སྨན་རྩིས་དྲ་བ། - ཕྱི་དྲོའི་ཞལ་འདོན།

དུས་འཁོར་བླ་མའི་རྣལ་འབྱོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
ཕྱི་དྲོའི་ཞལ་འདོན། >>


༄༅།། དཔལ་དུས་ཀྱི་འཁོར་ལོའི་བླ་མའི་རྣལ་འབྱོར་སྟོང་གཟུགས་བདུད་རྩིའི་བུམ་བཟང་བཞུགས་སོ།།

༄༅།། ན་མོ་ཤྲི་ཀ་ལ་ཙཀྲ་ཡ། སྤྲུལ་པའི་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་ཞིང་།། བྱེ་བ་དགུ་བཅུ་རྩ་དྲུག་གྲོང་ཁྱེར་གནས།། གནས་ཆེན་གྲུབ་པའི་ཞིང་མཆོག་ཤམ་བྷ་ལར།། སྐྱེས་ཏེ་རིགས་ལྡན་ཞལ་བཟང་མངོན་གྱུར་ཤོག། སྐྱེས་པའི་སྲིད་པ་གཞན་གྱིས་མ་ཆོད་པར།། ངོ་མཚར་སྒྱུ་འཕྲུལ་བཀོད་པ་མཐའ་ཡས་པའི།། ཡུལ་དེར་སྐྱེས་ནས་སངས་རྒྱས་བསྟན་པའི་གནས།། རང་གིས་རྟོགས་ནས་གཞན་ལ་འདོམས་པར་ཤོག། གཉིས་མེད་རྒྱུད་རྣམས་ཀུན་གྱི་གཙོ་བོ་མཆོག། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་དོན་ལ།། ཚུལ་བཞིན་ཉམས་སུ་བླངས་པའི་མོད་ཉིད་ལ།། ཚེ་གཅིག་ཉིད་ལ་སངས་རྒྱས་ཐོབ་པར་ཤོག།

          ཅེས་དཔལ་དུས་ཀྱི་འཁོར་ལོའི་བླ་མའི་རྣལ་འབྱོར་སྟོང་གཟུགས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ཉིད་སྒྲུབ་པ་ལ་གཞོལ་བའི་ལབ་བླ་མ་ཡེ་ཤེས་བསྟན་རྒྱན་གྱིས་བསྐུལ་བ་ལྟར་དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་སྤྱོད་པ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་བློ་བཟང་ཆོས་འཕེལ་ལོ།། །།



 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།