སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཚུལ་ཁྲིམས་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.06.2018
གསོ་རིག་མཁས་དབང་རིམ་བྱོན། >>


ཚུལ་ཁྲིམས་རྒྱ་མཚོ།

- བྱམས་པ་འཕྲིན་ལས།

མཁས་དབང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི་སྤྱི་ལོ་ ༡༩༢༤ ལོར་བདེ་ཆེན་ཁུལ་དུ་སྐུ་འཁྲུངས་པ་དང་། སྤྱི་ལོ་ ༡༩༢༨ ལོར་སྤྲུལ་སྐུར་ངོས་འཛིན་གནང་རྗེས་དགུང་ལོ་ལྔ་ལ་ཕེབས་དུས་ཡི་གེ་འབྲི་ཀློག་ནས་དབུ་ཚུགས་སྟེ་ཆོས་ལུགས་ཀྱི་གཞུང་སོགས་ལ་ལོ་བཅུ་ལྷག་ཙམ་ཐོས་བསམ་དཔྱིས་ཕྱིན་པ་གནང་བར་བརྟེན་རྨང་གཞི་བཟང་པོ་འཛུགས་ཐུབ་པ་བྱུང་ཡོད། དགུང་ལོ་བཅོ་བརྒྱད་ནས་བཟུང་ཆོས་ལུགས་བྱེད་སྒོ་ཆ་ཚང་གནང་བ་དང་ཕྱོགས་མཚུངས་སྨན་པའི་ཕྱག་ལས་ཀྱང་མུ་མཐུད་གནང་། བཅིངས་འགྲོལ་བཏང་རྗེས་སྔ་རྗེས་སུ་བདེ་ཆེན་ཁུལ་གྱི་སྲིད་གྲོད་ཨུ་ཡོན་དང་སྨན་རྫས་དོ་དམ་ཙུའུ་ཡིས་ཙུའུ་ཀྲང་གི་འགན་བཞེས། སྤྱི་ལོ་ ༡༩༨༠ ལོར་བདེ་ཆེན་ཁུལ་སྨན་ཁང་གི་བོད་སྨན་ཚན་ཁག་ལ་ཕྱག་ལས་གནང་། སྤྱི་ལོ་ ༡༩༨༧ ལོ་ནས་སྤྱི་ལོ་ ༡༩༩༨ ལོ་བར་བདེ་ཆེན་ཁུལ་བོད་ལུགས་སྨན་ཁང་གི་ཡོན་ཀྲང་གི་དབུ་གནས་བཞེས། ཁོང་གི་སྔ་རྗེས་སུ་གསུང་རྩོམ་པོད་གཉིས་བརྩམས་གནང་མཛད་པའི་ནང་གི་གཅིག་ནི་སློབ་དཔོན་དང་མཉམ་རྩོམ་གནང་བའི་བོད་ལུགས་གསོ་རིག་གི་སྙིང་བཅུད་བསྡུས་པ་ཞེས་པ་འདི་ནི་གསོ་རིག་རྒྱུད་བཞི་རྨང་གཞིར་བཞག་པའི་སྟེང་དགེ་སློབ་གཉིས་ཀྱི་ཡུན་རིང་ནད་ཐོག་རིག་པའི་ཕྱག་ལས་གནང་ནས་ཐོབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་བཀོད་གནང་བ་ཡིན་པར་བརྟེན་བེད་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་ལ་ཕྱི་རབས་རྣམས་ལ་རིན་ཐང་བྲལ་བའི་ནོར་བུ་ཞིག་བཞག་པ་རེད། གཞན་ཞིག་ནི་ཞང་ཁོང་ཉིད་དང་སྨན་གཉེར་འབུམ་རམས་པ་ཡང་སན་ཅིང་གཉིས་ཀྱི་རྩོམ་སྒྲིག་གནང་བའི་བདེ་ཆེན་བོད་སྨན་ཞེས་དེབ་སྟོད་སྨད་གཉིས་ཡོད། དཔེ་དེབ་དེའི་ནང་སྨན་སྣ་ ༥༩༨ ཙམ་བསྡུ་རུབ་གནང་བ་མ་ཟད་ཞིབ་ཚགས་ཆེན་པོས་སྨན་གྱི་སྐྱེ་གནས་དང་། ནུས་པ། གྲུབ་ཆ་སོགས་བཀོད་པའི་དཔེ་དེབ་རྩ་ཆེན་ཞིག་ཡིན། གཞན་ཡང་ཁོང་གི་གཙོ་སྐྱོང་གནང་ནས་སྔ་རྗེས་སུ་བོད་སྨན་ ༥༦ སྦྱོར་བཟོ་གནང་བ་རྣམས་ལེགས་འགྲུབ་བྱུང་ཡོད། ལྷག་པར་དེའི་ནང་ནས་རིན་ཆེན་རཏྣ་བསམ་འཕེལ་སོགས་སྨན་སྣ་དྲུག་སྦྱོར་བཟོ་གནང་བ་དེས་བདེ་ཆེན་ཁུལ་གྱི་སྟོང་ཆ་ཁ་སྐོང་གནང་། ཁོང་ཉིད་སྤྱི་ལོ་ ༡༩༨༨ ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ནས་རྒྱལ་ཡོངས་འཕྲོད་བསྟེན་ཡ་རབས་ཀྱི་སྔོན་ཐོན་མི་སྣར་འདེམས་པ་དང་། སྤྱི་ལོ་ ༡༩༩༡ ལོར་ཡུན་ནན་ཞིང་ཆེན་གྱི་ཀྲུང་དབྱིའི་མཁས་དབང་མི་བཅུའི་ཁོངས་སུ་འདེམས་ཐོན་བྱུང་ཡོད། ཡང་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཁོང་ལ་ཀྲུང་གོའི་ཚན་རིག་མི་སྣའི་དམིགས་བསལ་གྱི་ལེགས་སྐྱེས་འབུལ་མཁན་གྱི་བྱ་དགའ་གནང་ཡོད།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 04.06.2018 ཉིན། 11:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།