སྨན་རྩིས་དྲ་བ། - བཀའ་འགྱུར་གསོ་རིག

འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.09.2020
བཀའ་འགྱུར་གསོ་རིག >>

 



༄༅། །འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་བཞུགས་སོ།།


༄༅། །རྒྱ་གར་སྐད་དུ། ཨཱརྱ་བི་པུ་ལེ་པྲབེཤ་མཧཱ་སཱུཏྲན། བོད་སྐད་དུ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན། གཟིངས་པའི་འདུག་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་ག་ལ་བར་འདོང་ངོ་། །བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་ཡུལ་ལི་བྲི་ཛིར་རྒྱུ་ཞིང་གཤེགས་ཏེ། ཡངས་པའི་གྲོང་ཁྱེར་དུ་བྱོན་ནས། ཡངས་པའི་གྲོང་ཁྱེར་གྱི་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ་ཕྱིན་ནས་སྒོའི་ཐེམ་པ་ལ་རྐང་པ་ཞོག་སྟེ། གསང་སྔགས་ཀྱི་ཚིག་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨྲོས་ཤིག །ཐི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱི་བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐམས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱི་བསམས་པ། ཆོས་ཀྱི་བསམས་པ། ཚངས་པའི་བསམས་པ། ཚངས་པ་སོ་སོའི་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པའི་བསམས་པ། འབྱུང་པོ་ཐམས་ཅད་ཀྱི་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། མུཉྩ་ཏ། མུཉྩ་ཏ། མ་འདུག་ཅིག ཡམས་ཀྱི་ནད་རྣམ་པར་ཞི་བར་གྱུར་ཅིག །ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ། ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་འབུམ་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་བར་དད་པའི་འབྱུང་པོ་འབུམ་ཕྲག་དུ་མ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོངས་ཏེ། དེ་དག་ཁྱེད་རྣམས་ལ་གནོད་པ་ཆེན་པོ་བྱེད་པར་གྱུར་དུ་འོང་གིས། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག །ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ་སུ་མུ་སུ་མུ། སུ་མུ་རུ་སུ་མུ་རུ། སུ་མུ་རུ་སུ་མུ་རུ། སུ་མུ་རུ་སུ་མུ་རུ། སུ་མུ་རུ་སུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ། མི་རི་མི་རི། མི་རི་མི་རི། མི་རི་མི་རི། མི་རི་མི་རི། མི་རི། མུ་རུ་མི་རི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མུ་རུ་རི་མི། མི་རཱུ་རཱི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི། ཏི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་ཏི། ཧ་སི་མི་རི་ཏི། མཱི་རི་ཏི། མི་ཏི། སི་སཱི་སི་མཱི། ཀཾ་ཀ་ར། ཀཾ་ཀ་ར་ཏ། ཀཾ་ཀ་ར། ཀཾ་ཀ་ར་ཙ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ།  ཀཾ་ཀ་རོ་ཏཱི་ཧི། ཀུ་རི་ཤེ་ཀཾ་ཀ་རཱ། ཀཾ་ཀ་རི་ཤི། རི་རི་རི་རི་རི་རི། ཏི་རེ་ཏི་ཕུ་སྭཱ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། ནཱ་ཐཱ། ནཱ་ནཱ་ཐཱ་ཐ། རི་ཕུ་རི་ཕུ། ནཱ་ཐཱ་ཐཱ། ནིརྒཙྪ་ཏ། རི་ཕུ་རི་ཕུ། ནིརྒཙྪ་ཏ། པཱ་ལ་ཡཱ་ཏ། རི་ཕུ་རི་ཕུ། པ་ལཱ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཀྵི་ཕྲཾན་ནིརྒཙྪ་ཏ་སྭཱཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་ཆོས་ཉིད་ཀྱིས། ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུགས་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །མི་རྣམས་ཀྱི་ནི་བསམ་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་སྣང་དག་ན་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་དེ་བཞིན་བགྱིའོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཡངས་པའི་གྲོང་ཁྱེར་དུ་སོང་སྟེ། སྒོའི་ཐེམ་པ་ལ་རྐང་པ་བཞག་ནས། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱི་བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐམས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱི་བསམས་པ། ཆོས་ཀྱི་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུཉྩ་ཏ། མུཉྩ་ཏ། ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག །ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་སྟོང་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་སམ། ལྷ་མ་ཡིན་སྟོང་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ། དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་གྱིས། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་རི་ཏི། རི་རི་རི་རི། རཱི་རཱི་རཱི་རཱི། དིརཱི་རཱིདི། མི་རི་མི་རི། མི་རི་མི་རི། མི་རི་མི་རཱི་ཏི། ཧ་སི་མི་རཱི་ཏི། མི་རི་སི་སི་མཱི། ཀཾ་ཀ་རཱ། ཀཾ་ཀ་ར་ཏ། ཀཾ་ཀ་ར། ཀཾ་ར་ཙ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རོ། ཏཱི་ཏི་ཀུ་རི་ཤོ་ཀཾ་ཀ་རཱ། ཀཾ་ཀ་རི་ཤི། རི་རི། རི་རི། རི་རི་ཏི། རི་ཕུ་སྭཱ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ནཱ་ནཱ་ཐ། ནཱ་ནཱ་ཐཱ། རི་ཕུ་རི་ཕུ། ནཱ་ནཱ་ཐཱ། ནིརྒཙྪ་ཏ། རི་ཕུ་རི་ཕུ། ནིརྒཙྪ་ཏ། པཱ་ལ་ཡ་ཏ། རི་ཕུ་རི་ཕུ། པཱ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཀྵི་ཕྲན་ནིརྒཙྪ་ཏ་སྭཱཧཱ། སངས་རྒྱས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་བོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་བ། །ཐུབ་པའི་སྙན་པ་གང་གྱུར་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམས་པ་ཡིས། །ཁྱེད་ཀྱིས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་ལྡོག་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པ་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཅིང་། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་སྣང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྫོགས་སོ།།                        རྒྱ་གར་གྱི་མཁན་པོ་སུརེནྡྲ་བོདྷི་དང་། ཞུས་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། །།

 

འདིར་ནོན། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ PDF ཕབ་ལེན་བྱོས།

 




 

 

མཐའ་མའི་འདོན་ཐེངས་།: 30.09.2020 ཉིན། 3:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།