སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་ ༦། དཔེ་དོན་རྣམ་གྲངས་རྣམ་པར་བཀོད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
རྩ་རྒྱུད། >>

 

ལེའུ་དྲུག་པ། དཔེ་དོན་རྣམ་གྲངས་རྣམ་པར་བཀོད་པ།

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

དང་པོ། གནས་ལུགས་ནད་གཞི་དང་དེ་དག་ངོས་འཛིན་པ་དང་གསོ་བའི་ཚུལ་བཅས་རྩ་བ་གསུམ་ལ།

གཉིས་པ། རྩ་བ་དང་པོ་ལའང་རྣམ་པར་གྱུར་བ་དང་མ་གྱུར་པ་སྟེ་སྡོང་པོ་གཉིས། རྩ་བ་གཉིས་པ་ལ་བལྟ་བ་དང་རེག་པ་དང་དྲི་བའི་སྡོང་པོ་གསུམ་དང༌། རྩ་བ་གསུམ་ལའང་ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་བཅས་བཞི། དེ་རྣམ་དྲིལ་བས་སྡོང་པོ་དགུ་རུ་འདྲིལ།

གསུམ་པ། ཡལ་གར་རྣམ་པར་མ་གྱུར་པ་ལུས་ལ་ནདདང་། ལུས་ཟུངས་དང་དྲི་འི་ཡལ་ག་གསུམ། རྣམ་པར་གྱུར་བ་ནད་ལ་རྒྱུདང་རྐྱེནདང་འཇུག་སྒོ་དང་གནས་དང་ལམདང་ །ལྡང་དུསདང་འབྲས་བུ་དང་ལྡོག་རྒྱུ་དང་མདོ་དོནརྣམས་ཀྱི་ཡལ་ག་དགུ།

རྩ་བ་གཉིས་པར་བརྟག་པར་སྡོང་པོ་གསུམ། བལྟ་བ་ལ་ལྕེ་དང་ཆུ་གཉིས་ལ་བལྟ་བ་རེག་པ་རྩ་ལ་བལྟ་བ་རླུང་དང་། མཁྲིས་པ། བད་ཀན་གསུམ། །དྲི་བ་ལ་སློང་རྐྱེན་དང་ན་ལུགས་དང་གོམས་པདང་གསུམ། རླུང་མཁྲིས་བད་ཀན་གསུམ་པོའི་ཟས་ལ་ཟས་གསུམ་སྐོམ་གསུམ་དྲུག་སྟེ་དེ་གསུམ་ཀའི་སྤྱོད་ལམ་གསུམ། རླུང་མཁྲིས་བད་ཀན་གསུམ་གྱི་སྨན་ལ་རོ་དང་ནུས་པ་གཉིས་གཉིས་ཏེ་དྲུག རོ་ནུས་དེ་དག་སྦྱར་ཐབས་ཞི་བྱེད་རྐྱང་པ་དྲུག་དང་སྦྱོང་བྱེད་རེ་རེ་སྟེ་གསུམ། །དཔྱད་གསུམ་རྣམས་དྲིལ་བས་ཡལ་ག་བཞི་བཅུ་རྩ་བདུན་གྱེས་པ་ཡིན།

བཞི་པ། རྒྱས་པའི་ལོ་འདབ་དང་པོརྣམ་པ་མ་འགྱུར་བའི་སྡོང་པོར་ལོ་འདབ་ཉི་ཤུ་ལྔ། སྡོང་པོ་གཉིས་པ་རྣམ་པར་གྱུར་བའི་ལོ་འདབ་ནད་ཀྱི་ཟིན་ཏིག་དྲུག་ཅུ་རྩ་གསུམ་དང༌སྡོང་པོ་གསུམ་པར་བལྟ་བ་ལོ་འདབ་དྲུག་དང་ སྡོང་པོ་བཞི་པར་རེག་པའི་རྩ་རྒྱུད་ལ་ལོ་འདབ་གསུམ་དང་སྡོང་པོ་ལྔ་པར་དྲི་བ་ཡི་ལོ་འདབ་ཉེར་དགུ སྡོང་པོ་དྲུག་པར་རླུང་གི་ཟས་སྐོམ་ལོ་འདབ་བཅུ་བཞི་དང༌། །མཁྲིས་པའི་ཟས་སྐོམ་ལོ་འདབ་བཅུ་གཉིས་དང་བད་ཀན་གྱི་ཟས་སྐོམ་ལོ་འདབ་དགུ། སྡོང་པོ་བདུན་པར་སྤྱོད་ལམ་ལ་ལོ་འདབ་དྲུག་དང་སྡོང་པོ་བརྒྱད་པར་སྨན་གྱི་རོ་ལ་ལོ་འདབ་དགུ་དང་ནུས་པ་ལ་དགུ །ཁུ་བ་ལ་ལོ་འདབ་གསུམ་དང་སྨན་མར་ལ་ལོ་འདབ་རྣམ་པ་ལྔ། །ཐང་དང་ཕྱེ་མ་ལ་ལོ་འདབ་བཞི་བཞི་སྟེ་བརྒྱད་དང་རིལ་བུ་ལ་ལོ་འདབ་རྣམ་པ་གཉིས། །ཏྲེས་སམ་ལ་ལོ་འདབ་ལྔ་དང་སྦྱོང་བྱེད་ལ་མི་འདའི་བཅོས་ཐབས་དགུསྟེ་དྲིལ་བས་སྨན་ལ་ལོ་འདབ་ལྔ་བཅུ། །དཔྱད་སྡེ་བདུན་དང་བཅས་ཏེ་དེ་ཡང་གནས་ལུགས་ནད་ནད་གཞི་ལ་ལོ་འདབ་བརྒྱད་ཅུ་བརྒྱདཡོད་དོ ལོ་འདབ་གཞན་ཡང་སུམ་ཅུ་རྩ་བརྒྱད་པ་ནི་ངོས་བཟུང་བརྟག་པ་སྟེ། །བཅོས་པའི་ཐབས་ཀྱི་རྩ་བ་ལ་ཟས་སྤྱོད་སྨན་དཔྱད་སོགས་དགུ་བཅུ་རྩ་བརྒྱད་དོ། དེ་གསུམ་ག་སྤྱིར་སྡོམས་པས་ལོ་འདབ་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིར་རྒྱས་པ་ཡིན།

ལྔ་པ་ནི། མེ་ཏོག་ལ་གཉིས་ཏེ་ནད་མེད་པ་དང་ཚེ་རིང་བ་གཉིས་རབ་ཏུ་གསལ་གསལ་ར་འཆར་བ་ལ། དྲུག་པ། འབྲས་བུ་ནི་ལྷ་དང་མིའི་ཆོས་ལུགས་དང་འཕགས་པའི་ནོར་བདུན་དང་། ཚེ་འདི་དང་ཕྱི་མར་བདེ་བདང་གསུམ་དུ་སྨིན།

དེ་ལྟར་དཔེ་དང་དོན་སྦྱར་ཏེ་རྣམ་གྲངས་བཀོད་པ་ཡི། འོ་མ་ལས་སྙིང་པོ་མར་ལྟ་བུར་གསོ་དཔྱད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པའི་རྩ་རྒྱུད་འདིནི ཤེས་རབ་ཆེ་ཞིང་བློ་གྲོས་དང་ལྡན་འགའ་ཡི་སྤྱོད་ཡུལ་ལས། གཞན་དག་བློ་རྨོངསཔའི་སྐྱེ་བོ་རྣམས་ཀྱིས་ནི་འདི་ཉིད་ཚིག་དོན་རྟོགས་པར་མི་འགྱུརརོ །སྤྲོས་པར་དགའ་ན་རྒྱ་ཆེན་པོའི་གཞུང་གཞན་བཤད་རྒྱུད་དང་མན་རྒྱུད་ཕྱི་རྒྱུད་གསུམ་དུ་བལྟ་བར་གྱིསཤིག་ཅེས་གདམས་པའོ །ཞེས་གསུངས་ནས་དྲང་སྲོང་རིག་པའི་ཡེ་ཤེས་དེ་སྨན་པའི་རྒྱལ་པོའི་ཐུགས་ཀར་ཐིམ་པར་གྱུར་ཏོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་དྲུག་པའོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྩ་བའི་རྒྱུད་ཅེས་བྱ་འི་མཆན་བུ་མདོར་བསྡུས་འདི་ཉིད་༸འབྲི་གུང་ཆོས་ཀྱི་གྲགས་པས་བཏབ་པ་རྫོགས་སོ།། །།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །

བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །

གསོ་རིག་བསྟན་པའི་ལོ་ཐོག་རྒྱས་བྱེད་པའི། །

མི་ཟད་ཆོས་ཀྱི་ཆར་པ་འདི་ཕབ་བོ། །མངྒལཾ།། །།

  

 

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།