སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༨། ནད་ཀྱི་རྒྱུ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བརྒྱད་པ། ནད་ཀྱི་རྒྱུ་བསྟན་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །འཕེལ་འགྲིབ་ནད་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།

ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གང་གསོ་ཕུང་པོ་དེ་ལས་བྱུང་བ་ཡི། །འཕེལ་འགྲིབ་ནད་ཀྱི་གནས་ལ་བསླབ་བྱ་ན། །རྒྱུ་དང་རྐྱེན་དང་ནད་ཞུགས་ཚུལ་དང་ནད་ཀྱི་གནས་དང་ནད་ཀྱི་མཚན་ཉིད་དང༌། །དབྱེ་བ་དང་སོ་སོའི་དོན་དང་བདུན་དུ་བཤད།

དང་པོ་རྒྱུ་ལ་རིང་རྒྱུ་ཉེ་རྒྱུ་གཉིས། དང་པོ་རིང་བའི་རྒྱུ་ལ་སྤྱི་དང་ཁྱད་པར་གཉིས། །དང་པོ་ནད་འཁྲུགས་སྐྱེད་སྣ་ཚོགས་པའི་ཚུལ་ཅན་གྱིས། མི་དགེ་བའི་ལས་གྲངས་མེད་བསགས་པར་གྱུར་པས་དེའི་རྣམ་སྨིན་གྱིས་ལུས་ཉིད་གཟིར་བར་གྱུར་པ་སྟེ །དེ་རྒྱུ་རེ་རེར་བསྟན་པར་མི་ནུས་པ་ནི་ཕྱིར །དེ་བས་ནད་ཀུན་སྤྱི་རྒྱུ་བརྗོད་པ་ནི། །ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །བདག་མེད་དོན་མ་རྟོགས་པས་མ་རིག་ཅེས་མ་རིག་པ་དེ་གང་ཡིན་ཞེ་ན། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། རྣམ་རྟོག་དེ་དང་བྲལ་བས་ན། ཁྱོད་ནི་རྟོག་མེད་མྱ་ངན་འདས། ཞེས་སོ། རྣམ་རྟོག་བྲལ་བྱ་བ་ནི། གནས་ལུགས་རྟོགས་མ་རྟོགས་ཡིན་ཏེ། ཇི་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས། གཉིས་སུ་ཡོད་པ་མ་ཡིན་ཏེ། འཁོར་བའི་རང་བཞིན་ཤེས་པ་ལ། མྱ་ངན་འདས་ཞེས་བྱ་བ་བརྗོད། ཞེས་གསུངས་སོ། དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང༌། །རང་གི་གྲིབ་མ་དེ་དང་མི་འབྲལ་ཞིང༌གྲོགས་པ་ལྟར །འགྲོ་བ་ཀུན་བདེ་བར་གནས་ཤིང་བདེ་བར་སྤྱོད་པ་ལྟར་སྣང་ཡོད་ན་ཡང༌། །མ་རིག་པ་དང་ལྡན་པས་ན་ནད་དང་འབྲལ་བར་མི་སྲིདདོ

ཁྱད་པར་གྱི་རྒྱུ་ནི་མ་རིག་པ་ལས་བྱུང་བའི། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ་དུག་གསུམ་ལས། །འབྲས་བུ་རླུང་དང་མཁྲིས་པ་བད་ཀན་སྟེ་ཉེས་པ་གསུམ་སྐྱེད།

གཉིས་པ་ཉེ་རྒྱུ་ནི་རླུང་དང་མཁྲིས་པ་བད་ཀན་གསུམ། ལས་སུ་རུང་བར་རྣམ་པར་མ་གྱུར་པས་ནད་ནད་ཀྱི་རྒྱུར་འགྱུར་ལ། །རྣམ་པར་འགྱུར་བ་སྟེ་ཆ་མ་སྙོམས་པའི་ནད་ཀྱི་ངོ་བོ་ཡིནཔ་དེས་ནི །ལུས་དང་སྲོག་ལ་གནོད་ཅིང་གདུང་བས་སོ།

མཁྲིས་པ་ལས་སུ་བར་རྐྱེན་གྱིས་འཁྲུགས་པས་ལུས་ཟུངས་བསྲེག་པར་བྱེད། དེ་ཡང་མཁྲིས་པ་འདི་ནི་ཚ་རྣོ་གྱེན་དུ་འབར་བས་མེ་ཡི་རང་བཞིན་ཚ་བས་ན། །སྨད་ན་གནས་ཀྱང་སྟོད་དུ་འབར་བར་བྱེདཔས་ན །ཚ་བའི་ནད་ཀུན་མཁྲིས་པ་འདི་ལས་མ་སྐྱེས་པ་མེདདོ

བད་ཀན་ལས་སུ་མ་རུང་བར་རྐྱེན་གྱིས་འཁྲུགས་པས་ལུས་ཀྱི་མེ་དྲོད་འཇོམསསྟེ བད་ཀན་འདི་ནི་ལྕི་བས་ས་ཆུའི་བསིལ་ཞིང་མཐུར་དུ་བབ་པ་རང་བཞིན་ལྕི་ལ་བསིལ་བ་ཡིན་ནོ །སྟོད་ན་གནས་ཀྱང་སྨད་དུ་ལྷུང་བར་བྱེདཔས་ན །གྲང་བའི་ནད་ཀུན་འདི་ལས་མ་སྐྱེས་པ་མེདདོ

རླུང་ནི་ཚ་གྲང་གཉིས་ཀའི་གནོད་བྱེད་ཁྱབ་བྱེད་དེ། །ཉི་མར་ཚ་བ་ལྡན་ན་བསྲེག་པའི་གྲོགས་བྱེད་ཅིང༌། །ཟླ་བར་གྲང་བ་ལྡན་ན་བསིལ་བའི་གྲོགས་བྱེད་ལ། ལུས་ཀྱི་སྟོད་སྨད་ཕྱི་ནང་མ་ལུས་ཁྱབ་པར་རྒྱུཞིང་ལས་སུ་མ་རུང་ན །ཚ་གྲང་གཉིས་ཀ་འཁྲུག་ཅིང་སློང་བར་བྱེད། །དེ་བས་རླུང་ནི་ནད་ཀུན་མ་ལུས་རྒྱུ། ཇི་སྐད་དུ། རླུང་ཞེས་བྱ་བ་ལས་ཀུན་བྱེད་ཅེས་སོ།ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ནད་ཀྱི་རྒྱུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།