སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༥། ལུས་ཀྱི་མཚན་ཉིད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ལྔ་པ། ལུས་ཀྱི་མཚན་ཉིད་བསྟན་པ།

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལུས་ཀྱི་མཚན་ཉིད་རྣམ་པ་གཉིས་ཡིན་ཏེ། །གནོད་པར་བྱ་བའི་ལུས་ཁམས་དང་གནོད་པ་བྱེད་པའི་ཉེས་པགསུམ་པོའོ །ནད་དང་ལུས་ཟུངས་དྲི་མ་རྣམ་གསུམ་པོ། །ཕན་ཚུན་གཅིག་ལ་གཅིག་རྟེན་ཞིང་རག་ལུས་པས །ཆགས་པ་དང་གནས་པ་དང་འཇིག་པར་བྱེད་པའི་རྩ་བ་ཡིན་ཕྱིར་ལུས།

དེ་ཡང་དང་པོ་གནོད་བྱ་ཁམས་ལ་དབྱེ་བ་དང་ལསདང་ །མེ་དྲོད་དང་འགྱུར་ཚུལ་དང་འབྲས་བུ་རྫོགས་དུས་དང་ལྔའོ དང་པོ་གནོད་བྱའི་དབྱེ་བ་ནི་ཟུངས་དང་དྲི་མ་གཉིསཡིན་ལ དེའི་ལུས་ཟུངས་བདུན་ནི་དྭངས་མ་དང་ཁྲག་དང་ཤ་དང་ཚིལདང་ །རུས་པ་དང་རྐང་མར་དང་ཁུ་བ་བདུན་དུ་བཤད། །དྲི་མ་ནི་གསུམ་སྟེ་བཤང་བ་དང་གཅིན་དང་་རྔུལ་ལ་སོགས་པའང་འདིའི་སོགས་ཁོངས་དང་འང་གི་སྒྲས་སྣབས་དང་ལུད་པ་དང་མཆི་མ་དང་མཆིལ་མ་སོགས་ཀྱང་དྲི་མའི་ཁོངས་སུ་བསྡུད་པ་དགོངས་པ་ཡིན་ནོ

གཉིས་པ་དེ་ལུས་ཟུངས་བདུན་གྱི་དྭངས་མས་ནི་གནོད་པ་བྱ་བའི་ཡུལ་འཕེལ་བར་བྱེད། །ཁྲག་གིས་བརླན་ཞིང་སྲོག་འཚོ་ཤ་ཡིས་གཡོགས། །ཚིལ་གྱིས་སྣུམ་དང་རུས་པས་བརྟེན་པ་དང༌། །རྐང་གིས་བཅུད་འགྱུར་ཁུ་བས་མངལ་འཛིན་བྱེད། དྲི་མ་གསུམ་གྱི་བཤང་གཅིས་རྟེན་འདྲུལ་འབྱིན་པར་བྱེད་པ་སྟེ། །རྔུལ་གྱིས་པགས་པ་མཉེན་ཞིང་བ་སྤུ་བརྟན

གསུམ་པ་མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ། ཟས་གང་པ་འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་མེ་དྲོད་བཤད། གཞན་ཡང་ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། །དེ་ཡིས་ནད་མེད་པའི་ཆེད་བརྩོན་འགྲུས་དང་གཟི་མདངས་དང༌། །ཚེ་དང་ལུས་ཟུངས་དང་མེ་དྲོད་དང་སྟོབས་འཕེལ་བར་བྱེད། །ཞུ་བའི་གནས་སྒོར་འཇུག་ཅིང་ཟས་ལམ་དུ་རྒྱུ་བའི་སྒོ་གཏན་ལྟ་བུ་ཡིནཔས མེ་དྲོད་དེ་སྟོབས་དང་ལྡན་ན་ཁ་ཟས་ཞུ་ནས་སྙེ་མར་ཐུར་དུ་འགྲོ་སྟེ། མེ་དྲོད་སྟོབས་ཞན་ན་ཁ་ཟས་མ་སྨིན་པར་ཟས་དེ་ཉིད་བཤང་ལམ་ནས་ཕྱིར་འབྱུང༌ངོ་ དེ་བས་མེ་དྲོད་དེ་ནི་ཟས་གང་ཟས་པ་དེ་ལེགས་པར་ཞུ་ནས་ལུས་ཟུངས་དྭངས་མ་རྣམས་ཀྱི་མདངསདང་ །སྟོབས་སོགས་རྒྱས་པས་འཕེལ་བར་བྱེད་པའི་རྒྱུ་ཡིན་ཏེ། རྒྱུ་མཚན་ཁ་ཟས་མ་ཞུ་ན་དྭངས་སོགས་ལུས་ཟུངས་བདུན་པོ་རྒྱས་པར་མི་འགྱུར་བའི་ཕྱིར། དེས་ན་ཟས་དང་སྐོམ་དང་སྤྱོད་ལམ་ཐམས་ཅད་ཡང་ལ་དྲོ་བ་ཡིས། །འབད་དེ་མེ་དྲོད་བསྲུང་བར་དུས་ཀུན་ཏུ་གནས་པར་གྱུར་ན། །ལུས་ཀྱི་སྟོབས་དང་ཚེ་ནི་གནས་པར་གྱུར།

མེ་དྲོད་དེ་ཡིས་ཁ་ཟས་འཇུ་ཚུལ་ནི། དང་པོ་ཟས་སྐོམ་དེ་སྲོག་འཛིན་གྱི་རླུང་གིས་ལྟོ་བར་བཅུག དེ་ཉིད་སྐོམ་གྱིས་བཤིག་ཅིང་སྣུམ་གྱིས་མཉེན་པར་བྱེདཅིང་ །མེ་དང་མཉམ་པའི་རླུང་གིས་མཁྲིས་པ་འཇུ་བྱེད་ཀྱི་མེ་བུསནས །ཕོ་བའི་གནས་སུ་སྨན་ལྟར་བསྐོལ་བར་བྱེད།

དེ་ཡང་དང་པོར་རོ་དྲུག་དང་ལྡན་པའི་ཟས་སྐོམ་གང་ཟོས་པདེ་དག །བད་ཀན་མྱག་བྱེད་དག་གིས་མྱག་པར་བྱེདདེ །རོ་མངར་ཞིང་ལྦུ་བ་ཅན་དུ་གྱུར་ནས་བད་ཀན་སྐྱེད། །བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས་པས། །རྣམ་པར་ཚ་བས་རོ་སྐྱུར་ཞིང་མཁྲིས་པ་སྐྱེད་པར་བྱེད །ཐ་མར་མེ་དང་མཉམ་པའི་རླུང་གིས་དྭངས་སྙིགས་ཕྱེནས །ཁ་བར་འགྱུར་ཏེ་དེ་ཡིས་རླུང་སྐྱེད་པར་འགྱུར།

དེ་ལྟར་གྱི་འབྱུང་བ་ལྔ་དང་ལྡན་པའི་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་ནང་དུ་འབྱུང་བ་ལྔ་པོ་རྒྱས་པར་བྱེདདོ

བཞི་པ་དེ་དག་ལ་འགྱུར་ཚུལ་ཞུ་རྗེས་དྭངས་སྙིགས་བྱེ་བ་ལས། །སྙིགས་མ་དེའང་རྒྱུ་མར་སྐ་བ་དང་སླ་བ་གཉིས་སུ་བྱེ། །སྐ་བ་དེ་བཤང་བར་འགྱུརཞིང་སླ་བ་དེ་གཅིན་དུ་འགྱུར། དྭངས་མ་དེ་ཉིད་ལུས་ཟུངས་བདུན་པོ་རང་རང་གི་མེ་དྲོད་ཀྱིས། །སྨིན་པར་འགྱུར་ཏེ་དེ་ཡང་དང་པོ་དྭངས་མདེ་ཕོ་བ་ནས། མཆིན་པའི་གནས་སུ་དྭངས་མ་ལེན་ཞིང་ཁྲིད་པའི་རྩ་ཕོ་བར་འབྲེལ་བ་དེ་བཞིན་དུ། མཆེར་བ་དང་། མཁྲིས་པ་དང་། གློ་བ་དང་། སྙིང་དང་། མཆིན་པ་དང་། མཁལ་མ་དང་། བསམ་སེའུ་དང་། ཀླད་པ་དང་འབྲེལ་བ་བཅས་དགུ་པོ་དེའོ། ཇི་སྐད་དུ། དྲི་མེད་ཟླ་ཟེར་ལས། མཆིན་པའི་རྩ་ལ་སྲིད་པའི་ཆུ་མིག་དགུ། ཞེས་གསུངས། དགུར་མཆིན་པའི་ལམ་བརྒྱུདནས་འགྲོ་བ་དོན །མཆིན་པའི་གནས་སུ་ཟས་ཀྱི་དྭངས་མ་ཁྲག་ཏུ་འགྱུར་ལ་ཁྲག་གི་དྭངས་མ་ལས་ཤ །ཤ་ལས་ཚིལ་དུ་འགྱུར་ཚིལ་ལས་རུས་པར་འགྱུར། །རུས་པ་ལས་རྐང་མར་དུ་འགྱུར་རྐང་མར་ལས་ཁུ་བར་འགྱུར། དེ་རྣམས་ཀྱི་སྙིགས་མ་ནི་ཕོ་བའི་བད་ཀན་དང༌། །སྣོད་ཀྱི་མཁྲིས་པ་དང་བུ་གའི་དྲི་མ་དང་ཞག་དང་ནི། །སོ་དང་སེན་མོ་དང་བ་སྤུ་དང་བཤང་བ་དང་སྣུམ་པ་དང་བུད་མེད་ཀྱི་མངལ་འཛིན་པར་བྱེད་པ་ཡིན། །ལུས་ཟུངས་བདུན་ལས་ཁུ་བའི་མཐར་ཕྱིན་པ་དེ་ནི་མདངས་ཀྱི་མཆོག་སྟེ། །སྙིང་ལ་གནས་ཀྱང་ལུས་ཀུན་ལ་ཁྱབ་པ་དང༌། །ཚེ་གནས་པ་དང་གཟི་མདངས་རྒྱས་པ་དང་བཀྲག་དང་ལྡན་པར་བྱེད།

ལྔ་པ་དེ་དག་འབྲས་བུ་རྫོགས་དུས་ཟས་ཟོས་པའི། ཞུ་རྗེས་དྭངས་མ་ཁུ་བར་འགྱུར་དུས་ཞག་དྲུག་ཡིན་སྟེ། །རོ་ཙ་ལ་སོགས་གཞན་གྱིས་ནི་འཕྲལ་དུའམ་དེ་མ་ཐག་ཁུ་བ་སྐྱེད། །སྨན་གཞན་རྣམས་ཕལ་ཆེར་ནི་ཞག་གཅིག་ནས་ལས་བྱེད་འགྱུར།

གཉིས་པ་གནོད་བྱེད་ཀྱི་ཉེས་པའི་མཚན་ཉིད་ནི་བརྒྱད་ཡོད་དེ་དབྱེ་བ་དང༌། །མངལ་དུ་གྲུབ་ཚུལ་དང་རང་བཞིན་དང་མེ་དྲོད་དང༌། །ལྟོ་བ་དང་གནས་དང་ལས་དང་མཚན་ཉིད་དོ།

དང་པོ་དབྱེ་བ་ནི་རླུང་དང་མཁྲིས་པ་བད་ཀན་གསུམ། །རྒྱུ་གསུམ་དང་ངོ་བོགཡོ་བ་དང་ཚ་བ་དང་གྲང་བ་དང་དེ་བཞིན་དུ་དཔེ་མཁའ་ལ་རླུང་དང་། བར་ལ་མེ། སྨད་ས་ཆུ་སོགས་ཀྱིསའཇིག་རྟེན་ཆགས་པའི་དཔེ་བཞིན་དུ་སྨད་ན་རླུང་། བར་ན་མཁྲིས་པ། སྟོད་ན་བད་ཀན་སོགས་གནས་པ་དང་འབྲས་བུ་དང༌། །གཉེན་པོའི་སྒོ་ནས་གྲངས་དང་གོ་རིམ་གྲུབ། །རྣམ་པར་མ་གྱུར་པའི་ལུས་གནས་པ་དང་རྣམ་པར་གྱུར་པས་ལུས་འཇོམསཔར་བྱེད་དོ

རླུང་ལ་དབྱེ་ན་སྲོག་འཛིན་དང་གྱེན་རྒྱུ་དང༌། །ཁྱབ་བྱེད་དང་མེ་མཉམ་དང་ཐུར་སེལ་དང་རྣམ་པ་ལྔ། །མཁྲིས་པའི་དབྱེ་བ་ནི་འཇུ་བྱེད་དང་མདངས་སྒྱུར་དང༌། །སྒྲུབ་བྱེད་དང་མཐོང་བྱེད་དང་མདོག་གསལ་དང་རྣམ་པ་ལྔ། །བད་ཀན་དབྱེ་བ་ནི་རྟེན་བྱེད་དང་མྱག་བྱེད་དང༌། །མྱོང་བྱེདདང་ཚིམ་བྱེད་དང་འབྱོར་བྱེད་དང་རྣམ་པ་ལྔ།

གཉིས་པ་དེ་ཉིད་མངལ་དུ་གྲུབ་པའི་ཚུལ་བསྟན་པ། །སྐྱེ་བའི་དང་པོ་ཁུ་བ་ཁྲག་ལ་གནས། །དཔེར་ན་དུག་ཅན་སྲིན་པོའི་དུག་སྐྱེད་མཚུངསསྲིན་པོ་ནི་རེས་ལེགས་པར་ཟོས་ཀྱང་འཇུ་བར་དཀའ་ཞིང་། རེས་ལེགས་པར་མ་ཟོས་ཀྱང་འཇུ་སླ་ཞིང་།

རང་རང་གི་ལུས་ཀྱི་རྒྱུ་ཡི་གཙོ་བོ་ཁུ་ཁྲག་གི་ངེས་པ་ཤས་ཆེ་ཆུང་དང་མངལ་གནས་ཀྱི་མའི་ཁ་ཟས་དང་སྤྱོད་ལམ་གྱིས། །ཉེས་པ་གསུམ་པོ་གང་རུང་ལྷག་གྱུར་དེས་ཕྱིར་མིའི་རང་བཞིན་ཀྱང་བདུན་དུ་འགྱུརསྟེ །རླུང་ཆུང་མཁྲིས་པ་འབྲིང་ལ་བད་ཀན་ཆེ། །འདུས་པ་མཆོག་ཡིན་ལྡན་གསུམ་རླུང་མཁྲིས་གཉིས། བད་རླུང་གཉིས། བད་མཁྲིས་གཉིས་བར་མར་འགྱུར།

ལུས་རིགས་མི་འདྲ་བ་བདུན་པོ་དེ་བཞིན་དུ་ཕོ་བའི་མེ་དྲོད་ཀྱང་བཞིར་འགྱུར་ཏེ། མེ་མཉམ་རླུང་གིས་སྟོབས་ཆེ་བས་མེ་དྲོད་མི་སྙོམས་པ་མཁྲིས་པ་འཇུ་བྱེད་པས་རྣོ་བ་དང༌། །བད་ཀན་ལུས་བྱ་བའི་མྱག་བྱེད་སྟོབས་ཆེ་བས་མེ་དྲོད་ཆུང་ལ་དེ་གསུམ་ཀ་ཆ་མཉམ་དུ་འདུས་པ་མེ་དྲོད་ཀྱང་ཏུ་མཉམ་པར་འགྱུར།

ལྟོ་བ་རླུང་གིས་སྲ་ཕྱིར་འཁྲུ་སྨན་རྣོན་པོས་ཕིག་པར་དཀའ་ལ་མཁྲིས་པས་སྙི་སྟེ་དོན་མེད་དུ་འཁྲུ །བད་ཀན་གྱིས་ནི་ལྟོ་བ་བར་མར་འགྱུརཏེ་སྨན་གྱིས་འཁྲུ་ལ་ཟས་ཀྱིས་སྨིན་པའོ

ཉེས་པ་གསུམ་པོ་དེ་གནས་ས་ལུས་ཀྱི་ཆ་ཤས་ཤིན་ཏུ་ཕྲ་བ་དང་བཅས་ལ་ཁྱབ་གྱུར་ཀྱང་གཙོ་བོ་སྙིང་ག་དང༌། །ལྟེ་བའི་འོག་མན་ཆད་དངལྟེ་སྙིང་གི་བར་དང་སྙིང་ཀའི་སྟེང་ན་མས་ནས་རིམ་པར་རླུང་མཁྲིས་བད་ཀན་གནསཔའོ

ཉེས་པའི་ལས་ནི་གསུམ་སྟེ་རླུང་གིས་དབུགས་གྱེན་དུ་འབྱིན་ནང་དུ་རྔུབ །བསྐྱོད་པ་དང་སྒོ་གསུམ་གྱི་ལས་སྤྱོད་བཤང་གཅི་ངར་སྣབས་སོགས་ཤུགས་འབྱིན་དྭངས་མ་སོགས་གནོད་བྱ་རྣམས་རང་རང་གི་བུ་གར་རྒྱུ། །དབང་པོ་གསལ་དང་ལུས་འདི་ཉིད་ལ་མི་གནོད་ཅིང་རྗེས་སུ་འཛིན་པར་བྱེད། མཁྲིས་པའི་ལས་མེ་དྲོད་སོགས་ཀྱི་ཡོན་ཏན་གྱིས་ཁར་ཟས་ཞུ་ནས་བཀྲེས་པ་དང་སྐོམ་པའི་བྱེད་ནས་ཟས་ལེན་ཞིང་དེས་མྱུར་དུ་འཇུ་བ་དང༌། །ལུས་དྲོད་མདངས་གསལ་བྱ་བ་གང་ལ་ཡང་མི་འཇིག་པའི་སྙིང་དཔའ་བློ་ལྡན་བྱེད། །བད་ཀན་ལུས་དང་བློ་བརྟན་གཉིད་ཆེ་བའི་གཉིད་ལོག་དང༌། །ཚིགས་རྣམས་འབྱོར་ཞིང་འབྲེལ་དང་རིང་བས་གནོད་པ་བཟོད་ཅིང་ལུས་འཇམ་སྣུམ་པར་བྱེདདེ་ལུས་རྗེས་སུ་འཛིན་ཏོ

ཁྱད་པར་གྱི་དབྱེ་བ་ལ་ལྔ་ལྔ་ཡོད་པའི་སྲོག་འཛིན་རླུང་དེ་སྤྱི་བོར་གནས། །གྲེ་བ་བྲང་གཞུང་རྒྱུ་ཞིང་ཟས་སྐོམ་མིད། །དབུགས་རྔུབ་མཆིལ་འདོར་སྦྲིད་པ་སྒྲེག་པ་འབྱིན། །བློ་དང་དབང་པོ་གསལ་ཞིང་སེམས་འཛིན་བྱེད། །གྱེན་དུ་རྒྱུ་བའི་རླུང་ནི་བྲང་ལ་གནས། །སྣ་ལྕེ་ལྐོག་མར་རྒྱུ་ཞིང་ཚིག་འབྱིན་ལ། །སྟོབས་མདངས་ཁ་དོག་འབད་པ་དང་རྩོལ་བ་སྐྱེད་ཅིང་དྲན་པ་གསལ་བར་བྱེད། །ཁྱབ་བྱེད་རླུང་ནི་སྙིང་ལ་གནས་པ་སྟེ། །ལུས་ཀུན་ཁྱབ་པར་རྒྱུ་ཞིང་རྐང་ལག་འདེགས་པ་དང་འཇོག་པའི་ངང་ནས་འགྲོབ་དང་ །བརྐྱང་བསྐུམ་དང་ཁ་མིག་སོགས་འབྱེད་འཛུམ་སྒོ་གསུམ་གྱི་བྱ་བ་ཕལ་ཆེར་རླུང་འདི་ལ་རག་ལུས། །མེ་དང་མཉམ་པའི་རླུང་ནི་ཕོ་བར་གནས། རྒྱུ་མ་ལ་སོགས་པའི་ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང་ཁ་ཟས་འཇུ། །དྭངས་སྙིགས་འབྱེད་ཅིང་དྭངས་མ་ལ་སོགས་པའི་གནོད་བྱ་རྣམས་སྨིན་པར་བྱེད། །ཐུར་དུ་སེལ་བའི་རླུང་ནི་གཞང་ལ་གནས། །ལོང་དང་ལྒང་པ་གསང་བ་བརླ་ནང་རྒྱུ། །ཁུ་ཁྲག་བཤང་གཅི་མངལ་ནང་དུ་གནས་པའི་སོ་སོར་འབྱིན་སྡོམ་བྱེད།

མཁྲིས་པ་འཇུ་བྱེད་ཞུ་དང་མ་ཞུའི་གནས་ཕོ་ལོང་གི་བར་ན་གནས། ཁ་ཟས་འཇུ་ཞིང་དྭངས་སྙིགས་ཀྱང་ཅུང་ཟད་འབྱེད་ཅིང་ལུས་དྲོད་དང༌། མདངས་སྒྱུར་སོགས་ལྷག་མ་བཞི་ཡི་གྲོགས་དང་སྟོབས་སྐྱེད་བྱེད། །མཁྲིས་པ་མདངས་སྒྱུར་མཆིན་པར་གནས་པ་སྟེ། །དྭངས་མ་རང་དང་ལ་སོགསཁོང་ནས་ཤའི་ཁ་དོག་དམར་པོ་མ་ལུས་སྒྱུར། །མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས་པ་སྟེ། །ཡིད་གཞུངས་ང་རྒྱལ་བློ་གྲོས་དང་འདོད་པ་སྒྲུབ། །མཐོང་བྱེད་མིག་ལ་གནས་ནས་གཟུགས་མཐོང་བྱེད། །མདོག་གསལ་ལྤགས་གནས་ལྤགས་མདོག་གསལ་བར་བྱེད།

བད་ཀན་རྟེན་བྱེད་བྲང་ལ་གནས་པ་སྟེ། མྱག་བྱེད་སོགས་ལྷག་མ་རྣམས་ཀྱི་རྟེན་དང་ཆུ་མ་འཐུང་ཀྱང་ངོམ་པ་སོགས་ལས་བྱེད། བད་ཀན་མྱག་བྱེད་མ་ཞུ་བ་ལ་གནས། །ཟས་སྐོམ་ཞིབ་མོར་མྱག་ཅིང་འདུར་འདུར་པོ་འདྲུལ་བར་བྱེད་པ་ཡིན། །བད་ཀན་མྱོང་བྱེད་ལྕེར་གནས་རོདྲུག་གི་བྱེ་བྲག་རྣམས་ཚོར་བར་བྱེད། །ཚིམ་བྱེད་མགོར་གནས་ནས་མིག་སོགས་དབང་པོ་རྣམས་འདོད་པས་ངོམ་ཞིང་ཚིམ་པར་བྱེད། །བད་ཀན་འབྱོར་བྱེད་ཚིགས་དམིགས་ཀུན་ལ་གནས། ལུས་ཀྱི་ཚིགས་ཀྱི་རྩ་རྣམས་ཕན་ཚུན་འབྱོར་ཞིང་དེ་རྣམས་ཀྱི་མཚམས་ལ་བརྐྱང་བསྐུམ་གྱི་བྱ་བའང་བྱེད་པ་ཡིན་དེ་དག་གི་མིང་རྣམས་ཀྱང་བྱེད་ལས་སོགས་རྒྱུ་མཚན་དུ་བྱས་ཏེ་བཏགས་པ་ཤེས་པར་བྱའོ

ཉེས་པའི་མཚན་ཉིད་རླུང་མཁྲིས་བད་ཀན་གསུམ། །རླུང་གི་མཚན་ཉིད་རང་རྒྱུད་འདུག་པས་བཟོད་པར་བཀའ་བས་ན་བའི་ལྕེ་སོགས་ཀྱང་རྩུབ་ཅིང་རང་རྒྱུད་བས་གནོད་པའི་བར་ན་ཡང་བ་དང་ །དྲོད་མེད་ཅིང་ན་དུས་རྒྱུ་བྱེད་པའམ་གྲང་ཞིང་ཕྲ་ལརྫས་སུ་མ་གྲུབ་པའི་བུ་ག་ཕྲ་མོ་ཡང་འཇུག་པའོ། སྲ་བའི་མགུལ་ནི་མིད་པར་དཀའ་བའམ་བརྣངས་བ། རྟག་ཏུ་མི་འགྲོ་ཞིང་སྨིན་དཀའ་ཞིང་གཡོ་བ་གཅིག་ཏུ་མི་བརྟན་ཅིང་འཕོ་འགྱུར་ཆེ་བ་སྟེ་ནད་རྟགས་སུ་ཡང་། སེམས་འཕྱོ། འགྲོ་འདོད། ཁ་མང་ཞིང་ལས་རད། འཕེལ་འབྲི་འཕོ་འགྱུར་ཆེ་བ་སྟེ་སྟོང་སྐྱུག་འོང་། རྩ་སྟོང་པ་དང་གཡོ་འོག་སོགས་ཏེ་རླུང་འཕོ་བའི་ཁྱད་ཆོས་ཡིན། མདོར་ན་རླུང་གི་མཚན་ཉིད་ཀྱང་མཁྲིས་པ་ལས་ལྡོག་ཅིང་། བད་ཀན་ལས་ཆེར་ལྡོག་པའོ།

མཁྲིས་པའི་མཚན་ཉིད་སྣུམ་བཅས་སྣུམ་རང་མིན་ཅིང་ཅུང་ཟད་སྣུམ་པ། ནད་རྟགས་སུ་གདོང་དང་བ་སྤུའི་སྒོ་སྣུམ་རྣོ་བ་ལ་མྱུར་ཞིང་ཚ་རྟགས་སུ་སྐྲང་པ་རྣག་པར་རྒྱུ་ཚ་བ་སྨིན་སླ་བས་སྲོག་ལ་མྱུར་དུ་སྒོ ངོ་བོ་ཚ་བས་ལུས་ཟུངས་བསྲེག་ནས་རྟགས་སུ་ལུས་ཚ་བས་ཟས་སྤྱོད་པའི་ཟ་འཕྲོད་ན་རོའི་ལས་བསོད། ཡང་ཞིང་ཡང་བ་སྟེ་རྟག་ཏུ་ཚ་བ་རྐྱང་པ་ལས་མ་འདས་པ་སོགས་རྟགས་དང་གྲོགས་སླ་རྨ་རུལ་དྲི་མ་འཁྲུ་བའི་དྲི་མནམ་ལྟོ་བ་སྙི་བས་ཐུར་དུ་འབྱངས་པ་སྟེ་རྟགས་སུ་ཟས་སྤྱོད་གཉིས་མི་མཐུན་པ་བག་རེ་འཁྲུ་ཞིང་གཤེར་བའི་རྟགས་སུ་ལུད་པ་སླ་བ་དང་། གཏར་ཁྲག་སླ་བར་འགྱུར་བ་ཡིན།

རྣམ་པར་མ་གྱུར་བའི་བད་ཀན་མཚན་ཉིད་ཀྱང་། སྐྱ་བ་དང་ཚ་བ་ལས་རིང་དུ་ཉམས་པས་སྣུམ་གྱི་བསིལ་ཡང་རྣོ་རྩུབ་གཡོ་རྣམས་ཀྱི་རང་བཞིན་དང་བྲལ་བས་ལྕི་རྟུལ་སོགས་སུ་གནས་སོ། ནད་རྟགས་ཀྱང་ཡོད་དེ་སྤྲོས་པའི་བད་ཀན་མཚན་ཉིད་སྣུམ་ཞིང་བསིལ་བ་དང༌། །ལྕི་རྟུལ་འཇམ་བརྟན་འབྱར་བག་ཅན་དུ་གནས། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལུས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།