སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༩། གསོ་ཐབས་གཉིས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་དགུ་པ། གསོ་ཐབས་གཉིས་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གང་གིས་གསོ་བའི་གསོ་ཐབས་ལ་མང་དུ་ཡོད་ཀྱང༌། འདིར་ནི་ཐུན་མོང་བ་དང་ཁྱད་པར་གཉིས་ཀྱིས་གསོ།

ཐུན་མོང་ལའང་གསོ་ཡུལ་གཉིས་ཡོད་པའི་ཕྱིར་གསོ་ཐབས་ཀྱང་གཉིསདགོས་པ་ལས །སྟོབས་སྐྱེད་པའི་ཕྱིར་ལུས་ཤར་བརྟ་བྱ་བ་དང་ཉམས་དམད་པའི་ཕྱིར་སྨྱུང་བལྟོགས་པའོ།

འཕེལ་བའི་བརྡ་རྙིང་བརྟ་བར་བྱ་བའི་ཡུལ་དང་ཐབས་གང་གིས་བརྟདགོས་པ དེའི་ཕན་ཡོན་དང་བརྟས་དྲགསཔའི་སྐྱོན་དང་སྐྱོན་དེ་ཡི་བཅོས་ཐབས་ལྔའོ

བརྟ་བྱའི་དེ་ཡུལ་ཏེ་རླུང་ཆེ་བ་དང་ཟུངས་ཟདཔ་དང་ཁྱིམ་འཛིན་གསར་པར་འཁྲིག་པས་དུབཔ་དང་ །སྦྲུམ་མ་བཙས་རྗེས་དང་ཁྲག་ཟགས་པ་དང་གློ་རྡོལ་དང་རྒས །གཉིད་མེད་པ་དང་མྱ་ངན་གྱིས་དུབ་པ་དང་དཀའ་ཐུབ་ཅན་དང་རྩོལ་བས་དུབཔ་དང་ ནམ་ཟླ་སོ་གའི་དུས་རྣམས་ཕལ་ཆེར་བརྟ་བས་གསོདགོས་ལ བརྟ་བར་བྱ་བ་དེ་ཡི་ཟས་ནི་ལུག་ཤ་དང་བུ་རམ་དང་ཀ་ར་དང་མར།འོ་མ་དང་ཞོ་དང་ཆང་ལ་སོགས་པའི་བཅུད་ཀྱིས་བརྟ། །སྨན་སྦྱོར་ནད་གང་ཤས་ཆེ་བ་དང་གང་འཕྲོད་པའི་སྨན་མར་ཕྱི་རྒྱུད་ལྟར་བསྟེན། །དཔྱད་དུ་འཇམ་རྩི་དང་ཁྲུས་དང་བསྐུ་མཉེ་བྱ། །སྤྱོད་ལམ་ནི་གཉིད་ལོག་པ་དང་དལ་བར་འདུག་པ་དང་སེམས་དགའ་བ་སྐྱེད་པ་ལ་བརྟ།

དེ་ཡིས་སྟོབས་འཕེལ་བ་དང་ནད་ཀུན་ཟིལ་གྱིས་གནོན་པར་ནུས། །དཔེར་ན་མི་ཁ་ཉེན་པོ་སྟེ་དབང་ཆུང་བ་པོ་ཡིས་སླར་ནུས་པ་རྙེད་པ་བཞིནནོ

བརྟ་བའི་ཐབས་དེ་ཐལ་དྲགས་ན་ལུས་འཚོ་ཆེས་ནད་དང་འབྲས་དང་རྨེན་བུ་དང༌། ཤེས་པ་རྨོངས་བག་དང་གཅིན་སྙི་བའི་ནད་དང་ལུད་པ་དང་བད་ཀན་རྣམས་འཕེལ།

དེ་ལ་བད་ཀན་དང་ཚིལ་ཟད་བྱེད་ཀྱི་ཟས་དང་སྨན་གྱིས་ཕན །གུ་གུལ་བྲག་ཞུན་སྐྱེར་པའི་ཁཎྜ་དང༌། །སྦྲང་རྩི་དང་སྦྱར་ཏེ་བཏང་ན་འཚོ་ཆེས་ནད་ཀུན་སེལ་བར་བྱེད། །འབྲས་བུ་གསུམ་དང་སྦྲང་རྩི་སྦྱར་བའམ། །བཅའ་སྒ་ཡ་བཀྵ་ར་བྱི་ཏང་ག །སྐྱུ་རུ་ནས་ཕྱེ་སྦྲང་སྦྱར་འཚོ་ཆེ་བའི་ནད་སེལ། ལུས་ཞིག་ལ་འཚོ་བས་ནད་ཤ་སྐེམ་རྒྱག་སྟོབས་བཟང་བས་ཕྱིར་བརྟ་འི་ཐབས་ཚོད་ཟིན་པར་བྱ།

སྨྱུང་བར་བྱ་བ་འང་ཡུལ་དང་གང་གིས་དམད། །ཕན་ཡོན་དང་དྲགས་སྐྱོན་དང་དེ་ཡི་བཅོས་ཐབས་ལྔལས

དང་པོ་ཉམས་དམན་པར་བྱ་བ་དེ་ཡུལ་ནི་མ་ཞུ་བ་དང་སྣུམ་ཟོས་པ་དང་རླུང་ནད་བརླ་རེངས་ཀྱི་ནད། །རིམས་དང་གཅིན་སྙི་དང་ཁོང་འབྲས་དང་དྲེག་དང་གྲུམ་བུའི་ནད་དང་མཆེརཔར་རྒྱས་པའི་ནད་དང་ །ལྐོག་ནད་དང་ཀླད་ནད་སྙིང་གི་ནད་ཚད་འཁྲུ་དང་སྐྱུག་པ་དང༌། །ལུས་ལྕི་བ་དང་ག་མི་བདེ་བ་དང་བཤང་གཅི་འགགསཔ་དང་ ལུས་འཚོ་ཆེས་བ་དང་ཆུ་སེར་དང་བད་མཁྲིས་རྒྱས་པའི་ནད། ལུས་སྟོབསདང་ལྡན་པ་ན་ཚོད་དར་ལ་བབ་པ་ནམ་ཟླ་དགུན་དུས་སུ་སྨྱུང་བས་བཅོས།

གཉིས་པ་ཉམས་དམད་པ་ལ་དེ་ཡི་སྨན་དུ་ཞི་དང་སྦྱང་བ་གཉིསཏེ་དེ་ཡང་ དང་པོ་ལུས་མ་སྙོམས་པ་སྙོམས་པར་བྱེད་པ་ཞི་བ་སྟེ། །སྦྱོར་བ་ནི་ཟས་དང་སྨནདང་སྤྱོད་ལམ་དང་དཔྱད་དེ་བཞི་རྣམས་ཀྱིས་བཅོས། དེའང་ཉམ་སྟོབས་ཆུང་བ་ལ་ནི་ཟས་ཀྱི་སྨྱུང་བ་བཀྲེས་སྐོམ་བྱ། །དེ་འོག་ཡང་ཞིང་འཇུ་སླ་ཅུང་ཟད་བསྟེན། ལུས་ཉམ་སྟོབས་འབྲིང་ལ་ཐང་དང་ཕྱེ་མ་སོགས། །གྲང་བ་ཅན་ལ་ཕོ་བའི་སྨན་དྲོད་སྐྱེད་ཚ་བ་ལ་སྨིན་བྱེད་སྦྱོར་བ་གང་ཡིན་བསྟེན། ལུས་སྟོབས་ལྡན་པ་ལ་ནི་ཉིན་དང་མཚན་མོ་རྩོལ་བས་བཅག་ཅིང་རྔུལ་དབྱུང་ཞིང༌། གྲང་བར་མེ་བཙའ་དང་ཚ་གྲང་གཉིས་འདོམ་པར་དུགས་དང་ལུམས་ཚ་བ་ལ་གཏར་ག་སོགས་དཔྱད་ཀྱིས་བཅོས།

གཉིས་པ་སྦྱང་པ་ནི་ནད་སློང་པ་ཕྱིར་འབྱིན་པར་བྱེད་པ་སྟེ། །སྦྱོར་བ་ཕོ་བའི་སྟོད་མ་ཞུའི་གནས་ལ་སྐྱུགས་ཀྱིས་སྦྱང༌། །ཞུ་བའི་གནས་ཕོ་བའི་སྨད་ལ་ནི་རུ་ཧ་ཡིས་དྲང༌། །ལུས་སྤྱིར་ནི་བཤལལ་རྩ་ནད་ལ་ནི་རྩ་སྦྱོངས་བྱ།

གསུམ་པ་ཞི་སྦྱང་གཉིས་ཀྱིས་ཉམ་དམད་པའི་ཕན་ཡོན་ནི་དབང་པོ་གསལ ལུས་ཡང་ཡི་ག་བདེ་ལ་བྱ་བྱེད་བརྩོན། །བཀྲེས་སྐོམ་དུས་སུ་འབྱུང་བཤང་བ་དང་སྟེང་འོག་གི་རླུང་བདེ་བར་རྒྱུ།

བཞི་པ་སྨྱུང་བ་མང་དྲགས་ན་ཟུངས་འཛད་ཤ་སྐེམ་མགོ་བོ་འཁོར། །གཉིད་མེད་མདངས་ཤོར་སྐད་གདངས་དང་དབང་པོ་ཉམས། ཁ་སྐོམ་དང་ག་འགག་དང་བྱིན་པ་བརླའཁྲང་མི་ཚུགས །གཞུག་ཏོ་དང་རྩིབ་ལོགསདང་སྙིང་ག་དང་ཀླད་པ་བཅས་ན། རླུང་གིས་ལུས་ཟུངས་ཀྲུག་པས་རིམས་འདེབས་སྐྱུག་འདོད་རླུང་ནད་སྐྱེད་པར་བྱེད།

ལྔ་པ་དེ་ལ་ཉམས་བརྟས་པ་སྟོབས་རྒྱས་པར་བྱེད་པ་སྦྱོང་དུ་བཤད་པ་ཐམས་ཅད་ཀྱིས་ཕན། །ཁྱད་པར་ཤ་དང་གཅན་གཟན་སོགས་ཤ་ཟའི་ཤ་དང་འཇམ་རྩི་དང༌། བཅུད་ལྡན་གྱི་ཟས་འགྲངས་པར་ཟས་ནས་གཉིད་ལོག་ན་ཕག་པ་འདྲར་བར་ལུས་རྒྱས་པར་འགྱུར ལུས་རྒྱས་པ་དང་འཚོ་བར་བྱེད་པ་ལ་ཤ་འདྲ་བའི་ཁ་ཟས་གཞན་པ་་གང་ཡང་མེདདོ

མདོར་ན་བརྟ་བྱའི་ཡུལ་ལ་ནི་ཉམ་མི་དམདཔར་བྱ །གལ་ཏེ་བརྟ་བྱའི་མི་ལ་སྦྱང་བ་དགོས་པ་ལ་ནི་བཤལ་སྐྱུགས་སོགས་འཇམ་པོས་བྱ། །ཉམ་དམད་སྨྱུང་བ་དགོས་པ་ལ་བརྟས་པར་བྱེད་པ་ཐམས་ཅད་སྤང༌། །རླུང་འཕེལ་ནདགཞན་གང་ཞིག་ཟད་པ་ལ་ནི་བརྟ་བས་གསོ། །རླུང་ཟད་ཅིང་བད་མཁྲིས་འཕེལ་བ་ལ་སྨྱུང་བས་བཅོས། །རྟེན་གནོད་བྱ་བཅུ་དང་བརྟེན་པ་ཉེས་གསུམ་འཕེལ་བའམ་ཟད་པ་གཉིས་བཅོས་ཐབས་གཅིག་ལས་སོ་སོར་མེད་པ་ཡིན་ནོ། །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་ཐབས་གཉིས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།