སྨན་རྩིས་དྲ་བ། - ཕྱི་དྲོའི་ཞལ་འདོན།

གནས་ཆུང་ཆོས་རྒྱལ་ཆེན་པོའི་འཕྲིན་བསྐུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
ཕྱི་དྲོའི་ཞལ་འདོན། >>

༄༅། །གནས་ཆུང་ཆོས་རྒྱལ་ཆེན་པོའི་འཕྲིན་བསྐུལ་བཞུགས་སོ།།

༄༅།། བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར།། བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ།། འཕྲིན་ལས་རྒྱལ་པོ་སྤྲུལ་ཡུམ་བློན་པོར་བཅས།། བདག་ཅག་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་ན།། སྔོན་ཚེ་རྒྱལ་དབང་པདྨ་ཀ་ར་དང་།། པད་དཀར་འཆང་བ་རིམ་པས་བཀའ་བསྒོས་ཤིང་།། འདའ་དཀའི་དམ་ཚིག་གཉན་པོ་རབ་བསྒྲགས་པ།། མ་གཡེལ་མ་གཡེལ་རྡོ་རྗེའི་དམ་ཚིག་དགོངས།། བདག་ཅག་རྨོངས་དང་ཆགས་སྡང་ཕྱོགས་ལྷུང་གིས།། ལས་འབྲས་མ་བསྲུངས་སྤྱི་དོན་རས་སུ་བོར།། དམ་ཚིག་འགལ་སོགས་བསམ་སྦྱོར་ནོངས་པ་ཀུན།། སྙིང་ནས་འཆགས་ཤིང་སྡོམ་ན་བཟོད་མཛོད་ལ།། བསྟན་དང་བསྟན་འཛིན་སྐྱེ་འགྲོའི་བདེ་སྐྱིད་དང་།། བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་མཛད་འཕྲིན་སྤེལ།། གངས་ལྗོངས་རྒུད་པའི་ཉེར་འཚེ་མྱུར་ཞི་ནས།། ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ།། མདོར་ན་བསྟན་སྲུང་མཐུ་བོ་ཁྱོད་ཉིད་ལ།། སྙིང་ནས་བསྐུལ་ཞིང་འདོད་དོན་གཉེར་གཏོད་ན།། གློག་ལྟར་མྱུར་བའི་རྣམ་བཞིའི་འཕྲིན་ལས་ཀྱིས།། བསམ་པའི་རེ་བ་སྒྲུབ་ལ་མ་གཡེལ་ཞིག།

          ཅེས་པ་འདི་ཡང་འདི་གའི་གཞུང་ལས་སྤྱི་མགྲིན་ནས་བསྐུལ་ངོར་པད་དཀར་འཆང་བའི་སྐྱེ་མིང་འཛིན་པས་འཕྲིན་ལས་གཉེར་གཏོད་ཀྱི་སྨོན་པ་དང་བཅས་བོད་རབ་ལོ་དགུ་བརྒྱ་སུམ་ཅུ་སོ་དྲུག་ཆུ་སྟག་ཟླ་བ་དང་པོའི་ཚེས་གཅིག་ལ་སྦྱར་བའོ།། །།

 

 

 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།