སྨན་རྩིས་དྲ་བ། - སྔ་དྲོའི་ཞལ་འདོན།

མཚུངས་མེད་ཡོན་ཏན་མགོན་པོའི་གསོལ་འདེབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
སྔ་དྲོའི་ཞལ་འདོན། >>

༄༅།། མཚུངས་མེད་ཡོན་ཏན་མགོན་པོའི་གསོལ་འདེབས་དད་བརྒྱའི་པདྨོ་བཞད་པ་བཞུགས་སོ།།

༄༅།། ན་མོ་གུ་རུ་གུ་ཎ་ནཱ་ཐཱ་ཡ།མ་ལུས་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི།། མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་བསྡུས་ཉིད།། གངས་ཅན་འགྲོ་བའི་མགོན་པོ་གཡུ་ཐོག་པ།། མཚུངས་མེད་བླ་མ་ཁྱོད་ལ་གསོལ་བ་འདེབས།། གང་སྐུའི་གསང་བ་བརྟན་གཡོ་ཀུན་ལ་ཁྱབ།། གཞོམ་མེད་རྡོ་རྗེའི་གསུང་གི་ཆོས་ཀུན་མཛོད།། ཇི་ལྟ་ཇི་སྙེད་མཁྱེན་པའི་ཤེས་བྱ་གཟིགས།། བདེ་ཆེན་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས།། མཚན་དཔེའི་དཔལ་འབར་ལྟ་ན་སྡུག་པའི་སྐུ།བདེ་ཆེན་གཟི་བྱིན་སྟོང་གིས་ལྷམ་མེ་བ།། དྲན་པའི་མོད་ལ་དངོས་གྲུབ་རྣམ་གཉིས་སྟེར།། ཡིད་བཞིན་ནོར་བུ་ཁྱོད་ལ་གསོལ་བ་འདེབས།། འཕྲིན་ལས་རྒྱལ་བ་ཀུན་དང་མཉམ་གྱུར་ཀྱང་།། ཉམ་ཐག་ནད་པའི་ཚོགས་ལ་རྗེས་བརྩེ་བའི།། གསུང་གི་འཕྲིན་ལས་གངས་ཅན་གསོས་སུ་སྨིན།། སྨན་པའི་རྒྱལ་པོ་ཁྱོད་ལ་གསོལ་བ་འདེབས།། འཇམ་དཔལ་དཔའ་བོས་རྗེས་བཟུང་རིག་པའི་གནས།། ཀུན་མཁྱེན་མུ་སྟེགས་རྒོལ་བ་རྩོད་པས་བཅོམ།། རྒྱ་བོད་འཛིན་མའི་ཁྱོན་ལ་ཉི་ལྟར་གསལ།། མཁས་པའི་ཁྱུ་མཆོག་ཁྱོད་ལ་གསོལ་བ་འདེབས།། མེ་ཆུ་གཅན་གཟན་རྐུན་པོ་ལ་སོགས་པ།། ལྟ་སྟངས་ཙམ་གྱིས་བརྟུལ་ཞིང་གནས་ཡུལ་འགྲིམས།། རྣམ་མང་སྤྲུལ་པས་ཌཱཀི་དབང་དུ་བསྡུས།། གྲུབ་པའི་དབང་ཕྱུག་ཁྱོད་ལ་གསོལ་བ་འདེབས།། པད་མ་འབྱུང་གནས་མགོན་པོ་ཀླུ་སྒྲུབ་དང་།། འཚོ་བྱེད་གཞོན་ནུ་མཉམ་མེད་དྭགས་པོ་སོགས།། གང་འདུལ་རོལ་པར་སྟོན་པ་ང་ཉིད་ཅེས།། བདེན་པའི་ཞལ་བཞེས་གནང་ལ་གསོལ་བ་འདེབས།། སྨན་བླ་མི་བསྐྱོད་རྒྱལ་བའི་ཡེ་ཤེས་སྐུ།། དེ་ལས་ཅུང་ཟད་གཡོ་བ་མེད་བཞིན་དུ།། སྣ་ཚོགས་སྤྲུལ་པའི་རོལ་པ་ཆུ་ཟླ་བཞིན།། གང་འདུལ་མོས་ངོར་སྣང་ལ་གསོལ་བ་འདེབས།། རྡོ་རྗེའི་ལུས་ཀྱི་འབྱུང་འཁྲུགས་གསོ་བ་དང་།། རྗེས་འབྲེལ་གསང་སྔགས་ཟབ་མོའི་སྨིན་གྲོལ་གྱིས།། སྐལ་ལྡན་གདུལ་བྱའི་ཚོགས་རྣམས་རྗེས་བཟུང་སྟེ།། རྫུ་འཕྲུལ་སྣ་ཚོགས་སྟོན་ལ་གསོལ་བ་འདེབས།། གངས་ཅན་འདི་ན་ཕན་དང་བདེ་བའི་སྒོ།། ཇི་སྙེད་སྣང་བར་མཛད་ནས་གཟུགས་ཀྱི་སྐུ།། སྐྱེ་འཆི་ལས་འདས་མཁའ་སྤྱོད་བདེ་ཆེན་དུ།། མངོན་སུམ་བྱོན་པར་མཛད་ལ་གསོལ་བ་འདེབས།། བསྙེན་སྒྲུབ་གཞན་ལ་ལོ་ཟླར་འབད་པ་ལས།། གང་ཉིད་ཡུད་ཙམ་དྲན་པ་དོན་ཆེ་ཞིང་།། ཞག་བདུན་གསོལ་བཏབ་ངེས་པར་རྗེས་འཛིན་ཞེས།། ཞལ་བཞེས་བསླུ་མེད་མཛད་ལ་གསོལ་བ་འདེབས།། སྲས་བཅས་རྒྱལ་བའི་མཁྱེན་བརྩེ་རབ་མཉམ་ཡང་།། སྙིགས་འགྲོ་སྐལ་བ་དམན་རྣམས་སྐྱོབ་པའི་ཕྱིར།། སྲས་བཅས་རྒྱལ་བའི་འཕྲིན་ལས་ང་ཡིན་པས།། བྱིན་རླབས་མྱུར་ཞེས་གསུང་ལ་གསོལ་བ་འདེབས།། དེ་ཕྱིར་མགོན་པོ་ཁྱོད་ལ་སྙིང་ནས་ནི།། མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན།། སྙིགས་མའི་དུས་སྐྱེས་ནད་གདོན་སྡུག་བསྔལ་གྱི།། འཇིགས་པས་ཉེན་པ་བདག་ལ་སྐྱོབ་མཛོད་ཅིག།ལས་ཉོན་འཁྲུལ་པའི་སྦུབས་སུ་འཐུམས་པ་བདག།རང་གི་ཉེས་པས་སྲས་བཅས་རྒྱལ་བ་ཡི།། འཕྲིན་ལས་འཇུག་པའི་ཡུལ་དུ་མ་གྱུར་ཀྱང་།། སྐྱབས་བྲལ་ཡིད་ཆད་བདག་ལ་ཐུགས་རྗེས་གཟིགས།ཁྱོད་ལས་རེ་ས་སྐྱབས་གནས་གཞན་མེད་པས།། མཁྱེན་བརྩེ་ནུས་པའི་བདག་ཉིད་རིགས་གསུམ་དང་།། དབྱེར་མེད་བླ་མ་སྙིགས་མའི་འགྲོ་བ་ཡི།། མགོན་པོ་གཅིག་པུས་བདག་ཅག་མ་དོར་ཅིགབདག་གིས་ནམ་མཁའ་ཇི་སྲིད་འགྲོ་ཀུན་དང་།ཁྱད་པར་སྐལ་དམན་སྡུག་བསྔལ་གྱུར་པ་ལ།། ཕན་འདོད་སྙིང་རྗེའི་དམ་བཅའ་འདི་འཛིན་ན།། མཁྱེན་ནུས་བརྩེ་བའི་དབང་བསྐུར་བདག་ལ་སྩོལ།། འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། འབྲལ་མེད་རིགས་ཀྱི་བདག་པོར་དགྱེས་བཞུགས་ནས།། རྒུད་པ་ཀུན་བྲལ་དངོས་གྲུབ་ཡིད་བཞིན་ཐོབ།། མགོན་པོ་ཁྱོད་དང་དབྱེར་མེད་འགྲུབ་པར་ཤོག།

            རབ་ཚེས་མེ་བྱ་ཟླ་ ༩ ཚེས་ ༡༨ ལ་མི་ཕམ་པས་གང་ཤར་དུ་མྱུར་བར་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།



 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།