སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

ཡོངས་སུ་གྲགས་པའི་སྨན་པ་མང་པོའི་མཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

ཡོངས་སུ་གྲགས་པའི་སྨན་པ་མང་པོའི་མཚན།

ཐམས་ཅད་ལ་ཡོངས་སུ་གྲགས་པ་ནི། པཎྜི་ཏ་ལྟར་མཁས་པ་གཅིག ནམ་མཁའ་ལྟར་ཁྱབ་པ་གཅིག ཉི་ཟླ་ལྟར་གྲགས་པ་གཉིས། མངའ་བདག་གི་སྨན་པ་གནང་པ་རྗེས་སྦྱངས་དགུ། སྤྲུལ་པས་འགྲོ་དོན་མཛད་པ་བཅུ། སྦྱང་སྟོབས་ཡོན་ཏན་གྱིས་ཆེ་བ་དྲུགཡོངས་གྲགས་སྨན་བླ་ལྟ་བུ་བཅུ། སྔོན་སྦྱངས་ལས་འཕྲོ་སད་པ་དགུདཔྱད་འགོ་སོ་སོར་ཐོན་པ་བཅུ། གྲགས་པ་གློ་བུར་དུ་ཐོན་པ་དྲུགགྲགས་པ་ཧོར་གྱིས་བཏོན་པ་ལྔ། དཔྱད་ལ་ནང་བྱན་ཚུད་པ་གཉིས། རྒྱལ་པོ་ལྟར་གྲགས་པ་གཅིག སྲོག་ཤིང་ལྟ་བུ་དགུ། དར་བྱེད་ཀུན་ཏུ་གྲགས་པ་ལྔ་བཅུ་རྩ་བརྒྱད་རྣམས་ཡོད་པ་ལས། དང་པོ་ནི་ལོ་ཆེན་རིན་ཆེན་བཟང་པོ། གཉིས་པ་ནི་སྐྱེས་བུ་མེ་ལྷ་ཕྱག་རྡུམ། གསུམ་པ་ནི་ཉང་སྨན་ལོ་ཙཱ་དང་སྟོང་སྨན་སྟག་ཆུང་གཉིས། བཞི་པ་ནི། སྟོད་ཀྱི་བི་ཇི་ཆོས་རྗེ་འུག་པ་གསུམ། བར་གྱི་གཡུ་ཐོག་བྲང་ཏི་མི་ཉག་གསུམ། སྨད་ཀྱི་གཉའ་དང་སྟོང་དང་མཐའ་བཞི་གསུམ་སྟེ་དགུ། ལྔ་པ་ནི། ལྕང་ལུང་སྦུད་ཏྲའི་གྲུབ་ཐོབ་ཨོ་རྒྱན་པ། བྱང་ན་སྔོན་གྱི་དར་སྟོན་དགེ་འདུན། ཁ་ལུང་གོ་ཆེན་སྨན་བཙུན། ཏོང་སྟོན་ཆོས་བཟང་། ཁྲ་ཚང་འབྲུག་ལྷ། དབུར་སྟོད་སུམ་སྨན་ཇོ་བསོད། གྲྭ་པ་མངོན་ཤེས། ཡར་མདའི་ཞང་སྟོན་གཟི་བརྗིད་འབར། གཉལ་བ་སྤུར་སྟོད། ཁམས་ཀྱི་འོད་ཆེན་སྤྲུལ་སྐུ་དང་བཅུ། དྲུག་པ་ནི། མང་མཁར་ཚ་ལུང་པ་དཀོན་མཆོག་སྐྱབས། ཉང་སྟོད་རྒྱ་ཚ་ཕྱག་རྡོར། རུ་མཚམས་རྒྱ་སྟོན་ཇོ་གཟུངས། མཁའ་རེག་གཙང་སྨན་རྡོ་རྗེ། སྦོ་སྨན་བྱ་དཔེ། སྟོང་སྨན་སེང་གྲགས་དང་དྲུགབདུན་པ་ནི། གཡུ་ཐོག་ཡོན་ཏན་མགོན་པོ། མཐའ་བཞིར་ཤཱཀྱ་དར། རྒྱང་མཁར་མི་ཉག་ས་སྐྱོང་། ལྗང་སྨན་ལེབ་སེ། ཉང་སྟོད་རོག་ཆུང་། ཤངས་པ་སྦ་སྨན། ལང་གྲོ་རྗེ་སྨན་ཞ་ལུ། ལྕེ་སྨན་ཇོ་རྡོར། གུང་ཐང་སྨན་ལུང་པ་ཆོས་རྗེ་ཁྲི་འོད། སྐྱིད་ཤོད་ཀྱི་ལྷ་རྗེ་དགེ་བ་འབུམ་དང་བཅུ། བརྒྱད་པ་ནི། ལ་སྟོད་ཇོ་མོ་སྣ་མོ། ལ་སྟོད་རྟོག་ཉི། ཁམས་པ་མེ་འབར། བསམ་ཡས་ལྷུན་གྲུབ་བློ་གྲོས། བུམ་ཐང་གྱི་ན། ལྷོ་བྲག་ལྐུགས་ཚུལ། ལྷ་ཁང་རག་ཤག་གཏེར་སྟོན། ཁྲ་འབྲུག་རྒྱལ་བ། གྲ་སྙེ་མདོ་ཀུན་དགའ་དོན་གྲུབ་དང་དགུ། དགུ་པ་ནི། པུ་རངས་གཟེ་སྨན། ལ་སྟོད་འོད་ཟེར་ཕན་དར། རྒྱང་མཁར་རྡོག་སྨན་གྱོང་པོ། ཉང་སྟོད་ཤེར་ཤགའཕན་པོ་རྫོང་དོལ། འབྲོམ་སྟོད་གྱོག་སྨན་བཀྲ་ཤིས། དབུར་སྟོད་དར་བསོད། གཉལ་བ་དཔལ་སེང་། ཡར་ཀླུངས་སེང་གེཞང་རོ་ཆོས་ཀྱི་རྒྱལ་མཚན་དང་བཅུ། བཅུ་པ་ནི། ཉང་རོ་གྲགས་པ་རྡོ་རྗེ། སྟོད་ལུང་གཉན་པ་བཀྲ་ཤིས་རྡོ་རྗེ། ཡར་སྟོད་སྒྱེ་བོའི་མཆིག་སྨན་དགའ་བོ། སྨན་ཁབ་རྩེ་སང་། གཉལ་སྨན་བཀྲ་ཤིས། ཡར་ཀླུངས་མར་བ་དང་དྲུགབཅུ་གཅིག་པ་ནི། །ཤངས་སྨན་དཀར་ནག་གཉིས། སྙེ་མོ་ཤག་རམས་པ་ཉི་མ་དཔལ། ཡར་ཀླུངས་དགོན་ཐང་པཀྵི། གྱེ་རེ་ལོ་སྟོན་ཡོན་ཏན་དང་ལྔ། བཅུ་གཉིས་པ་ནི། བྱང་ཁོག་ལ་ནང་བྱན་ཆུད་པ་བརྩོན་སེང་། ཐུར་དཔྱད་ལ་ནང་བྱན་ཆུད་པ་སྦ་རད་ལྷ་རྗེ་དང་གཉིས། བཅུ་གསུམ་པ་ནི། བྲང་ཏི་རྒྱལ་མཉེས་མཁར་ཕུགབཅུ་བཞི་པ་ནི། དར་སྡིངས་ཀྱི་གཤེན་སྟོན་ཡེ་ཤེས་བློ་གྲོས་སོགས་དགུ། བཅོ་ལྔ་པ་ནི། ལོ་ཙཱ་བ་ཞྭ་སེར་ཅན་ལ་སོགས་པ་ལྔ་བཅུ་རྩ་བརྒྱད་དུ་གྲགས་པ་རྣམས་ཀྱིས་འགྲོ་ཕན་ཡར་ཟླའི་འཕེལ་བ་ལ་འགྲན་པ་མཛད་ཀྱང་།

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།