སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་ ༤། ངོས་འཛིན་རྟགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
རྩ་རྒྱུད། >>

 

ལེའུ་བཞི་པ། མེ་དང་དུ་བའི་ཚུལ་དུ་གནས་པ་ངོས་འཛིན་རྟགས་ཀྱི་དོན་བསྟན་པ།

 

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ནད་ལ་བལྟ་བ་དང་རེག་པ་དང་དྲི་བས་ཡོངས་སུ་ཤེས་པར་བྱསྟེ་དེ་ཡང་བལྟ་བ་ནི །མིག་གིས་བལྟ་བ་སྟེ་གང་ལ་བལྟ་ན་་ལྕེ་དང་ཆུ་ལ་བལྟས་ནས་བརྟག །བརྟག་པ་འདི་ནི་སྨན་པའི་མིག་གི་མཐོང་བ་ཡུལ་རིག་པ་ཡིནནོ །སོར་མོས་རེག་པ་ནད་གང་ཡིན་གྱི་བརྡ་སྦྱོར་བའི་འཕྲིན་པ་ལྟ་བུ་ནི་རྩལ་བལྟ་བ་སྟེ བརྟག་པ་འདི་ནི་སྨན་པ་རྣམ་དཔྱོད་དང་ལྡན་པ་དག་གི་དོན་རིག་པ་ཡིནནོ །ངག་གིས་དྲི་བ་ནི་ནད་སློང་བའི་རྐྱེན་གང་གིས་བྱས་ད་ལྟ་ན་ལུགསཅི་ལྟར་འདུག་ཟསགང་ཕན་གང་གནོད་དྲི་བ་སྟེ །བརྟག་པ་འདི་ནི་སྨན་པའི་རྣ་བས་ཐོས་པ་སྒྲ་རིག་ཡིན།

དེ་དག་རྒྱས་པར་དབྱེ་ན་ལྕེ་ལ་བརྟག་པ་ནི། རླུང་གི་ལྕེ་ནི་དམར་ཞིང་སྐམ་ལ་རྩུབ། །མཁྲིས་པའིལྕེ་ནི་བད་ཀན་སྐྱ་སེར་མཐུག་པོས་གཡོགས། །བད་ཀན་ལྕེ་ནི་སྐྱ་གླེག་མདངས་མེད་འཇམ་ལ་རློན།

ཆུ་ལ་བརྟག་པ་ནི། རླུང་གི་ཆུ་ནི་ཆུ་འདྲ་ལྦུ་བ་ཆེ། །མཁྲིས་པའི་ཆུ་ནི་དམར་སེར་རླངས་ཆེ་དྲི་མ་དུགས། །བད་ཀན་གྱི་ཆུ་ནི་དཀར་ལ་དྲི་རླངས་ཆུང༌།

རྩ་ལ་བརྟག་པ་ནི། རླུང་གི་རྩ་ནི་རྐྱལ་སྟོང་སྐབས་སུ་སྡོད། །མཁྲིས་པའི་རྩ་ནི་མགྱོགས་རྒྱས་གྲིམས་པར་འཕར། །བད་ཀན་རྩ་ནི་བྱིང་རྒུད་དལ་བའོ།

ངག་གི་དྲི་བ་ནི། དྲི་བ་ཡང་ལ་རྩུབ་པའི་ཟས་སྤྱོད་ཀྱི། །རྐྱེན་གྱིས་གཡལ་འདར་བྱ་རྨྱང་གྲང་ཤུམ་བྱེད། །དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་ན། །གཟེར་བ་ངེས་མེད་འཕོ་ཞིང་སྟོངས་སྐྱུགས་བྱེད། །དབང་པོ་མི་གསལ་ཤེས་པ་འཚུབ་པ་དང་། །བཀྲེས་དུས་ན་ཞིང་སྣུམ་བཅུད་ཕན་པར་ངེས། །རྣོ་ཞིང་ཚ་བའི་ཟས་དང་སྤྱོད་ལམ་གྱིས། །ཁ་ཁ་མགོ་ན་ཤ་དྲོད་ཚ་བ་དང༌། །སྟོད་གཟེར་ཞུ་རྗེས་ན་ཞིང་བསིལ་བ་ཕན། །ལྕི་ལ་སྣུམ་པའི་ཟས་དང་སྤྱོད་ལམ་གྱིས། །དང་ག་མི་བདེ་ཁ་ཟས་འཇུ་བ་དཀའ། །སྐྱུག་ཅིང་ཁ་མངལ་ཕོ་བ་འཚིང་སྟེ་སྒྲེག །ལུས་སེམས་ལྕི་ལ་ཕྱི་ནང་གཉིས་ཀ་གྲང༌། །ཟོས་རྗེས་མི་བདེ་ཟས་སྤྱོད་དྲོ་ན་འཕྲོད། །དེ་ལྟར་བརྟག་ཐབས་སུམ་ཅུ་རྩ་བརྒྱད་ཀྱིས། །ནད་ཀུན་འཁྲུལ་མེད་ངེས་པར་གཏན་ལ་འབེབས། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ངོས་འཛིན་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། 

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།