སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༥། ངན་གཡོ་སྐྱོན་བརྟག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་ལྔ་པ། ངན་གཡོ་སྐྱོན་བརྟག

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པ་ནི། སྨན་པ་རང་གིས་ནད་ཀྱི་མཚན་ཉིད་ཤེས་པར་བྱ་བ་དང་མཚང་འབྲུ་བ་དང་དེ་དུས་བསྲིང༌། །སྔར་རྗེས་བཅད་དང་བཅུད་ལ་བོར་བ་དང༌། །ཁ་བཅིང་བ་དང་སྤོ་ལ་གདོན་པ་དང་ཐབས་འོག་གཞུགཔ་རྣམས་ལས། །དང་པོ་ནད་ཀྱི་མཚན་ཉིད་ཤེས་པར་བྱ་བ་ནི། །ནད་ཀུན་སྤྱི་དང་ཁྱད་པར་གྱི་རྟགས་ཐབས་ཤེས་པས། ནད་པས་འདི་ན་ཙམ་ལས་སྨན་པས་འཚོ་འཆི་འདི་འོང་ཞེས་རྟོགས་པར་འགྱུརབ་ཞིག་དགོས་པས །དེ་ཕྱིར་རྟགས་ཐབས་འདི་ལ་གོམས་ཤིང་འདྲིས་པ་ཤིན་ཏུ་གཅེསསོ དེ་ཡང་དཔེར་ན་རིན་ཆེན་ལ་སོགས་བཟང་ངན་ཤེས་པ་ཡང༌། དཔྱད་དོན་བསྟན་བཅོས་ཁོ་ནས་ཤེས་དགོས་པ་དེ་མ་ཡིན་པ་དེ་མེད་ན་ཤེས་པར་ཡང་མིནཏེ་གཞུང་དོན་ཤེས་པ་དང་མྱོང་གོམས །མཚང་འབྲུ་བའི་ཕོ་ཉ་སྨན་པ་དགོས་པས་འབྲེལ་བ་བྱས་ཏེ་དེ་ལ་མ་འོང་པའི་ཐབས་ཀྱི་ཕྱིརདུ།གཏམ་གཞན་དང་སྲེས་ཏེ་ཅི་ན་ཇི་ལྟར་ན་སྨན་གང་བཏང་སྨན་པ་སུ་ཡིན་དང༌། །ནད་ཕོག་ནས་ཞག་གྲངས་སོགས་དྲིས་ལ་དཔྱད་པས་སྨན་པ་སྔ་མ་སོགས་ནད་པས་མི་སྨྲ་ཡང་རང་གིས་མངོན་པར་ཤེསཔ་ལྟ་བུའི་སྙན་པ་འབྱུང་ངོ་

དུས་བསྲིང་བ་ནི་ནད་པའི་རྩར་སླེབས་ན་རིངས་སྟབས་མ་ཡིན་པར་ཐང་ཅིག་ལ་རྩ་ཆུ་སོགས་ལ་བལྟ་བར་བྱས་ཏེ་གནས། །དེ་བར་རང་གི་ལུས་ངག་མ་ཡེངས་པ་བཞིན་དུ་གཞན་གྱིས་གཏམ་སྨྲ་བ་འངདཔྱདདོ

སྔར་རྗེས་བཅད་པ་ནི་སྔ་གོང་གཏར་བ་དང་བསྲེག་པ་དང་སྨན་སྦྱོར་ཅི་བྱས་ཐབས་ཀྱི་ཡུལ་མི་སོགས་ལ་དྲི་ཞིང་བཙལ། གཏམ་དེ་དག་བརྙེད་པ་ཙམ་གྱིས་ནད་ཚ་གྲང་གང་ཡིན་ཕྱོགས་མཐུན་ཙམ་རྟོགསཔར་འགྱུར་རོ

བཅུད་ལ་བོར་བ་ནི་ནད་པས་གསལ་པོར་མི་སྨྲ་བས་མ་རྟོགས་ན། ནད་པས་ན་ལུགས་སོགས་སྒྲོག་པའི་ཕྱིར་དུ་ཟས་སྤྱོད་ངན་པ་མི་བྱ་པར་གདོན་བཅོས་དགོསཔར་འདུག བདག་གིས་སྨན་ཅིག་སྦྱར་ན་ཕན་ཞེསཁ་གསལ་བོ་མ་ཡིན་པར་བྱིང་པོར་སྨྲདགོས་དེའང་དེ་ལྟར་བྱས་པས ནད་པའི་ངང་བསྲིང་གིས་མི་ཐུབ་པར་འདི་ན་ཅི་འདྲ་བྱ་ཞིང་ཞེས་གཞན་གསལ་བོར་འབྱིནཔར་འགྱུར་རོ །ཁ་བཅིང་ཞེས་པ་ནི་ནད་པ་ཁ་ཅིག་གིས་སྨན་པ་དང་ཕྲད་པའི་ཚེ། འདི་ན་འདི་བྱས་སོགས་སྨྲ་བར་བྱེད་པ་འབྱུང་བས་དེ་ལ་ནད་པས་མགོ་སྨོས་པས་ནད་གང་ཡིན་ཁོང་དུ་ཚུད་པར་བྱས་ཏེ། །ཅི་ན་བ་ཡིན་པར་སྨན་པས་ཤེས་ལ་ཁྱོད་ཀྱི་བཤད་མི་དགོསཏེ །ནད་འདི་ལ་འདི་འདྲ་འབྱུང་ཞེས་གསལ་བར་ནད་པ་ལ་བརྗོད་པས་སྐྱེ་བོ་ཐམས་ཅད་ཀྱིས་ངོ་མཚར་ཆེ་ཟེརབ་འབྱུང་ངོ་

སྤོ་ལ་གདོན་པ་ནི་ནད་དེ་གང་ཡིན་ཐབས་མཁས་ཀྱིས་རྟོགས་པར་གྱུར་ན། སྨན་པ་གཞན་དག་གིས་རྩ་ཆུ་ན་ལུགས་མང་པོ་ལ་བརྟག་དགོསཀྱི །ང་ལྟ་བུ་ལ་ནི་ཚུལ་དེ་ལྟར་དུ་མ་ཡིན་པས་ཚུལ་ནད་གཅིག་ལ་ཁ་དམར་དུ་ཀུན་གྱི་གོ་བར་གདགསཔར་བྱའོ གཞན་དག་གིས་སྨན་པ་འདི་ལ་ནི་མིག་བལྟས་ཙམ་གྱིས་ཆོག་པར་འདུག་ཅེས་གྲགས་པ་ཆེན་པོ་འབྱུང༌བ་ཡིན་ནོ །ཡང་ནསྔར་བཤད་པ་ལྟར་ཞིབ་ཏུ་བརྟགས་ཅིང་དཔྱད་པས་སྨན་པ་འདི་ནི་བརྟག་དཔྱད་ལ་མཁས་ཟེབའི་གྲགས་པ་ཐོབ་བོ

ཐབས་འོག་ཏུ་གཞུག་པ་ནི་ནད་ཀུན་གྱིས་འདི་ཡིན་ཞེས་སྐད་མི་སྟེར་བར་མ་ཤེས་ན ནད་ཀྱི་རྣམ་པམཚུངས་ཙམ་པའི་ཁ་དམར་བཏགས་ལ་བཏང་སྙོམས་ཀྱི་རྫོང་ལྟ་བུའི་བཙན་ས་ལ་ཡངས་པོར་བྲོས།

དེ་ཡང་ནད་འདི་དང་པོ་ཟས་དང་སྤྱོད་ལམ་མི་འཕྲོད་པར་གདོན་གྱིས་རྐྱེནབྱས་པས ད་དུང་ཡང་ཟས་རུལ་སྐྱུར་དང་སྤྱོད་ལམ་དྲག་ཤུལ་དང་རྗེན་ཟས་སོགས་ཀྱིས་གནོད་ཅེས་བྱ། །གཉེན་པོ་སྨན་ཡང་ཕན་གནོད་མེད་པའི་བསིལ་དྲོད་སྙོམས་པ་ཞིག་དབོག

རྫོང་ལ་འབྲོས་པའི་ཚུལ་དུ་ནད་དང་སྨན་གྱི་མིང༌ཚིག གསར་པ་སྔ་ན་མ་གྲགས་ཤིང་མི་ཤེས་པས་ནད་དང་སྨན་འདི་ཞེས་ངོ་མཚར་ཆེན་པོ་བརྗོད། །དེ་ཡིས་ནད་མ་རྟོགས་པར་གྱུར་ཀྱང་མཁས་ཁྱད་འབྱིན་པ་ཡིན་ནོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།