སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༤། ཉེས་པ་དངོས་སྟོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་བཞི་པ། ཉེས་པ་དངོས་སྟོན།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ངོས་བཟུང་རྟགས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ངོས་བཟུང་རྟགས་ལ་བསླབ་པ་ནི། །མེ་དང་དུ་བ་ཇི་བཞིན་དུ། །ནད་ཀྱི་ངོས་ནི་ནད་ཀྱི་རྟགས་ལ་བཟུང༌། །བརྟག་ཐབས་མེད་ཅིང་མི་ཤེས་པའི་སྨན་པ་ཡིས། ཚ་གྲང་གི་རྟགས་ཉིད་གསལ་པོ་བསྟན་ཡང་རྟགས་སུ་ངོ་མི་ཤེས་ཏེ། །དུ་བ་མཐོང་བ་ནི་རླངས་པར་འཁྲུལ་པ་དང་འདྲབ་དང་ གཞན་ཡང་སྤྲིན་འདུས་ན་ཆར་འབབས་པར་ངེས་པ་མེད་ཀྱང་ཆར་འབྱུང་ཟེར་བ་ལྟར། །མ་ངེས་པའི་རྟགས་ཀྱང་རྟགས་སུ་བྱེད་པ་ཡོད། །དེ་ཕྱིར་ངོས་འཛིན་བརྟག་ཐབས་མན་ངག་ཤིན་ཏུ་གཅེསཔ་ཡིན་ཏེ དེའང་ཁ་དམར་གདགས་པའི་བཅོས་ལ་དགོས་པའི་ཕྱིར། །ཉེས་པ་གསུམ་པོ་དངོས་སུ་སྟོན་པ་ལ་བརྟག་པ་དང༌། །སྐྱེ་བོ་རྣམས་ཀྱི་མཁས་ཟེར་མགུ་བར་བྱའི་ཕྱིར། དེའང་ངན་གཡོ་སྐྱོན་གྱིས་བརྟག་པ་དང༌། ནད་དེ་ཉིད་གསོ་བའི་ཚེ་བླང་དོར་བྱ་བའི་ཕྱིར། །སྤང་བླང་མུ་བཞིར་བརྟག་པའོ།

དེའང་ཉེས་པ་གསུམ་པོ་དངོས་སུ་སོ་སོར་སྟོན་པའི་བརྟག་པ་ལ། ནད་དེ་སློང་བ་རྒྱུ་ཡི་སྒོ་ནས་བརྟག་པ་དང༌། ནད་དེའི་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། ཟས་སྤྱོད་ཀྱི་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པའོ།

དང་པོ་སློང་བ་ནི་རྒྱུ་དང་རྐྱེན་དང་ཟས་དང་སྤྱོད་ལམ་རྣམསལ་བརྟག་པ་ནི དང་པོ་ནད་པ་དེས་གང་ཟོས་བྱ་བ་གང་བྱསདྲིས་ཤིང་བརྟག་པས་ནད་ཀུན་མ་འཁྲུལ་པར་རྟོགས་པར་ནུསསོ །ཁྱད་པར་ནད་དེ་སློང་བའི་རྐྱེནཟས་སྤྱོད་གཉིས་ཀྱིས་ནད་གང་ཡིན་ཤེས་པར་བྱདགོས་ཏེ །ཅི་ཕྱིར་ཞེ་ན་རྒྱུ་དེ་ལས་འབྲས་བུ་འགལ་བར་འབྱུང་མི་སྲིདཔ་ཡིན་ནོ

གཉིས་པ་མཚན་ཉིད་ཀྱི་སྒོ་ནས་རྟགས་ལ་བརྟག་པའི་གཞི་དང་བརྟག་གྱི་ཡུལ་དང༌། །བརྟག་པའི་སྒོ་དང་བརྟག་པའི་ཚུལ་དང་རྣམ་པ་བཞིལས །དང་པོ་བརྟག་གྱི་གཞི་ནི་རླུང་དང་མཁྲིས་པ་བད་ཀན་གསུམ། དེ་དག་མཚན་ཉིད་འཕེལ་ཟད་གསོག་ལྡང་འཁྲུགས་པའི་རྟགསཀྱིས་རྒྱས་པར་དབྱེ་ནས་མདོར་བསྡུས་པའི་ཚེ། །མདོར་བསྡུས་ཚ་གྲང་གཉིས་སུ་དྲིལ་ལ་བརྟག་པར་བྱའོ

གཉིས་པ་བརྟག་ཡུལ་ནི་ནད་པའི་དབང་པོ་ལྔ་དང་ཡུལ་གཟུགས་སོགས་ལྔ་དྲི་མ་ལྔཡིན་པས དབང་པོ་ནི་མིག་གིས་གཟུགས་ཁ་དོག་དང་རྣ་བ་སྒྲ་མཐོ་དམའ་དང་སྣདྲི་ཇི་ལྟར་དང་ལྕེ་ཡི་ཁ་དོག་སོགས་དང་ལུས་ཤེད་སྐྱོ་མདོག །ཡུལ་ནི་ཉེས་གསུམ་མ་འཁྲུགས་པའི་གཟུགས་གཏམ་གྱི་སྒྲ་ཟས་ཀྱི་དྲི་ལྕེའི་རོ་ལུས་ཀྱི་རེག་བྱ་ལྔ། ནད་པའི་དྲི་མ་དང་ལུད་པ་དང་འཁྲུ་སྐྱུགས་བྱེད་ལུགས་དང་ཕྱི་རྒྱུད་ལྟར་དྲི་ཆུ་དང་གཏར་ཁྲག་གི་ཁ་དོག་སོགས་བརྟག

བརྟག་པའི་སྒོ་ནི་ན་ཡུལ་དང་ལྡང་དུས་དང་མི་རིགས་ཀྱི་རང་བཞིན་དང་ན་ཚོད་རྒན་དར་བྱིས་གསུམ་སོགས་དང༌། །ཉིན་ཞག་གང་གི་དུས་ཟས་གང་ཟོས་དང་ཕྱི་ནང་བར་སོགས་གནས་དང་ནད་པའི་བྱེད་ལས་བཅས་ཤེས་པར་མ་འཁྲུལ་བར་རྟོགསསོ

བརྟག་ཚུལ་ནི་བལྟ་དང་རེག་པ་དྲི་བས་བརྟགཔ་སྟེ། དེའང་བལྟ་བ་སྨན་པའི་མིག་ཡུལ་དུ་བོངས་དང་དབྱིབས་དང་ཁ་དོག་ལ་བརྟག །ཁྱད་པར་དུ་ལྕེ་དང་དྲི་ཆུ་གཉིས་ལ་བརྟག་པར་བྱ། །ནད་ཀྱི་རླངས་པ་ལྕེ་ལ་འབྱུང་བ་དང་། ནད་ཀྱི་ཁུ་བ་ཆུ་ལ་འབྱུང་བས་བལྟ་མཁན་གྱིས་བརྟག་ཤེས་ན་བརྟག་ཡུལ་འདི་གཉིས་འཁྲུལ་བ་མེད་དོ། །འདི་ནི་སྨན་པའི་མིག་གིས་མཐོང་བ་ཡུལ་རིག་བརྟག་པ་ཡིནནོ

རེག་པ་ལུས་ཀྱི་ཡུལ་ཤ་པགས་ཚ་གྲང་དང་འབུར་འཇམ་སྒང་གཤོང་སོགས་བརྟག །ཁྱད་པར་གྱི་གནས་དང་ཚ་གྲང་བརྡ་སྦྱོར་བའི་འཕྲིན་པ་ལྟ་བུ་ནི་རྩ་ལ་ཕྱི་རྒྱུད་ལྟར་བརྟག །འདི་ནི་ཡིད་ཀྱི་དཔྱོད་པ་ལ་དོན་རྣམས་མངོན་པར་རིག་པའི་བརྟག་པ་ཡིནནོ

སྨན་པའི་དྲི་བས་ནད་པར་ན་ཚུལ་སོགས་བརྟག་པ་སྨན་པའི་རྣ་བའི་ཡུལ་ཀུན་ཏེ། རྐྱེན་གང་གིས་ན་སྤྱོད་ལམ་གང་ལྟར་བྱས་གང་ལ་ན་དུས་གང་གི་ཚེ་ལུས་ཀྱི་ཕྱི་ནང་སོགས་གང་དུ་ན་ཚུལ་གང༌ལྟར་ན་སོགས་འདྲི །ཁྱད་པར་དུ་སློང་བའི་རྒྱུ་གང་གི་ན་གནས་གང་དུ་ན་མཚན་ཉིད་གང་ལྟར་ན་སོགས་དྲིས་ལ་བརྟག དེ་ནི་རྒྱུ་ལ་དྲི་བས་ཉེས་པ་གསུམ་པོ་གང་ཡིན་ཤེས་པ་དང་གནས་ལ་དྲིས་པས་འཇུག་པའི་སྒོགང་དང་གང་འཇུག་ཤེས །མཚན་ཉིད་དྲིས་པས་ནད་རིགས་གང་ཡིན་བྱེ་བྲག་ཕྱེད་པར་འགྱུརབ་ཡིན་པས །དེ་ཕྱིར་བརྟག་པ་ཀུན་ལ་ཞིབ་ཏུ་དྲི་བ་ནི་རྟག་པར་གཅེསཔ་ཡིན་ནོ བརྟག་ཚུལ་འདི་ནི་ཐོས་པ་སྒྲ་རིག་ཅེས་སུ་བཤད།

བརྟགས་ཚུལ་དེ་རྣམས་ཀྱིས་ངེས་པ་མ་རྙེད་ན་ཕན་པའི་ཟས་སྤྱོད་དང་གནོད་པའི་བསྟེན་པ་ཟས་སྤྱོད་སྨན་དཔྱད་བཞིཔོ་དེ་དག །གསུམ་པ་ཕན་གནོད་བྱེད་པའི་ནད་ཀྱི་རྒྱུ་དང་ནད་ཀྱི་ངོ་བོ་མཐུན་མི་མཐུན། །འཕྲོད་དང་མི་འཕྲོད་བརྟག་པ་ལས་ནད་ཀུན་ཤེས་པར་འགྱུརརོ དེའང་ཡུད་ཙམ་གྱིས་ལྟར་སྣང་མ་ཡིན་པར་ཡང་ཡང་ཡུན་བསྲིངས་པས་རྟོགས་པར་འགྱུར་ཏེ། དེ་ལྟར་བྱས་པས་ནད་གང་ཡིན་སྨན་པས་ཉམས་རྙེད་ནས་ནད་པའི་ནད་གསོ་ཚུལ་ཇི་ལྟར་བྱེད་དགོས་པའི་དོན་མ་ལུས་པ་ཤེསཔར་འགྱུར་རོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཉེས་པ་དངོས་སུ་སྟོན་པ་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།