སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༦། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་དྲུག་པ། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།

 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལུས་ཀྱི་ལས་ནི་ཐམས་ཅད་དུ་ལུས་ངག་ཡིད་དང་གསུམ། །དགེ་དང་མི་དགེ་དགེ་སྡིག་གཉིས་ཀར་ལུང་མ་བསྟན་པ་ལ་སྤྱོདཔར་བྱེད་ །བྱེ་བྲག་དུ་དབང་པོ་ལྔ་ཡིས་རང་གི་ཡུལ་གཟུགས་སོགས་འཛིན།

ལུས་ཀྱི་དབྱེ་བ་རྟེན་དང་ན་ཚོད་དང༌། རང་བཞིན་དང་ནད་ཀྱི་སྒོ་ནས་དབྱེ་བ་བཞི། དང་པོ་རྟེན་གྱིས་དབྱེ་ན་ཕོ་མོ་མ་ནིང་གསུམ།

གཉིས་པ་ན་ཚོད་དབྱེ་བ་སྐྱེས་ནས་ལོ་བཅུ་དྲུག་བར་བྱིས་པ། །དེ་ལས་ལུས་ཟུངས་དབང་པོ་གཟི་མདངས་སྟོབས། །འཕེལ་བར་འགྱུར་བ་ལོ་བདུན་ཅུའི་བར་དུ་དར་མ་སྟེ། ལོ་དོན་ཅིག་དེ་ལས་སྟོབས་སོགས་ཟད་པ་ཕན་ཆད་རྒན་པོ་ཡིན།

གསུམ་པ་རང་བཞིན་རྐྱང་པ་དང་ལྡན་པ་དང་འདུས་པདང་བདུན། །དེ་ལ་རླུང་གིས་བསྐྱེད་པའི་མི་རྣམས་ནི། །དབྱིབས་སྒུར་ཤ་སྐེམ་མདོག་སྔོ་སྨྲ་བ་མང༌། །གྲང་ལྷགས་མི་བཟོད་འགྲོ་ཚེ་སྒྲ་དང་བཅས། །ནོར་ཆུང་ཚེ་ཐུང་གཉིད་སྲབ་ལུས་བོངས་ཆུང༌། །གླུ་དང་དགོད་དང་འཐབ་མོ་མདའ་ལ་དགའ། །མངར་སྐྱུར་ཁ་ཚའི་རོ་ལ་སྲེད་པ་སྟེ། །བྱ་རྒོད་ཁྭ་ཝའི་མཚན་ཉིད་ལྡན་པ་ཡིན།

མཁྲིས་པའི་རང་བཞིན་སྐོམ་དད་བཀྲེས་ཤས་ཆེ། །སྐྲ་ལུས་མདོག་སེར་བློ་རྣོ་ང་རྒྱལ་ཆེ། །རྔུལ་ཆེ་དྲི་ང་ཚེ་ནོར་ལུས་བོངས་འབྲིང༌། །མངར་ཁ་བསྐ་བསིལ་ཟས་ལ་སྲེད་པ་སྟེ། །སྟག་སྤྲེ་གནོད་སྦྱིན་མཚན་ཉིད་ལྡན་པ་ཡིན།

བད་ཀན་རང་བཞིན་ཅན་ནི་ལུས་བསིལ་ཞིང༌། །རུས་ཚིགས་མི་མངོན་ཤ་རྒྱས་ཁ་དོག་དཀར། །དབྱིབས་དགྱེ་བཀྲེས་སྐོམ་ཉོན་མོངས་ཐན་པ་བཟོད། །ལུས་ཚོ་ཚེ་རིང་ནོར་མང་གཉིད་མཐུག་ཅིང༌། །ཞེ་སྡང་འདམ་རིང་རང་བཞིན་ངང་རྒྱུད་བཟང༌། །ཚ་སྐྱུར་བསྐ་རྩུབ་ཟས་ལ་སྲེད་པ་སྟེ། །སེང་གེ་ཁྱུ་མཆོག་མཚན་ཉིད་ལྡན་པ་ཡིན། །ལྡན་དང་འདུས་པ་འདྲེས་ལས་ཤེས་པར་བྱ།

བཞི་པ་ནད་ཀྱིས་དབྱེ་བ་རྣམ་པར་མ་གྱུར་པ་དང་གྱུརཔ་གཉིས་ལས །རྣམ་པར་མ་གྱུར་པ་ལུས་རང་བཞིན་དུ་གནས་པ་ཐ་མལ་པ་་སྟེ །ནད་མེད་གནས་དང་རིང་དུ་འཚོ་བར་བྱ། །རྣམ་པར་གྱུར་པ་ནད་ཀྱིས་བཅོམ་པའི་ལུས་དེ་ལ་ཟས་སྤྱོད་སྨན་དཔྱད་སོགས་ཀྱིས་གསོ་བར་བྱའོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལུས་ཀྱི་ལས་དང་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།