སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༨། ཟས་ཚོད་རན་པར་བཟའ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཅོ་བརྒྱད་པ། ཟས་ཚོད་རན་པར་བཟའ་བའི་ཚུལ་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དུས་དང་རྣམ་པ་ཀུན་ཏུ་ནི་ཟས་ཚོད་རན་པར་བཟའདགོས་ལ དེའང་ཟས་རྣམས་ལྕི་བ་དང་ཡང་བ་ཚད་ལས་དཔག་བྱ་སྟེ། དེའི་ཚུལ་ན་ཡང་ལ་འགྲངས་པར་བཟའ་ཤིང་ལྕི་བ་ལ་ཕྱེད་འགྲངས་ཙམདུ་ཟའོ ཚེགས་མེད་པར་བདེ་བླག་ནང་དུ་འཇུ་སླ་བའི་ཕྱིར་ཚོད་ཟིན་ཞེས་སུ་བཤད། དེ་ལྟར་བྱས་པ་ནི་ལུས་འཚོ་ཞིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན།

གལ་ཏེ་ཟས་ཚོད་མ་ཟིན་ཆུང་གྱུར་ན། །སྟོབས་མདངས་མི་འཕེལ་རླུང་ནད་མ་ལུས་འབྱུང༌། །ཚད་ལས་ཐལ་ན་དེ་དག་མ་ཞུ་བེ་སྣབས་སྐྱེད། །དེ་ཡིས་མེ་མཉམ་གྱི་རླུང་རྒྱུའི་རྩ་སྦུབས་བཀགནས། །ཕོ་བའི་མེ་དྲོད་ཉམས་པས་ཉེས་པ་རླུང་མཁྲིས་བད་ཀན་སོགས་མ་ལུས་སྐྱེདཔར་བྱེད་དོ དེ་ཕྱིར་ཟས་མང་ཉུང་དང་ཕོ་བའི་མེ་དྲོད་ཆེ་ཆུང་སྟོབས་དང་སྦྱརདགོས

ལྟོ་བའི་ཆ་བཞིར་བྱས་པའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོདང་ །ཆ་བཞི་པ་ནི་བཞི་ཆ་ཅིག་རླུང་མེ་མཉམ་དང་མཁྲིས་པ་འཇུ་བྱེད་བད་ཀན་མྱག་བྱེད་གསུམ་གྱི་གནས་སུ་བཞག།ལྟོ་བའི་ཆ་གཉིས་ཟས་དང་ཆ་གཅིག་སྐོམ་ཞེས་པར་འགྲེལ་བ་བུམ་ནག་ཏུ། ཆ་གཅིག་ཟས་ལ་ཆ་གཉིས་སྐོམ་ཞེས་བྲིས་ནས་ཆ་གཉིས་ཟས་ཆ་གཅིག་སྐོམ་ཟེར་བ་མ་དག་ཅེས་པ་ནི་གཞུང་ལོག་པར་འཆད་པ་སྟེ། ཡན་ལག་བརྒྱད་པར་ཡང་། སྟོང་པའི་ཆ་གཉིས་ཟས་ཀྱི་སྟེ། །ཆ་གཅིག་སྐོམ་གྱིས་གང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ།  

།ཟས་ཟོས་པའི་རྗེས་སུ་སྐོམ་ཆུ་འཐུངས་ན་ངོམས་དང་ཁྱབཔ་དང་ །ཟས་ཀྱི་གོང་བུ་ཀུན་འདྲུལ་ལ་མེ་དྲོད་ཀྱིས་འཇུ་ཞིང་ལུས་བརྟས་པ་དང་སྟོབས་འཕེལ་བར་བྱེདམོད ཐལ་དྲག་ན་སྐད་འགགས་གློ་རྡོལ་ལུད་པ་ཆམ་པ་སོགས། ཟས་རྗེས་སྐོམ་འཐུང་ན་ནམ་ཚོང་ཡན་ཆད་ཀྱི་ནད་ལ་གནོད་པ་ཡིནཔས་སྤང་ངོ གཞན་ཡང་མེ་དྲོད་ཆུང་ལ་ཤ་ཟོས་པའི་རྗེས་སུ་ཆང་འཐུང་བར་བྱའོ ཟས་དེ་དག་མི་འཇུ་བར་ཕོ་བ་སྦོས་ན་ཟས་ཟོས་རྗེས་ཆུ་སྐོལ་བཏུང༌དེས་མ་ཞི་ན་རྒྱམ་ཚྭའི་ཆུ་བསྐོལ་བཏུང་ངོ །སྐེམ་པོ་རྒྱས་པར་བྱེད་ན་ཟས་ཟོས་རྗེས་ཆང་བཏུང་བར་བྱ། །སྦོམ་པོ་དབྲི་བར་བྱེད་པ་ལ་ཟས་ཟོས་རྗེས་སྦྲང་རྩིའི་ཆུ་བཏུང་ངོ༌། །ཞོ་ཆང་མ་ལངས་པ་དང་དུག་གིས་སྦགས་པའི་ཟས་དང་སྦྲང་རྩི་སྦྲང་རྒོདཟོས་པ་དང་གཡག་རྒོད་ཤ་དང་ཉ་ཤ་ཟོས་པ་ལ། །རྗེས་སུ་ཆུ་བསིལ་གྲང་མོ་འཐུངས་ན་ཕན་པ་ཡིན། །ཟས་ཟོས་པའི་བར་དང་མཐའ་དང་ཐོག་མར་སྐོམ་འཐུངས་ན། །འདི་ལྟ་སྟེ་ཟས་ཀྱི་བར་དུ་སྐོམ་འཐུངས་ན་ལེགས་པར་ཞུ་བས་ཉམ་འཚག་རན་ཞིང་ཟས་ཀྱི་རྗེས་སུ་སྐོམ་འཐུངས་ན་ཤིན་ཏུ་ཞུ་ནས་ཉམ་འཚག་སྦོམ་པ་དང་ཟས་ཀྱི་སྔོན་དུ་སྐོམ་འཐུངས་ན་མ་ཞུ་བས་སྐེམ་པོར་འགྱུརརོ

ཟས་ཚོད་རན་པར་ཟོས་པས་ཉེས་པ་གསུམ་རང་རང་གི་ལམ་མིན་པར་གཞན་དུ་མི་འགྲོ་བ་དང་མེ་དྲོད་འབར་བ་དང་ །ལུས་ཡང་བ་དང་ག་བདེ་ལ་དབང་པོ་ཀུན་གསལབ་དང་ །སྟོབས་ཆེལ་བཤང་བ་དང་གཅིཔ་འོག་རླུང་བཅས་བདེ་བར་རྒྱུབའི་ཕྱིར་ཕན་ཡོན་ཡོད་པ་དེ་རྣམས་ནི །ཟས་ཚོད་ལེགས་པར་ཟིན་ལས་འབྱུང་བར་འགྱུརརོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁ་ཟས་བསྲུང་བ་དང་ཟས་ཚོད་རན་པར་བཟའ་བའི་ལེའུ་སྟེ་བཅོ་བརྒྱད་པའོ། །དེ་ལྟར་ལེའུ་གསུམ་ནི་འཚོ་བ་ཟས་ཀྱི་གནས་ཏེ་ལྔ་པའོ།།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།