སྨན་རྩིས་དྲ་བ། - ཆེད་རྩོམ།

སྟོན་པ་སངས་རྒྱས་པའི་དུས་ཀྱི་ཟླ་འཛིན་རྒྱ་རྩིས་ཡར་སློག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.12.2014
ཆེད་རྩོམ། >>


༄༅། །མཉམ་མེད་ཤྰཀྱའི་རྒྱལ་པོ་མངོན་པར་སངས་རྒྱས་པའི་དུས་ཀྱི་ཟླ་འཛིན་རྒྱ་རྩིས་ཡར་སློག་

རི་མོའི་ལམ་ནས་གསལ་བར་བཀོད་པ་ཕུག་པའི་དགོངས་རྒྱན་

ཞེས་བྱ་བ་བཞུགས་སོ།།

 

མཁས་དབང་ཚེ་ཏན་ཞབས་དྲུང་ངམ་

འཇིགས་མེད་རིག་པའི་བློ་གྲོས་ཀྱིས་བརྩམས།

ཁོང་གི་གསུང་འབུམ་ལས་བཏུས།

 

 

༄༅།།འཛམ་བུའི་གསེར་གྱི་རི་དབང་ལྷུན་སྟུག་དཔལ་ལས་མཛེས།།

དྲི་ཟ་རྣམ་པར་མྱོས་པའི་འགྱུར་ཁུགས་དབྱངས་ལས་སྙན།།

མཐའ་བྲལ་ཁྱོན་ཡངས་ཆུ་གཏེར་ཆེན་པོའི་འཇིངས་ལས་ཟབ།།

རྣམ་འདྲེན་ཤཱཀྱ་སེང་གེའི་སྐུ་གསུང་ཐུགས་ལ་འདུད།།


སོ་གཉིས་ཕྱེད་དུ་གཏུབས་པའི་ན་ཚོད་ལྡན།།

མཁྱེན་རབ་སྣང་བའི་ཉིན་བྱེད་འོད་དུ་འཚེར།།

ཟབ་གསལ་མྱུར་བའི་བློ་གྲོས་མཆོག་སྦྱིན་མཁན།།

འཇམ་དཔལ་རྡོ་རྗེ་རྣོན་པོ་མཆོད་པའི་ཞིང༌།།


ཡོན་ཏན་འབུམ་དགུའི་རི་མོ་ཡེ་ཤེས་ཀྱི།།

མེ་ལོང་གཅིག་ཏུ་ཆུབ་པའི་ཡོ་ལང་གིས།།

བདག་བློ་རིག་པའི་གཏེར་དུ་སྒྲུབ་མཛད་མཁན།།

ཡོངས་འཛིན་རྣམ་པའི་ཞབས་པད་གཙུག་ན་ལྷམ།།

རིག་པའི་ཆུ་གཏེར་མ་དྲོས་ཀླུང༌། །འདོད་འཇོའི་རིན་ཆེན་བྱེ་བས་གཏམས། །ཕན་བདེ་གྲུ་ཆར་འབེབས་པའི་དཔྱིད། །སྟོན་ཁའི་སྤྲིན་གྱིས་རོལ་བར་ལྟ། །རྩིས་རིག་མན་ཤེལ་དྭངས་མའི་ཁམས། །ཉི་ཟླ་ཁྱིམ་དང་གཟའ་སྐར་གྱི། །གོ་ལར་བག་ཡངས་རྩེན་པའི་གར། །མཐོང་བའི་འཕྲུལ་འདེགས་གཅིག་པུར་སྙེམས། །ཁྱད་པར་ཙྰི་ནའི་རྩིས་ཀྱི་འཕྲུལ། །བསྲེགས་བཅད་བརྡར་བའི་གསེར་གྱི་རྒྱན། །འཁྲུལ་མེད་དབྱིག་གི་སྙིང་བོ་རུ། །རྩོད་མེད་མཁས་རྣམས་མགྲིན་གཅིག་བསྔགས། །དེ་ཕྱིར་ཐུབ་ཆེན་མངོན་འཚང་རྒྱའི་ཚེ། །གཟའ་འཛིན་བྱུང་ཚུལ་ལུང་ལས་གསུངས་པའི་དོན། །སྔོན་མེད་རིག་འཕྲུལ་བཀྱེས་ཏེ་རྒྱ་རྩིས་ཀྱི། །ཡར་སློག་རི་མོའི་ལམ་ནས་བདག་གིས་དབྱེ། །


འདིར་བདག་ཅག་གི་འདྲེན་པ་བླ་ན་མེད་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་སྐུ་བལྟམས་པ་དང༌། ཁབ་ནས་བྱུང་བ་དང༌། མངོན་པར་སངས་རྒྱས་པ་དང༌། དུས་འཁོར་གྱི་རྩ་རྒྱུད་གསུངས་པ་དང༌། མྱ་ངན་ལས་འདས་པའི་ཚུལ་བསྟན་པ་རྣམས་ཀྱི་ལོ་ལ་མི་མཐུན་པ་མང་དུ་བྱུང་བ་ལས། འདིར་དཔལ་ལྡན་ཕུག་པ་ཡབ་སྲས་ཀྱིས་སྟོན་པ་དགུང་ལོ་སོ་ལྔ་བ་ཤིང་རྟ་ལོའི་ས་གའི་ཉ་ལ་སངས་རྒྱས་ཤིང་དེའི་ཚེ་གཟའ་འཛིན་བྱུང་བའི་ཚུལ་པད་དཀར་ཞལ་ལུང་མ་བུ་དང༌། དྲི་མེད་འོད་རྒྱན་རྣམས་སུ་ལུང་དང་རིག་པ་བརྒྱ་ཕྲག་གིས་གཏན་ལ་ཕབ་པའི་རྗེས་སུ་ཞུགས་ཏེ་སྨྲ་བའི་ལམ་ཡངས་པོར་བྱས་ན། ཐོག་མར་སངས་རྒྱས་པའི་དུས་དེར་ཟླ་འཛིན་ཡོད་པར་གསུངས་པའི་ཁུངས་འགོད་པ་ནི། འདུལ་བ་ལས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ན་གྲགས་འཛིན་མ་ལའང་ཁྱེའུ་ཞིག་བཙས་སོ།། ཟླ་བའང་སྒྲ་གཅན་གྱིས་ཟིན་ཏོ།། ཞེས་དང༌། འདི་བཙས་པ་ན་ཟླ་བའང་སྒྲ་གཅན་གྱིས་ཟིན་པས་དེ་བས་ན་ཁྱེའུའི་མིང་སྒྲ་གཅན་ཟིན་ཞེས་བཏགས་སོ།། ཞེས་པ་དང༌། མངོན་པར་འབྱུང་བའི་མདོ་ལས་ཀྱང༌། དེ་ནས་རྒྱལ་པོ་ཟས་གཙང་ལ་རང་གི་སྐྱེས་བུ་རྣམས་ཀྱིས་ལྷ་དགྱེས་པ་བསྐྱེད་དུ་གསོལ། གཞོན་ནུས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ།། དེ་ཐོས་པ་དང་ཉི་མ་དེ་ཉིད་ལ་གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ།། བདུད་རྩི་ཟས་ལ་ཡང་ཁྱེའུ་ཞིག་བཙསས་སོ།། དེ་ཉིད་ཀྱི་ཉིན་མོ་ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ།། ཞེས་པ་རྣམས་སོ།། དེ་ཡང་སྐར་རྩིས་ཀྱི་སྟེང་ནས་ཡར་སློག་གཟའ་འཛིན་གྱི་རི་མོ་གང་ཤར་ཕུག་པ་ཡབ་སྲས་ཀྱི་ལེགས་བཤད་རྣམས་སུ་གསལ་བ་ལ་དེ་ལྟ་མོད། ད་ལྟ་རྒྱ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་གཙིགས་པར་བྱེད་པ་རྒྱ་རྩིས་ཀྱི་སྟེང་ནས་ཡར་སློག་གི་རྩིས་བྱས་ནས་སྟོན་པ་སངས་རྒྱས་པའི་དུས་ཀྱི་གཟའ་འཛིན་རི་མོ་སུས་ཀྱང་བཀོད་པ་མི་སྣང་བས། འདིར་ཚུལ་དེ་ཉིད་ལས་བརྩམས་ཤིང་དུས་འཁོར་བསྟན་རྩིས་ཀྱིས་ཁོག་ཕུབ་ནས་ཡར་སློག་གི་ལོ་དང་ཟླ་བ་དག་པ་དང༌། རྩ་བའི་དྷྲུ་ཝ་རྣམས་ཇི་ལྟར་བཙལ་བ་དང༌། ལོ་དེའི་སྒང་གི་རི་མོ་བྲིས་པའི་སྟེང་ནས་ཟླ་ཤོལ་ཡོད་མེད་བརྟགས་ཏེ་མི་འཆུག་པའི་གཟེར་བཏབ་པ་དང༌། ཚུལ་དེ་དག་གི་སྒོས་གཟའ་འཛིན་བཙལ་ཏེ་ཟླ་བའི་ཆ་ཅི་ཙམ་བསྒྲིབས་པ་དང༌། དུས་ཚོད་གང་ལ་འཛིན་གཏོང་བྱེད་པ་རྣམས་རིམ་པར་དགོད་པར་བྱ་ཡི། རྩིས་རིག་སྨྲ་བའི་དཔྱོད་ལྡན་རྣམས་ཀྱིས་ཡུད་ཙམ་གཟིགས་པར་ཅི་གནང༌། དེ་ཡང་དཔའ་རིའི་སེར་ཆེན་ཞབས་དྲུང་གི་རྒྱ་རྩིས་བསམ་འཕེལ་དབང་རྒྱལ་རྩོམ་ལོ་རབ་བྱུང་བཅུ་བཞིའི་ཤིང་བྱའི་སྔར་ལོ་ཆུ་ཕག་ནས་རབ་བྱུང་དང་བོའི་མེ་ཡོས་བགྲངས་པའི་བར་གྱི་ལོ་ལ་བརྒྱད་བརྒྱ་སོ་བདུན། དེ་ནས་རིགས་ལྡན་བཅུ་བ་དང་བཅུ་གཅིག་པ་གཉིས་ཀྱི་ལོ་མེ་མཁའ་རྒྱ་མཚོ། དེ་ནས་རིགས་ལྡན་ཐོག་མ་འཇམ་དབྱངས་གྲགས་པའི་བར་རིགས་ལྡན་དགུ་དང༌། ཆོས་རྒྱལ་ཟླ་བཟང་ལ་ཐུག་གི་བར་ཆོས་རྒྱལ་དྲུག་པོ་རྣམས་ལ་ལོ་བརྒྱ་རེ་སྟེ་སྟོང་དང་ལྔ་བརྒྱ། སྟོན་པ་མྱ་ངན་ལས་འདས་པའི་ལོ་ལྕགས་འབྲུག་དང་བཅས་པའི་ཟླ་བཟང་གི་ལོ་བཞི། དེ་ནས་སྟོན་པ་དགུང་ལོ་སོ་ལྔ་བ་སངས་རྒྱས་པའི་ཤིང་རྟ་བཅས་བགྲངས་པས་ལོ་ཞེ་དྲུག་སྟེ་ཉིས་སྟོང་བདུན་བརྒྱ་དགུ་བཅུ་ནི་སེར་ཆེན་རྩིས་གཞུང་སྟེང་ནས་སངས་རྒྱས་པའི་བར་དུ་སློག་པའི་ལོ་དག་པའོ།། ལོ་དག་དེ་ག་བརྩི་གཞིར་བཀོད་དེ་སྐར་རྩིས་ཀྱི་དྷྲུ་ཝ་ཡར་སློག་གི་འགྲོས་བཀབ་ནས་བྲིས་པའི་ཟླ་དག་དང་། རྩ་བའི་དྷྲུ་ཝ་ལྔ་དང༌། སྒང་གི་ཚད་ཁྲའི་སྟེང་ནས་སངས་རྒྱས་པའི་ལོར་རྒྱ་རྩིས་ལུགས་ཀྱིས་གསུམ་པ་ལ་ཤོལ་བྱུང་ཚུལ་དང༌། དེ་ནས་ས་གའི་ཉིན་རྩིས་བྲིས་ཏེ་གཟའ་འཛིན་བྱུང་ཚུལ་རྣམས་ནི་རེའུ་མིག་ཏུ་བཀོད་ན་ལྟ་བདེ་ཞིང་རྟོགས་སླ་བས་འདི་མན་རེའུ་མིག་ཏུ་འགོད་པར་འདོད་དོ།།

 

 

ཟླ་དག

རྩ་བའི་ཚེས་དྷྲུ།

ཉི་སྤྱི།

 

 

༣༤༥༡༠

༢༠

༡༨

༤༩

༢༢

༣༠༦

༡༠

༢༤

༥༤

༣༧

༣༣༠

 

མདའ་ལྷག

 

ཉི་དུས་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

ཉི་རིང་།

 

ཟླ་རང་།

 

རྭ་གདོང་།

༡༡

༡༢

༣༨

༥༥

༢༤

༡༦༨

༡༣

༢༡

༤༥

༤༩

༢༡

༡༢

༥༢

༤༥

༥༩

༣༥༠

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

གསུམ་པའི་སྒང་།

 

བཞི་པའི་སྒང་།

 

བཞི་པའི་ཚེས་དྷྲུ།

 

ཚེས་གྲངས་༢༩ ས་སྦྲུལ་

ཉི་ཁམས།  ༥

               ༡༥

དུས་       ༡

ཚོད།     ༣

            ༧

 

ཚེས་གྲངས་༢ ལྕགས་གླང

ཉི་ཁམས།     ༣༧

                ༡༡

དུས          ༡

              ༠

  ཚོད         ༢༦

 

༣༦

༡༠

༢༩

༣༧

༢༢

༡༥༠

 

གང་ལ་སྒང་མེད་ཟླ་དེ་ལྷག་ཅེས་པ་ལྟར་ནག་ཟླར་ཤོལ་བྱུང་།

 

ཉི་དུས་ཐུན་སྲང་།

 

ཉི་སྤྱི།

 

ཉི་རང་།

 

ཟླ་རང་།

༢༩

༥༦

༥༥

༥༤

༡༢༥

༡༠

༣༠

༡༢

༢༩༨

༡༡

༢༢

༢༦

༤༦

༡༦༦

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

རྭ་གདོང་།

 

བཞི་པའི་ཉའི་ཚེས་དྷྲུ།

 

ཉི་སྤྱི།

༡༦

༡༣

༥༥

༣༧

༡༠༦

༥༡

༥༡

༣༨

༥༤

༢༧

༡༤

༣༠

༣༥༧

 

ཁྱིམ་ཞག་ཐུན་སྲང་།

 

ཉི་དུས་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

ཉི་རང་།

 

ཟླ་རང་།

 

རྭ་གདོང་།

༢༣

༤༣

༤༠

༤༧

༢༣༩

༢༡

༡༦

༡༠

༡༩༥

༣༤

༣༥

༡༠

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

ཉི་སྣོན་ལོངས་སྤྱོད།

 

ཟླ་སྣོན་ལོངས་སྤྱོད།

 

སྤྱི་དུས་བར་ཁྱད།

 

༡༢

 

༢༨

༤༥

 

༡༩

༣༨

 

ཞག་ཐུན་སྲང་།

 

ཞག་ཐུན་སྲང་།

 

དུས་ཐུན་སྲང་།

 

ཉི་ངེས་རང་འགྲོས།

 

ཟླ་ངེས་རང་འགྲོས།

 

ཉིན་ངེས་སྣོན་ལོངས།

 

༢༢

༤༦

༥༦

༤༧

༢༣༩

 

 

༤༧

༡༠

༡༠༥

 

 

 

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

ཞག་ཐུན་སྲང་།

 

ཟླ་ངེས་སྣོན་ལོངས།

 

ངེས་དུས་བར་ཁྱད།

 

ཉི་ངེས་སྤྱི་འགྲོས།

 

༣༢

༣༧

 

༡༡

༤༩

 

༡༤

༣༣

༣༥༧

ཞག་ཐུན་སྲང་།

དུས་ཐུན་སྲང་།

ཁྱིམ་ཞག་ཐུན་སྲང་།

 

ཉི་མའི་ངེས་ཞག་དག་པ།

 

རྭ་གདོང་བར་ཁྱད།

 

རྭ་གདོང་དག་པ།

༡༥

༤༢

༡༠

༣༥༧

༡༣

༣༧

༣༥

༡༠

༤༦

༡༤

༣༥

༡༠

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

ཁྱིམ་ཞག་ཐུན་སྲང་།

 

སྣོན་ཕྲིའི་དུས་ཆ།

 

མཉམ་བགྲོད་ཞག་ཆ།

 

དག་ཉ།

 

༣༧

 

༥༧

༥༡

༤༧

༥༤

༢༧

 

ཐུན་སྲང་།

 

ཐུན་སྲང་།

 

ཉི་དུས་ཐུན་སྲང་།

 

ཉི་ཁམས།

 

འཛིན་རྫོགས་དག་པ།

 

ཟླ་ཕྱེད།

 

༥༡

ཤིང་ཡོས།

༡༤

༢༤

 

༡༦

༥༡

 

ཚེས་བཅུ་དྲུག

 

ཞག་ཐུན་སྲང་།

 

ཐུན་སྲང་།

 

གྲིབ་མའི་ཕྱེད་སྲིད།

 

གྲིབ་མའི་དམན་ཆ།

 

ངེས་པའི་གྲིབ་མ།

 

༤༦

༤༧

 

 

༤༦

༤༣

 

ཐུན་སྲང་།

 

སྲང་།

 

ཐུན་སྲང་།

 

འཛིན་མཚམས་བར་ཁྱད།

 

འཛིན་ཆའི་བར་ཁྱད།

 

འཛིན་པའི་ཆ་སྲང་།

༣༤

 

༤༩

༡༠

 

༡༥

༣༥

 

ཞག་ཐུན་སྲང་།

 

ཞག་ཐུན་སྲང་།

 

རིལ་འཛིན།

 

ཟླ་བའི་ངེས་བགྲོད།

 

ཞག་གི་དམན་ཆ།

 

དུས་ཀྱི་བར་ཁྱད།

༣༣

༢༣

༣༧

 

ཐུན་སྲང་།

 

ཐུན་སྲང་།

 

ཐུན་སྲང་།

 

འཛིན་རྫོགས་མཁོ་དུས་པེ་ཅིང་།

 

མདོ་སྨད།

 

ལྷ་ས།

༤༡

༡༤

༤༡

༥༠

༤༡

 

དུས་ཐུན་སྲང་།

 

དུས་ཐུན་སྲང་།

 

དུས་ཐུན་སྲང་།

 

འཛིན་གཏོང་ཟླ་བགྲོད།

 

འཛིན་གཏོང་ཡུན་ཚད།

 

འཛིན་མགོ་རྩོམ་དུས།

 

༦༡

༢༥

 

༥༠

༤༣

 

པེ་ཅིང

༡༢

༡༨

 

ཐུན་སྲང་།

དུས་ཐུན་སྲང་།

དུས་ཐུན་སྲང་།

 

མདོ་སྨད།

 

ལྷ་ས།

 

གྲོལ་ཟིན་དུས།

 

༢༢

༡༨

 

པེ་ཅིང

༥༣

དུས་ཐུན་སྲང་།

དུས་ཐུན་སྲང་།

དུས་ཐུན་སྲང་།

 

མདོ་སྨད།

 

ལྷ་ས།

སྒྲིབ་མནན་གྲོལ་ཡུན།

༤༡

༤༠

༤༦

དུས་ཐུན་སྲང་།

དུས་ཐུན་སྲང་།

དུས་ཐུན་སྲང་།

 

རིལ་འཛིན་བར་ཁྱད།

 

སྒྲིབ་གསོའི་ཟླ་བགྲོད།

 

སྒྲིབ་གསོའི་ཡུན་ཚད།

 

༢༩

༥༢

 

༢༥

༢༤

༤༥

༣༩

 

ཐུན་སྲང་།

 

ཐུན་སྲང་།

 

དུས་ཐུན་སྲང་།

 

བསྒྲིབས་མ་ཐག་དུས།

 

མདོ་སྨད།

 

ལྷ་ས།

 

པེ་ཅིང

༡༠

 

༧༧

 

 

དུས་ཐུན་སྲང་།

 

དུས་ཐུན་སྲང་།

 

དུས་ཐུན་སྲང་།

 

མཐའ་ནས་གསོ་དུས།

 

མདོ་སྨད།

 

ལྷ་ས།

པེ་ཅིང

༤༨

༢༠

 

༥༨

༢༠

 

༣༦

༢༠

དུས་ཐུན་སྲང་།

དུས་ཐུན་སྲང་།

དུས་ཐུན་སྲང་།

 

རིལ་སྒྲིབ་ཡུན་ཚད།

 

འཛིན་ཕྱོགས།

 

གཏོང་ཕྱོགས།

༣༡

༡༨

 

སྟོད་ཀྱི་ཤར།

 

སྨད་ཀྱི་ནུབ།

དུས་ཐུན་སྲང་།

བྱང་ཤར།

ནུབ་བྱང་།

 

ཉིན་དེའི་ཉིན་ཚད།

 

མཚན་ཚད།

 

ཉི་མ་འཆར་དུས།

 

༥༠

༡༠

 

༤༥

༡༠

 

ཁེ་ཕུན་མོའུ།

 

ཁེ་ཕུན་མོའུ།

 

དུས་ཁེ་ཕུན་མོའུ།

 

ཟླ་བ་ནུབ་དུས།

 

ཁ་དོག

 

གཏོང་བཞིན་ནུབ་ཚད།

༣༧

 

 

དམར་ནག

 

༡༢

༢༨

 

དུས་ཁེ་ཕུན་མོའུ།

 

ཐོག་མཐའ་དུད་ཀ

 

ཆ་སྲང་།

 

༄༅། །བི་ཛ་ཡནྟུ། བདག་བློའི་ཨུཏྤལ་འདབ་ཡངས་རིག་པའི་ཉིན་བྱེད་སྟོང་གིས་གཟིགས། །ལན་བརྒྱར་གྲོལ་བ་ལས་འོངས་མཁས་རྣམས་མྱོས་པ་སྦྱིན་པའི་བཅུད། །སྔོན་མེད་རོ་མཆོག་བྲོ་བ་བློ་གསལ་བུང་བའི་དགའ་སྟོན་ཆེར། །རྣམ་པར་སྤེལ་བ་འདི་ཀོ་རིག་གཞུང་མཛེས་པའི་རྒྱན་གྱུར་ཅིག །ཅེས་བྱ་བ་ནི་བྷོ་ཊའི་ལྗོངས་ཀྱི་རྩིས་རིག་སྨྲ་བ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་བྱ་བས། བུ་ལུགས་ཀྱི་བཞེད་པ་གཞིར་བཞག་པའི་སྟེང་ནས་སྟོན་པ་འཚང་རྒྱ་དུས་ཀྱི་གཟའ་འཛིན་ཡར་སློག་གི་རི་མོའང་འབད་རྩོལ་ཆེན་པོས་བྲིས་ཀྱང༌། རྒྱ་རྩིས་དང་བསྟུན་ན་ཕུག་པའི་བཞེད་པ་ཉིད་རྒྱུད་སྡེར་གསུངས་པའི་ཕྱིའི་མངོན་བྱང་གི་དུས་ཁྱད་པར་ཅན་དང༌། མདོ་སྡེའི་ལུང་སྔར་དྲངས་པ་དག་དང་མཐུན་ཞིང་གཙིགས་པར་མཐོང་ནས། དེའི་ལུགས་ཀྱི་སྟོན་པ་ཐུབ་པའི་དབང་བོ་འདས་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་སུམ་ཅུ་བ། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་གསུམ་པ་ས་མོ་གླང་གི་ལོའི་དགུན་གྱི་དུས་སུ། རིག་པའི་འབྱུང་གནས་ཨེ་ཝཾ་དགའ་ཚལ་གྱི་གཙུག་ལག་ཁང་ཆེན་པོའི་བྱ་འདབ་ཏུ་ཚུལ་འདིའི་རི་མོ་ལག་ལེན་དུ་འདེབས་སྐབས་རང་གི་སློབ་བུ་སྨྱུག་ཐོགས་པ་ཟུང་གིས་ཀྱང་རི་མོ་འབྲི་བའི་རོགས་རམ་གང་ལེགས་བགྱིས་པའི་ངོས། ཡིད་བརྟན་དུ་རུང་བར་བཀོད་པ་བློ་གསལ་ཡོངས་ཀྱི་དགའ་སྟོན་དུ་གྱུར་ཅིག། །།

མཐའ་མའི་འདོན་ཐེངས་།: 31.12.2014 ཉིན། 4:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།