སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་ ༣། གནས་ལུགས་ནད་གཞི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
རྩ་རྒྱུད། >>


གསོ་དཔྱད་ཐམས་ཅད་སྐྱེས་པའི་གཞི་ས་བོན་དང་འདྲ་བ་རྩ་བ་ཐུགས་ཀྱི་རྒྱུད་བཤད་པ།

 

དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། གསོ་བ་རིག་པའི་རྒྱུད་སྡེ་རྣམ་བཞི་ལས། རྩ་བའི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས

ཐུགས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།

དང་པོ་རྩ་རྒྱུད་ཀྱི་མདོ་ཡི་གནས་བསྟན་པ། དང་པོ་རྩ་བ་གསུམ་ལ་གཉིས་པ་འདྲིལ་བའི་སྡོང་པོ་དགུ། གསུམ་པ་གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན་ཏེ། །བཞི་པ་ལོ་འདབ་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིར་རྒྱས་པ་ཡིན། །ལྔ་པ་གསལ་བའི་མེ་ཏོག་གཉིས་དང་འབྲས་བུ་གསུམ་སྟེ་ལྔ་རུ་སྨིན་པའོ།འདི་དག་རྩ་བའི་རྒྱུད་ཀྱི་སྡོམས་སུ་བཤད།

 

ལེའུ་གསུམ་པ། ཆུ་དང་འཁྱགས་རོམ་ཚུལ་དུ་གནས་པ་གནས་ལུགས་ནད་གཞིའི་དོན་བསྟན་པ།

དེ་ཉིད་རྒྱས་པར་བཀྲོལ་ན་འདི་ལྟ་སྟེ། རྩ་བ་ནད་དང་ལུས་ཟུངསདྲི་མ་རྣམ་པ་གསུམ། དེ་གསུམ་ལ་རྣམ་པར་མ་གྱུར་པ་དང་གྱུར་པ་ལས། །ལུས་ནི་གནས་དང་འཇོམས་པར་བྱེད་པ་ཡིན།

རྣམ་པར་མ་གྱུར་བ་ལུས་ཀྱི་སྡོང་པོ་ལ་ནད་ཀྱི་ཡལ་ག་ནི་རླུང་དང་མཁྲིས་པ བད་ཀན་གསུམ། དེ་ལ་རླུང་ནི་སྲོག་འཛིན་སྤྱི་བོར་གནས་པ། གྱེན་རྒྱུ་བྲང་ལ་གནས་པ། ཁྱབ་བྱེད་སྙིང་ལ་གནས་པ། མེ་མཉམ་ཕོ་བར་གནས་པ། ཐུར་སེལགཞང་ལ་གནས་པ་སྟེ་རླུང་ལྔའོ

མཁྲིས་པར། འཇུ་བྱེད་ཕོ་བར་གནས་པ། མདངས་སྒྱུར་མཆིན་པར་གནས་པ། སྒྲུབ་བྱེད་སྙིང་ལ་གནས་པ། མཐོང་བྱེད་མིག་ལ་གནས་པ། མདོག་གསལ་པགས་པར་གནས་པ་སྟེ་མཁྲིས་པར་ལྔའོ

བད་ཀན་ལ། རྟེན་བྱེད་བྲང་ལ་གནས་པ། མྱག་བྱེད་མ་ཞུ་བའི་གནས་ལ་གནས་པ། མྱོང་བྱེད་ལྕེ་ལ་གནས་པ། ཚིམ་བྱེད་མགོ་ལ་གནས་པ། འབྱོར་བྱེད་ཚིགས་ལ་གནས་པ་བད་ཀན་ལྔ་སྟེ་ནད་ཀྱི་ལོ་མ་བཅོ་ལྔའོ།

དྭངས་མའི་ཡལ་གར། ཟས་ཀྱིདྭངས་མདེའི་དྭངས་མ་ཁྲག དེའི་དྭངས་མདེའི་དྭངས་མཚིལདེའི་དྭངས་མ་རུསདེའི་དྭངས་མ་རྐང་དེའི་དྭངས་མ་ཁུ་བདཀར་དམར་བཅས །ལུས་ཟུངས་བདུན་གྱི་ལོ་མ་ཡིན

དྲི་མའི་ཡལ་གར། དྲི་མ་བཤང་བ་དང་། གཅིན། རྔུལགསུམ་ནི་དྲི་མའི་ལོ་མ་གསུམ་མོ

དེ་ལྟར་རླུང་ལྔ། མཁྲིས་པར་ལྔ། བད་ཀན་ལ་ལྔ། ལུས་ཟུངས་བདུན། དྲི་མ་གསུམ་ཏེ། རྣམ་གྲངས་ཉི་ཤུ་རྩ་ལྔ་པོ། དེ་ཡང་ཁ་ཟས་ཀྱི་རོ་དང་ནུས་པ་དང་སྤྱོད་ལམ་རྣམ་གསུམ་གྱིས། དམན་ལྷག་ལོག་པའི་སྐྱོན་མ་བྱུང་བས་ཐམས་ཅད་མཉམ་པར་གནས་པས་ལུས་ཀྱི་སྟོབས་དང་གཟི་མདངས་ཚེ་ལ་སོགས་འཕེལ་བར་འགྱུར་ཞིང་། གལ་ཏེ་དེ་ལས་ལྡོག་པ་དམན་ལྷག་ལོག་པས་གནོད་པར་འགྱུར་བ་ཡིན།

རྣམ་པར་མ་གྱུར་པ་ནད་ཀྱི་སྡོང་པོ་མདོར་བསྡུས་ན་ནད་ནི་སྐྱེད་པར་བྱེད་པའི་རྒྱུ་གསུམ་སྟེ། །དེ་ལ་ལྷན་ཅིག་བསྐྱེད་པའི་རྐྱེན་བཞི་ཡིས། །འཇུག་སྒོ་རྣམ་པ་དྲུག་ཏུ་ཞུགས་ནས་ནི། །ལུས་ཀྱི་སྟོད་སྨད་བར་དུ་གནས་བཅས་ཤིང༌། །རྒྱུ་བར་བྱེད་པའི་ལམ་ནི་བཅོ་ལྔ་རུརྒྱུ་བར་བྱེད་པ དེ་ཡང་ན་སོ་ཡུལ་དུས་དགུ་རུ་འཕེལ་བྱེད་དེ། དེའི་འབྲས་བུ་སྲོག་གཅོད་པ་ཡི་ནད་དགུར་སྨིན། དེ་དག་ཀྱང་ལྡོག་པའི་རྒྱུ་ནི་བཅུ་དང་གཉིས་སུ་འགྱུར བཤད་ཚུལ་དེ་དག་མདོ་དོན་དྲིལ་བས་ཚ་གྲང་གཉིས་སུ་འདུས། །དེ་ལྟར་བཤད་མ་ཐག་པའི་ནད་ཀྱི་རྒྱུ་སོགས་དྲུག་ཅུ་རྩ་གསུམ་པོ་ནི་སྨན་པས་གསོ་བྱའི་ནདཡིན་ནོ

དེ་ལ་རྒྱས་པར་བཤད་ན་རྒྱུའི་ཡལ་གར། འདོད་ཆགས་ཞེ་སྡང་གཏི་མུག་གསུམནི །རླུང་མཁྲིས་བད་ཀན་རིམ་པས་སྐྱེད་པའི་རྒྱུབཅས་ནི་རྒྱུའི་ལོ་མ་གསུམ

རྐྱེན་གྱི་ཡལ་གར། དེ་ལ་དུས་གདོན་ཟས་དང་སྤྱོད་ལམ་རྐྱེན་གྱི་ལོ་མ་བཞིས། །དེ་དག་འཕེལ་དང་ཟད་པར་གྱུར་ནས་ནི།

འཇུག་སྒོ་ཡལ་གར། པགས་ལ་གྲམ་ཞིང་ཤ་ལ་རྒྱས་པ་དང༌། །རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པ་དང༌།དོན་ལ་འབབ་ཅིང་སྣོད་དུ་ལྷུང་བར་འགྱུར

གནས་ཀྱི་ཡལ་གར། བད་ཀན་ཀླད་པ་ལ་བརྟེན་སྟོད་ན་གནས། མཁྲིས་པ་མཆིན་མཁྲིས་ལ་བརྟེན་བར་ན་གནས། །རླུང་ནི་དཔྱི་རྐེད་ལ་བརྟེན་སྨད་ན་གནསབཅས་གནས་ཀྱི་ལོ་མ་གསུམ

རྒྱུ་ལམ་གྱི་ཡལ་གར། རླུང་ནི་དྭངས་མའི་ནང་ནས་རུས་པདབང་པོ་ལྔ་ལས་རྣ་བདྲི་མ་གསུམ་ལས་རེག་བྱརླུང་གི་རྒྱུ་ལམ་རེག་བྱ་ཞེས་པ་ནི། རླུང་ནད་ལྡང་བའི་ཚེ་བ་སྤུའི་ཁུང་རྣམས་བྱེ་ཞིང་བ་སྤུ་གྱེན་དུ་ལངས་པས་རེག་བྱ་རྩུབ་པ་ལ་དགོངས་སོ། དོན་ལྔ་ལསསྙིང་དང་ཞར་བྱུང་སྲོག་རྩ། སྣོད་དྲུག་ལས་ལོང༌རྣམས་སོ

མཁྲིས་པ་ནི། ལུས་ཟུངས་ཁྲག་དང་། དྲི་མརྔུལདབང་པོམིག་དང་དོན་མཆིན་པ། སྣོདམཁྲིས་པ་དང་ཞར་བྱུང་རྒྱུ་མ་དང༌།

བད་ཀན་ནི། ལུས་ཟུངས་དྭངས་མ་ཤ་ཚིལ་རྐང་ཁུ་བ། དྲི་མབཤང་གཅི་དང༌། དབང་པོསྣ་ལྕེདོན་གློ་མཆེརསྣོདཕོ་བ་དང་། དོན་མཁལ་མ། སྣོད་ལྒང་པ་རྣམས། དེ་ལྟར་ལུས་ཟུངསདང་དྲི་མ་དབང་པོ་དོན་སྣོད་བཅས་ལྔ། །རླུང་མཁྲིས་བད་ཀན་རྒྱུ་བའི་ལམ་དུ་བཤད་པ་ནི་རྒྱུ་ལམ་གྱི་ལོ་མ་བཅོ་ལྔ

ན་ཚོད་ཡུལ་དུས་ཀྱི་ཡལ་གར། ན་ཚོད་རྒས་པ་རླུང་མི་དར་མ་མཁྲིས་པའི་མི། །བྱིས་པ་བད་ཀན་མི་ཡིན་ན་སོས་གཉནབཅས་ནི་རླུང་རྒྱས་དུས་ན་བ། མཁྲིས་པ་དར་མའི་དུས་ན་བ། བད་ཀན་བྱིས་པའི་དུས་ན་བ་རྣམས་ཉེན་ཆེ་བས་ན་ཚོད་ཀྱི་ལོ་མ་གསུམ

རླུང་གི་ཡུལ་ངད་ཅནརེག་བྱ་གྲང་བ་ནིརླུང་གི་ནད་འཕེལ་བའི་ཡུལ་ཡིན་ཏེ། རླན་གཤེར་མེད་པའི་ས་སྐམ་སརེག་བྱཚ་བའི་གདུང་ཆེ་བ་ནིམཁྲིས་པའཕེལ་བའི་ཡུལཡིན་ནོ ས་གཞི་རླན་ཅན་སྣུམ་བག་དང་ལྡན་པ་བད་ཀན་ཡུལ་དུ་བཤད་པ་ཡུལ་གྱི་ལོ་མ་གསུམ དུས་རླུང་ནད་ནི་ནམ་ཟླ་དབྱར་དུས་དང་ཉིན་གྱི་ཆའི་དགོང་མོ་དང་ཐོ་རངས་ལ་ལྡང༌ །མཁྲིས་པ་ནི་ནམ་ཟླ་སྟོན་དུས་ཉིན་ཞག་གི་ཆའི་ཉིན་དགུང་དང་མཚན་དགུང་ལ་ལྡང༌། །བད་ཀན་ནམ་ཟླ་དཔྱིད་དུས་ཉིན་ཞག་གི་ཆའི་སྲོད་དང་སྔ་དྲོ་ལྡང༌བ་ནི་དུས་ཀྱི་ལོ་མ་གསུམ་བཅས་ན་ཚོད་ཡུལ་དུས་ཀྱི་ལོ་མ་དགུའོ

འབྲས་བུའི་ཡལ་གར། འཚོ་བ་ཚེ་ལས་བསོད་ནམས་གསུམ་ཟད་པ་དང་། འདུ་བ་གཤེད་དུ་ནད་ཚ་གྲང་གཉིས་ཀ་གཅིག་ཏུ་འདོམས་པས་གཉེན་པོ་མི་ལེན་པས་བབསཔ་དང་ །སྦྱོར་བ་མཚུངས་པ་ཚ་བ་ལ་དྲོད་སྨན་དང་། གྲང་བ་ལ་བསིལ་སྨན་བཏང་བ་དང་། གནད་དུ་བབས་པ་གཉན་པའི་གནད་རྣམས་སུ་མཚོན་ཕོགས་པ་དང༌། ནད་བཅོས་པའི་དུས་ལས་འདས་ཏེ་རླུང་ནད་སྲོག་སྟེ་དབུ་མའི་ནང་གི་རླུང་རྟེན་ཆད་པ་དང༌། །ཚ་བ་བཅོས་འཕྱིན་པས་ལ་འདས་པ་དང་གྲང་བ་བཅོས་འཕྱིན་པས་གཏིང་འཁར་བདང་ དེ་དག་མིན་ཡང་ནད་པའི་ལུས་ཟུངས་ཀྱིས་སྨན་དཔྱད་མི་ཐུབ་པ་དང་རྣམ་པར་འཚེ་བ་གདོན་གྱི་བླ་ཁྱེར་སྲོག་བཅད་པ་རྣམསནི །འབྲས་བུ་སྲོག་གཅོད་ཀྱི་ནད་དགུ་ཞེས་སུ་བཤད་པ་ནི་འབྲས་བུའི་ལོ་མ་དགུའོ

ལྡོག་རྒྱུའི་ཡལ་གར། རླུང་མཁྲིས་བད་ཀན་ཞི་དང་མ་ཞི་བ། །གཉིས་གཉིས་བཞི་རུ་ལྡོག་པའི་བཅུ་གཉིས་རྒྱུའི་ལོ་མ་བཅུ་གཉིས་སོ།

མདོ་དོན་གྱི་ཡལ་གར། རླུང་དང་བད་ཀན་གྲང་བ་ཆུ་ཡིན་ཏེ། །ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །སྲིན་དང་ཆུ་སེར་ནིཚ་གྲང་དེ་གཉིས་ཐུན་མོང་བར་གནསཔས་མདོ་དོན་ལོ་མ་གཉིས་སོ

འཇུག་བསྡུ་བ། དེ་ལྟར་རྣམ་གྲངསལུས་ལ་ཉེར་ལྔ། ནད་ལ་རྒྱུ་གསུམ། རྐྱེན་བཞི། འཇུག་སྒོ་དྲུག གནས་གསུམ། ལམ་བཅོ་ལྔ། འཕེལ་དུས་དགུ། འབྲས་བུ་དགུ། ལྡོག་རྒྱུ་བཅུ་གཉིས། མདོ་དོན་གཉིས་ཏེ་བསྡོམས་པས་དྲུག་ཅུ་རྩ་གསུམ་དང་དེ་གཉིས་ཀ་བསྡོམས་པས་ལོ་མའི་རྣམས་གྲང་བརྒྱད་ཅུ་རྩ་བརྒྱད་ཀྱིས། གང་གི་དོན་དུ་གསོ་བ་ལུས་དང་གང་གསོ་བ་་ནད་གཞིའི་རྣམ་པ་མ་ལུས་ཤེས་པར་འགྱུར་རོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གནས་ལུགས་ནད་གཞིའི་ལེའུ་སྟེ་གསུམ་པའོ།། 

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།