུག་པ་དམན་པས་ན་དམན། མྱུར་དྲགས་པ་རྟུན་ངས་པ་སོགས་འཇུག་པ་ལྷག་པའི་སྦྱོར་བ་སྟེ། བཤང་གཅི་ཤུགས་ཀྱིས་བཀག་པ་དང་ཧ་ཅང་བཙིར་བ་ལུས་གཅུས་ཏེ་བྱ་བ་བྱེད་པ་མི་དགེ་བཅུ་ལ་ཕྱོགས་པ་ལོག་སྦྱོར་རོ།

གཉིས་པ་ཉེས་པ་གསུམ་པོ་གསོག་པ་དང་ལྡང་བ་དང་ཞི་བ་གསུམ་ནི་རྒྱུ་དང་རྒྱུ་དེའི་ངོ་བོ་དང་དུསགསུམ་ལས དང་པོ་རྒྱུ་ཡི་རང་བཞིན་ནི་རྩུབ་པ་ཡང་བ་གྲང་བ་སྲ་བ་ཕྲ་བ་གཡོ་བ་སོགས་དུས་སོ་ག་དྲོ་བ་དང་ལྡན་པས་རླུང་མི་ལྡང་པར་རང་གནས་གསོག་ལ། དགུན་དུས་གྲང་བས་ལྡང་ཞིང་ཟས་སྨན་སྣུམ་པ་དང་དྲོས་བས་ཞི་བར་འགྱུར། །དེ་བཞིན་རྣོ་བ་སྣུམ་པ་ཡང་བ་དྲི་མནམ་པ་འཁྲུ་གཤེར་སོགས་དུས་དབྱར་ཁ་བསིལ་བ་དང་ལྡན་པས་མཁྲིས་པམི་ལྡང་བར་གསོག སོ་ག་ཚ་བས་ལྡང་ཞིང་ཟས་སྨན་རྟུལ་བ་དང་གྲང་བ་སླ་བ་མཉེན་པ་སྐམ་པ་སོགས་བསིལ་དང་ལྡན་པའི་ཞི། དགུན་སྨད་ལྕི་སྣུམ་བསིལ་བ་དང་ལྡན་པས་བད་ཀན་གསོག་འགྱུར་གྱི། དཔྱིད་དུས་དྲོ་བས་ལྡང་ཞིང་རྩུབ་པ་ཡང་བ་སྐྱ་བ་ཚ་བ་རྣོ་བ་གཡོ་བ་སོགས་ཀྱིས་དེ་དག་ཞི་བར་འགྱུར།

ནད་ཀྱི་ངོ་བོ་རང་གི་གནས་སུ་འཕེལ་བ་ནི་གསོག་པ་ཡིན། སྡང་བའི་རྒྱུ་དེ་ལས་འཁྲུགབྱེད་ཀྱི་མཚན་ཉིད་མི་མཐུན་པ་ནི་སེལ་བྱེད་ཀྱི་ཡོན་ཏན་བད་ཀན་ལ་དྲོ་བ་མཁྲིས་པ་ལ་བསིལ་བ་རླུང་ལ་སྙོམ་པ་བཅས་འདོད། །ལྡང་བ་ནི་ཉེས་པ་གསུམ་རང་གནས་སུ་མ་སྨིན་པར་ལོག་པའི་ལམ་གཞན་དུ་ཞུགས་ནས་རང་གི་ནད་རྟགས་སྟོནཔས ཉེས་གསུམ་རང་གི་གནས་སུ་འཕེལ་ཟད་འཁྲུག་གསུམ་མེད་པ་མཉམ་པར་གནས་པ་ནི་ནད་མེད་པར་ཞི་བ་ཡིན

དུས་ནི་སོ་ག་དང་དབྱར་ཁ་དང་དགུན་ཁ་སོགས་གསུམ་ལས་རླུང་གིདུས་སོ་ག་ཡིན་སྟེ། །མཁྲིས་པ་དབྱར་དང་བད་ཀན་དགུན་སྨད་དོ།

སོ་གའི་དུས་སུ་ཡང་ལ་རྩུབ་པ་ཡི། །ཡུལ་དང་ལུས་དང་ཟས་སྤྱོད་ཀུན་མཚུངས་པས། །རླུང་གསོག་པར་བྱེད་ཀྱི་ནམ་ཟླ་དྲོ་བས་ལྡང་བར་མི་འགྱུར། །དབྱར་དུས་སུ་ཆར་བབ་པ་དང་རླུང་གཡོ་བར་གྲང་བ་སྐྱེས་པས་རླུང་ལྡང༌བར་འགྱུར་རོ །སྟོན་དུས་སུ་སྣུམ་ལ་དྲོ་བས་རླུང་ཞི་བར་འགྱུར།

དབྱར་ཁའི་དུས་སྣུམ་ཞིང་བསིལ་བས་མཁྲིས་པ་གསོག་ཅིང་ལྡང་བར་མི་འགྱུར །སྣུམ་ལ་དྲོས་བས་སྟོན་དུས་མཁྲིས་པ་ལྡང་ཞིང་དགུན་སྟོད་བསིལ་བས་མཁྲིས་པ་ཞིའོ

དགུན་སྨད་བསིལ་ཞིང་སྣུམ་པས་ལྕི་བས་བད་ཀན་གསོགཅིང་། །གོང་བུར་བསྒོངས་པས་བད་ཀན་ལྡང་བ་མིན་དཔྱིད་དུས་ཉི་མའི་འོད་ཟེར་དང་ །དྲོ་བས་བད་ཀན་གོང་བུར་འདྲིལ་བ་དེ་ཞུ་ནས་ལྡང་ཞིང་སོ་ག་ཡང་ཞིང་རྩུབ་པས་བད་ཀན་ཞི།

འོན་ཀྱང་ངམ་གང་ལྟར་ཡང་འབྱུང་བའི་དུས་ལ་མ་བབ་ཀྱང༌། །ཟས་དང་སྤྱོད་ལམ་གྱི་དབང་གིས་ཉེས་གསུམ་འཕྲལ་ལ་གསོག་ལྡང་ཞི་གསུམ་བྱེད་པའང་ཡོད།

གསུམ་པ་ཁྱད་པར་སློང་རྐྱེན་ཐུན་མོང་བ་དང་ཁྱད་པར་གཉིས། མཐུན་མོང་ནད་ཀུན་སློང་བར་བྱེད་པའི་ཐུན་མོང་རྐྱེན། སྔར་བཤད་པའི་འབྱུང་བའི་དུས་དང་གདོནདང་དུག་དང་མི་འཕྲོད་པའི་ཟསདང་ །གསོ་བ་ལོག་པ་དང་སྔར་གྱི་ལས་ངན་བསགས་པའི་སད་ལས་འབྱུང༌།

ཁྱད་པར་དུ་ནི་ཁ་བ་དང་ཡང་བ་དང་རྩུབ་པ་བསྟེན་དྲགས་པ་དང༌། །ཆགས་པས་དུབ་པ་དང་ལྟོ་ཆག་པ་དང་གཉིད་ཆག་པ་དང༌། །ལྟོ་སྟོང་ལ་ལུས་ངག་གི་བྱ་བ་དྲག་ཤུལ་བྱས་པ་དང༌། །ཁྲག་མང་པོ་ཟགས་པ་དང་འཁྲུ་པ་དང་སྐྱུག་པ་དང་དྲག་པོས་བཏབཔ་དང་ རླུང་བསེར་བུས་བུས་པ་དང་ག་ཆད་པའམ་ཐང་ཆད་པར་ངུས་པ་དང༌། །མྱ་ངན་དང་སེམས་ལས་དང་ཁ་ལས་སྟེ་སྨྲ་བ་ཆེས་མང་པ་དང༌། སོ་སྲན་སྲེ་ཏ་སོགས་བཅུད་མེད་ཁ་ཟས་ཡན་ལ་གཏད་པ་སྟེ་ཆད་མེད་བཟས་པ་དང༌། དྲི་ཆེན་དང་དྲི་ཆུ་ལ་སོགས་ཤུགས་ཀྱིས་བཀག་པ་དང་ནན་གྱིས་བཙིར་བ་ཡི། །རྐྱེན་དེ་རྣམས་ཀྱིས་རླུང་གི་ནད་ལྡང་བར་བྱེདཔའོ །ཚ་བའི་རོ་དང་རྣོ་བ་དང་ཚ་བ་དང་སྣུམ་་སོགས་བསྟེན་དྲགསཔ་དང་ རང་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དང༌། །ཚད་པའི་དགུང་ལ་ཉིན་གཉིད་ལོག་པ་དང་ཡུན་རིང་དུ་འདུག་པའི་རྗེས་སུ་དྲག་ཤུལ་གྱི་ལས་བྱསཔ་དང་ །མི་ཐེག་པའི་ཁུར་ཁུར་བ་དང་ས་སྲན་བརྐོས་པ་དང༌། །གཞུ་སྲན་བཀང་བ་དང་འཛིང་ག་བཀྱེ་བ་དང༌། མགྱོགས་པར་གྱུག་པ་བང་དང་འགྲོ་བ་དང་བྲེལ་བའི་ལས་དག་གིས་ཡུན་རིང་དུ་ཉེན་པ་དང༌། །རྟ་ཡིས་བརྡབས་པ་དང་གཡང་ལ་ལྷུང་བ་དང༌། །འཐིབས་འོག་ཏུ་ཚུད་པ་དང་རྡོ་དང་དབྱུག་པ་སོགས་ཀྱི་བརྡུངས་པ་དང༌། །ཤ་དང་མར་དང་བུ་རམ་དང་ཆང་ལ་སོགས་པ་བཟའ་བཏུང་མང་དྲགསཏེ །རྐྱེན་དེ་རྣམས་ཀྱིས་མཁྲིས་པ་དང་ཚད་པ་སློང་བར་བྱེདདོ

ཁ་བ་དང་མངར་བ་དང་ལྕི་བ་དང་བསིལ་བ་དང་སྣུམ་པ་སོགས་བསྟེན་དྲགས་པ་དང༌། ཕོ་བ་འགྲངས་རྗེས་དལ་བར་འདུག་པ་དང་ཉིན་མར་གཉིད་ལོགདང་། ས་རླན་པའི་སྟེང་དུ་ཉལ་བ་དང་ཆུར་ཞུགས་པ་དང་གོས་སྲབ་པོ་སོགས་ཀྱི་ལུས་འཁྱགསཔ་དང་ །གྲོ་དང་སྲན་མ་དང་མ་སྨིན་པའི་གསར་ཐོག་རློན་པ་དང་སེར་ཅནསྟེ་མ་སྨིན་པ་དང་དྲི་ཅན་སུངས་པ་དང༌། །ར་ཤ་དང་སྐོམ་སྟེ་རྟོལ་ལེའི་ཤ་རིད་པ་དང་སྟོད་རྒྱུད་ཀྱི་ཚིལ་བུ་དང་འབྲུ་མར་དང༌། །རྩི་མར་རུལ་པ་དང་ལོ་ལ་རྙིད་པ་ཡུན་དུ་བཤུར་པ་དང་ལ་ཕུག་རསསྟེ་ནར་སོན་པ །རི་སྒོག་ལ་སོགས་པ་རྗེན་ཟས་མཐའ་དག་དང༌། མ་འཚོས་པ་དང་བཙོས་ཀྱང་འཚིག་པ་དང་བཙོས་ནས་གྲངས་བའི་ཁེངས་པོའི་ཟས་རྣམས་དང༌། །ར་ཡི་འོ་རློན་དང་ཞོ་དང་དར་བ་ཆུ་གྲང་མོ་དང་གྲང་མོ་དང་ །བཟའ་བཏུང་ཐལ་ཆེས་ཏེ་ཚད་ལས་འདས་པ་འམ། ཟས་སྔ་མ་དེ་མ་ཞུ་བར་ཕྱི་མ་ཟོས་པ་ཡི། །རྐྱེན་དེ་རྣམས་ཀྱིས་བད་ཀན་དང་གྲང་ནད་ཀུན་སློང༌བར་བྱེད །དེ་དག་འགའ་ཟུང་འདྲེས་པ་ལས་ལྡན་པ་དང་འདུས་པའི་ནད་དུ་འགྱུརརོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ནད་ཀྱི་རྐྱེན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།