སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༡། ནད་ཀྱི་མཚན་ཉིད་བསྟན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཅུ་གཅུག ནད་ཀྱི་མཚན་ཉིད་བསྟན།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ལྔ་པཉེས་པའི་མཚན་ཉིད་ནི་འཕེལ་བ་དང་ཟད་པ་དང་འཁྲུགས་པ་གསུམ་ཡིན་ །འཕེལ་ཟད་ཀྱི་རྒྱུ་ནི་ནད་དང་ལུས་ཟུངས་དང་དྲི་མ་རྣམ་པ་གསུམ་པོ་སྟེ། །དེ་ལ་རྒྱུ་དང་མཚན་མ་རྟགས་བསྟན་པའོ།

དང་པོ་ཉེས་པ་འཕེལ་དང་ཟད་པའི་རྒྱུནི དཔེར་ན་མཁྲིས་པ་ལ་ཟས་དང་སྤྱོད་ལམ་མི་འདོད་པའི་གཏམ་ལྟ་བུས་སློང་བ་དང་ཟས་སྤྱོད་གནོད་པ་མི་འཕྲོད་པ་དང་འཕྲོདཔའི་རིགས །སྤངས་ན་ཟད་པ་དང་བྱིན་ན་འཕེལ་བ་དེ་དང་དེས་འཕེལ་དང་ཟད་པར་འགྱུར།

གཉིས་པ་ལུས་ཀྱི་མེ་དྲོད་མཁྲིས་པ་འཇུ་བྱེད་དེ་རང་གནས་ས་འདུགཔ་དེ་ཉིད། །ཆ་ཤས་ལུས་ཟུངས་བདུན་པོ་ཀུན་ལ་གནས་པ་དེ། མེ་དྲོད་དེ་བྲི་བ་དང་འབར་བས་ལུས་ཟུངས་འཕེལ་དང་ཟད་པར་འགྱུར། དེ་ཕྱིར་མེ་དྲོད་འབར་བས་ཟས་སྐོམ་ཞུ་ནས་ལུས་ཟུངས་དང་པོ་དྭངས་མ་རྒྱས་པ་དང་། དང་པོས་ཕྱི་མ་ཁྲག་ལ་སོགས་པ་རིམ་པས་རྒྱས་པ་དང་མེ་དྲོད་བྲི་བས་ཟས་སྐོམ་མ་ཞུ་པས་ལུས་ཟུངས་རྣམས་རིམ་པས་འགྲིབ་པར་བྱེད་པ་ཡིནནོ །དྲི་མ་རྣམས་ཐོགས་པ་དང་ཤིན་ཏུ་འབྱུང་བར་བྱེད་པ་ལས་ཤེསཔར་བྱའོ

དེ་རྟགས་རླུང་འཕེལ་པས་སྐེམ་ནག་དྲོད་ལ་དགའ། །ལུས་པོ་འདར་ལ་ལྟོ་བ་སྦོ་ཞིང་བཤང་བ་སྲི། །སྨྲ་བརྗོད་མང་བ་མགོ་འཁོར་སྟོབས་དང་གཉིད་དང་དབང་པོ་རྣམས་ཉམསཔར་འགྱུར་རོ །མཁྲིས་པ་འཕེལ་བས་བཤང་བ་དང་གཅི་པ་དང་ལྤགས་པ་དང་མིག་སོགས་སེར །བཀྲེས་པ་དང་སྐོམ་པ་དང་ལུས་ཚ་བ་དང་གཉིད་ཆུང་བ་དང་འཁྲུ་བར་བྱེདདོ །བད་ཀན་འཕེལ་བས་མེ་དྲོད་ཉམས་ཤིང་ཟས་མི་འཇུ། །ལུས་ལྕི་ལ་ཁ་མདོག་དཀར་བ་ཁོང་སྙོམ་ནི་སྒྱིད་ལུག་པའམ་བྱ་བ་ལ་མི་སྤྲོ་ཡན་ལག་ཚིགས་རྣམས་ལྷོད །མཆིལ་མ་མང་ཞིང་ལུད་པ་དང་གཉིད་ཆེ་ལ་དབུགས་མི་བདེ།

དྭངས་མ་འཕེལ་བས་བད་ཀན་འཕེལ་བ་དང་འདྲ་ལ། །ཁྲག་འཕེལ་བས་མེ་དབལ་དང་ཁོང་པའི་འབྲས་དང་མཆེར་པའི་ནད། །མཛེ་དང་སྐྲན་དང་ཁྲག་དང་མཁྲིས་པའི་ནད་དང་མཁྲིས་པ་མིག་སེར་དང༌། །རྙིལ་ནད་དང་འགུལ་བསྐྱོད་དཀའ་བ་མིག་དང་གཅིན་ལྤགས་དམར་པོར་འགྲོའོ །ཤ་འཕེལ་བས་ལྦ་བ་དང་རྨེན་བུ་དང་ཤ་རྒྱས་པར་འགྱུརརོ །ཚིལ་འཕེལ་བས་ལུས་ངལ་བ་དང་ནུ་མ་གསུས་པ་ཚིལ་སྐྱེའོ

རུས་པ་འཕེལ་བས་རུས་ལྷག་དང་སོ་ལྷག་འབྱུང༌ངོ་ །རྐང་འཕེལ་བས་ལུས་ལྕི་ལ་མིག་གཡུང་མིག་དབང་ཞན་པ་དང་ཚིགས་ཁ་སྦོམམོ །ཁུ་བ་འཕེལ་བས་ཁུ་བའི་རྡེ་འགྱུར་ལ་བུད་མེད་ལ་དདཔའམ་འདོད་པ་ཆེའོ

བཤང་བ་འཕེལ་བས་ལུས་ལྕི་ལ་ལྟོ་བ་སྦོ་ཞིང་རྒྱུ་མ་འཁྲུགགོ གཅིན་པ་འཕེལ་བས་ཆུ་སོར་ཟུག་ཅིང་མ་གཅིས་སེམསབཏང་བའི་བརྡ་རྙིང་ །རྔུལ་འཕེལ་བས་རྔུལ་ཆེ་དྲི་ལྡོག་ལྤགས་ནད་འབྱུང༌། །མཆིལ་མ་དང་སྦབ་ལ་སོགས་ཕྲ་མོ་འཕེལ་བས་ལྕི་ཞིང་གཡའ་འདྲུལ་བྱེད།

རླུང་ཟད་པས་རྩོལ་ཆུང་སྨྲ་བ་ཉམས་ལུས་མི་བདེ། །དྲན་པ་མི་གསལ་བད་ཀན་འཕེལ་བའི་རྟགས་ལྟ་བུར་འབྱུང༌ངོ་ །མཁྲིས་པ་ཟད་པས་དྲོད་མདོག་ཉམས་པས་གྲང་དང་ནག རྩ་བའི་བད་ཀནལྔ་གང་ཡང་ཟད་པས་རང་རང་གི་གནས་སྟོངས་ཤིང༌། །མགོ་འཁོར་སྙིང་འདར་ཚིགས་མཚམས་ལྷོད་པར་འགྱུར།

དྭངས་མ་ཟད་པས་ཤ་སྐམ་ཟས་མིད་དཀའ། །ལྤགས་རྩུབ་སྒྲ་ཆེར་མི་བཟོད་ན་བར་འགྱུར། །ཁྲག་ཟད་པས་རྩ་ལྷོད་ལྤགས་རྩུབ་ལུས་བསིལ་བ་སྐྱུར་བ་དད། །ཤ་ཟད་ལྷུ་ཚིགས་ན་ཞིང་རུས་པ་ལྤགས་པར་འབྱར། །ཚིལ་ཟད་པས་གཉིད་ཆུང་ཤ་སྐམ་སྔོ་སྐྱར་འགྱུར། །རུས་པ་ཟད་པས་སྐྲ་འབྱི་སོ་སེན་ཕྱིར་ཕྱུང༌། །རྐང་ཟད་པས་སྦུབས་སྟོང་མགོ་འཁོར་མིག་འགྲིབ་འགྱུར། །ཁུ་བ་ཟད་པས་ཁྲག་འབྱུང་ཆུ་ལམ་ཚ་ལ་འཚིག་གམ་སེམས།

བཤང་བ་ཟད་པས་རྒྱུ་མའི་ནང་དུ་སྒྲ་བཅས་འཁྱིལ། །གྱེན་དུ་འགྲོ་ཞིང་རྩིབ་ལོགས་སྙིང་ག་ན། །གཅིན་ཟད་པས་མདོག་འགྱུར་སྲི་དང་ཉུང་ངུར་འགྱུར། །རྔུལ་ཟད་པས་ལྤགས་པ་འགས་ལ་བ་སྤུ་འགྲེང་དང་འབྱི། །ཕྲན་བུ་ཟད་པས་རང་གནས་སྟོངས་དང་ཡང་ལས་ཤེས། །ལུས་ཟུངས་བདུན་པོ་དྲི་མ་ལ་ནི་བརྟེན་པའི་ཕྱིར། །འཕེལ་བ་དང་བསྐྱེད་ཟད་པས་སྟོབས་ལ་གནོད་པ་ཡིན།

ལུས་ཀྱི་མདངས་ཉམས་པའི་རྒྱུ་ནི་སེམས་ལ་སྡུག་བསྔལ་གྱིས་ཟད་དེ། སེམས་དངངས་ལུས་རིད་ཅིང་ཉམ་ཆུང་བར་མི་དགའ་གཟི་མདངས་ཉམས། འཚོ་བྱེད་འོ་མ་ཤ་ཁུ་མདངས་ཟད་པ་དེ་སྨན་ཡིནནོ

རླུང་འཁྲུགས་པའི་རྟགས་ནི་རླུང་གི་རྩ་ནི་སྟོང་ལ་རྐྱལ། །ཆུ་ནི་ཆུ་འདྲ་དྭངས་ལ་ལོག་རྗེས་སླ། །འགྲོ་འདོད་ཤུས་འདེབས་ཤེས་པ་ཡང་ལ་འཕྱོ། །མགོ་བོ་ཟི་འཁོར་རྣ་བ་འུར་ལ་འཁྲོག །ལྕེ་སྐམ་དམར་རྩུབ་ཁ་ནང་དུ་རོ་བསྐ་བ་བྲོ། །གཟེར་འཕོ་གྲང་འདར་ལུས་འགུལ་བསྐྱོད་ཀྱིས་རྒྱབ་ཏུ་ཆེས་ཟུག་མང་བ་དང་ལུས་སྙོམཔ་སྟེ་ངལ་བ རླ་རེངས་པ་ཡང་ན་འཁུམས་ཅིང་ཚིགས་བྱེ་བ་དང་ཆག་པ་དང་སྐད་འབྱིན་པ་དང་ལུས་དཀྲིས་སྙམ་བྱེད། །འགུལ་ན་ཟུག་ཆེ་སྤུ་བརྩེ་ཕྲུམ་སེར་ཁྱེར། །གཉིད་མེད་གཡལ་འདར་རྐྱོང་འདོད་ཚིག་པ་ཟ། །དཔྱི་རྐེད་རུས་ཚིགས་མ་ལུས་བརྡུངས་སྙམ་བྱེད། །ལྟག་པ་བྲང་དང་མུར་འགྲམ་ཟུག་ཅིང་གཟེར། །རླུང་གསང་རྣམས་ནི་ཁ་བྱེ་མནན་ན་ན། །སྟོང་སྐྱུགས་བྱེད་ཅིང་ཐོ་རངས་ལྦུ་གསོབ་ལུ། །སྦོ་འཁྲོག་དགོང་དང་ཐོ་རངས་ཞུ་རྗེས་ན།

མཁྲིས་པ་འཁྲུགས་པའི་རྟགས་ནི་རྩ་རྒྱས་ཤིང་ཕྲ་ལ་གྲིམས་པར་མགྱོགས། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །མགོ་ན་ཤ་ལ་ཚ་དྲོད་ཆེ་ཁ་ནང་རོ་སྐྱུར་ལ་ཁ། །ལྕེ་སྟེང་བད་ཀན་ཆེ་ལ་སྣ་སྒོ་སྐམ། །མིག་སྤྲིན་དམར་སེར་གཟེར་བ་གཅིག་ཏུ་འདྲིལ། །ནུབ་གཉིད་ཆུང་ལ་ཉིན་པར་གཉིད་སྲན་བཟོད་མི་ཐུབ། །ལུད་པ་དམར་སེར་ལན་ཚ་བྲོ་བ་ལ་སྐོམ་དད་ཆེ། །ཁྲག་མཁྲིས་འཁྲུ་སྐྱུག་རྔུལ་ཆེ་དྲི་མ་མནམ། །ཁ་དོག་དམར་སེར་སྨིན་ཅིང་འདྲུལ་བར་བྱེད། །ཉིན་དགུང་མཚན་དགུང་ཞུ་བའི་དུས་ན་ན།

བད་ཀན་འཁྲུགས་པའི་རྟགས་ནི་རྩ་ནི་བྱིང་ཞིང་རྒུད་ལ་དལ། །ཆུ་ནི་མདོག་དཀར་དྲི་དང་རླངས་པ་ཆུང༌། རོ་མི་གསལ་བ་ཁ་མངལ་ལྕེ་རྙིལ་སྐྱ་ལ་མིག་དཀར་སྐྲང༌། །སྣབས་ལུད་མང་ཞིང་མགོ་འཐོམ་ལུས་སེམས་ལྕི། །དང་ག་མི་བདེ་དྲོད་མེད་འཇུ་སྟོབས་ཆུང༌། །མཁལ་རྐེད་ན་ཞིང་ལུས་སྦོ་ལྦ་བ་སྐྱེ། །ཁ་ཟས་བད་ཀན་ཆེ་སྟབས་སྐྱུག་ཅིང་འཁྲུ་བ་དང༌། །དྲན་པ་མི་གསལ་གཉིད་ཆེ་སྒྱིད་པ་སྐྱུརརམ་ལས་མི་འདོད་པ ལུས་གཡའ་འཁྲུགས་ཚིགས་མཁྲངལ་ཚིགས་དམ་ཤ་རྒྱས་ལས་ཀྱི་མཐའ་ཡུན་རིང༌པོ་ལུས་པའམ་ལས་ཀ་བྱེད་འཕྲོ་ལུས་པ །ནམ་ཞོད་སྲོད་དང་སྔ་དྲོ་ཟོས་ཐོག་ལྡང༌།

དེ་ལྟར་ནད་ཀྱི་མཚན་ཉིད་འཕེལ་བ་དང་ཟད་པ་དང་འཁྲུགས་པ་གསུམ་གྱི། །ཇི་ལྟར་བཤད་པའི་རྟགས་ཀྱིས་ནད་ཀུན་ལ་ཁྱབ་པ་ཡིན་ནོ །ལྡན་པ་དང་འདུས་པའི་རྟགས་ནི་གོང་གི་ཉེས་པ་གསུམ་འཕེལ་ཟད་འཁྲུག་པའི་རྟགས་དེ་རྣམས་འདྲེས་པའི་རྟགས་དཔྱད་པ་ལས་ཤེས་པར་བྱ། དེ་ལྟར་གོང་དུ་གཤད་པའི་མཚན་ཉིད་ཉི་ཤུའི་རྟགས་དང་། འཕེལ་ཟད་འཁྲུགས་ཤིང་ལངས་པའི་རྟགས་ཁོང་དུ་བཤད་པ་འདིར་མ་འདུས་པའི་ནད་ཀྱི་རྟགས་གཞན་ནི་ཡོད་པར་མི་སྲིདདོ །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།