སྨན་རྩིས་དྲ་བ། - ཕྱི་དྲོའི་ཞལ་འདོན།

དམ་ཅན་སྡེ་དགུའི་བསྟོད་འཕྲིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
ཕྱི་དྲོའི་ཞལ་འདོན། >>

 

༄༅།།དམ་ཅན་སྡེ་དགུའི་བསྟོད་འཕྲིན་བཞུགས་སོ།།

༄༅།། བྷྱོ། ཆོས་སྐུ་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་།། གཟུགས་སྐུ་དྲག་པོའི་ཆ་ལུགས་སྣ་ཚོགས་ཀྱིས།། བསྟན་པ་བསྲུང་ཞིང་དགྲ་བགེགས་ཚར་གཅོད་པའི།། སྨན་སྲུང་དམ་ཅན་སྡེ་དགུའི་ཚོགས་ལ་བསྟོད།། བྷྱོ། ཀུན་འདུས་རྒྱལ་བ་བླ་མའི་སྤྱན་སྔ་རུ།། ཁས་བླང་དམ་བཅའ་སྲོག་གི་སྙིང་པོ་འབུལ།། སྒྲུབ་པོའི་སྐུ་དགྲ་སྒྲོལ་བ་མནའ་ཕུལ་བ།། དམ་ཅན་བཀའ་སྲུང་སྡེ་དགུ་འཁོར་དང་བཅས།། སྔོན་གྱི་དམ་ཚིག་གཉན་པོ་དྲན་མཛོད་ལ།། རང་རང་མཐུན་པའི་དམ་རྫས་མཆོད་པར་བཞེས།། འབོད་པའི་དུས་སུ་མ་ཐོགས་མྱུར་བར་བྱོན།། འབད་ཚེ་མངགས་པའི་ལས་རྣམས་མྱུར་དུ་སྒྲུབས།། འཕྲིན་ལས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད།། །།



 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།