སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༣། མི་ན་བར་གནས་པར་བྱ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་གསུམ་པ། མི་ན་བར་གནས་པར་བྱ་བ།

 

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ནད་མེད་ཐ་མལ་གནས་ལ་ཇི་ལྟར་བསླབ་པར་བགྱི། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །རྣམ་པར་མ་གྱུར་ཐ་མལ་ལུས་པོ་ལ། །མི་ན་བར་གནས་པ་དང་རིང་དུ་འཚོ་བར་བྱབ་ལས

དང་པོར་མི་ན་བར་གནས་པར་བྱ་བ་ནི། །ནད་ཀུན་རིང་རྒྱུ་དུག་གསུམ་དང་ཉེ་རྒྱུ་ཉེས་གསུམ་ལས་རྐྱེན་ཡང་རྩུབ་བསིལ་བས་རླུང་དང་ཚ་རྣོ་སྣུམ་པས་མཁྲིས་པ་དང་ལྕི་བསིལ་རྟུལ་གྱིས་བད་ཀན་སློང་བས་དེ་གསུམ་གྱིས་བསླང་ལས་འབྱུང༌། རྐྱེན་མེད་པར་རྒྱུ་ལས་འབྲས་བུ་འབྱུང་མི་སྲིདཔས་དཔེར་ན་རྒྱུ་ས་བོན་བཏབ་ཀྱང་རྐྱེན་དྲོད་གཤེར་དང་སོ་ནམ་མེད་ན་ལོ་ཏོག་མི་སྐྱེ་བས །དེ་ཕྱིར་ནད་རྣམས་ཀུན་གྱི་སློང་བའི་རྐྱེན་སྤང་བྱ།

དུས་དྲུག་དང་དབང་པོ་ལྔ་དང་སྤྱོད་ལམ་ཟས་ཀྱི་རོ་ནུས་རྣམསདང་ །དམན་ཏེ་སྤྱད་བྱ་ཚད་ལས་ཉུང་བ་དང་གོ་ལོག་པ་དང་ཚད་ལས་མང་བ་ལྷག་པས་ནད་སྐྱེད་པར་བྱེད་ལ། དེ་རྣམས་གོང་གི་ཟས་སྤྱོད་སྨན་གྱི་བསྟེན་ཐབས་བཤད་པ་བཞིན་དུ་ཡང་དག་སྦྱོར་བ་ནད་མེད་གནས་པའི་རྒྱུཡིན་པས །དེ་ཕྱིར་སྤྱོད་ལམ་དང་ཟས་དང་སྨན་རྣམ་པ་གསུམ་པོ། མ་འཁྲུལ་བར་ཡང་དག་བསྟེན་པས་ནད་མེད་བདེར་གནས་འགྱུརརོ

བྱེ་བྲག་ཏུ་ལོ་དང་ཟླ་བ་མང་དུ་འདས་ཏེ་ལུས་ཟུངས་ཀྱི་སྟོབས་འགྲིབ་པ ཚེ་ཟད་པར་ཚེ་བསྒྲུབ་དང་རྒས་པའི་ནད་ལས་བསྲིང་བ་ནི། །བཅུད་ལེན་བྱ་བ་སྟེ་དེའི་ཕན་ཡོན་དང་གནས་དང་རྟེན་དང་བྱ་ཐབས་བཞིལས

དང་པོ་བཅུད་ལེན་གྱི་ཕན་ཡོན་ནི་ཚེ་རིང་བ་དང་ན་ཚོད་གཏུགས་པར་མི་འགྱུར་བར་དར་མའི་ངང་ལ་འཇོགཔར། །ལུས་ཀྱི་མདངས་དང་སྟོབས་སྐྱེད་ཅིང་དབང་པོ་དྲུག་པོ་གསལ་བར་བྱེདདོ

བཅུད་ལེན་གྱི་གནས་ནི་ས་གཙང་དབེན་ལ་ཉམས་དགའ་བ་གཞན་གྱིས་བར་ཆད་མེད་པ་དེར། བཅུད་ལེན་གྱི་རྟེན་ནི་གང་ཟག་ཧ་ཅང་རྒས་པ་མ་ཡིན་པས། །ཆགས་པ་འཇིག་རྟེན་པའི་ལས་རྩོལ་སོགས་སྤང་ལ་བརྩོན་འགྲུས་ལྡན་པས་གཟའ་སྐར་བཟང་བའི་དུས་སུ་འཇུགཔར་བྱ།

བཅུད་ལེན་བྱ་ཐབས་ནི་གཙོབོར་བླང་བ་དང་ཞར་དུ་སྤྱད་པ་རྣམ་པ་གཉིསལས དང་པོ་གཙོ་བོར་སྤྱད་པ་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་སྔོན་འགྲོ་ལུས་ལ་སྣུམ་འཆོས་རྗེས་ལ་ཁྲུས་བྱས་ལ། འབྲས་བུ་ཨ་བར་སྐྱུར་གསུམ་དང་རྒྱམ་ཚྭ་པི་པི་ལིང༌། །བཅའ་སྒ་ཤུ་དག་ཡུང་བ་བྱི་ཏང་ག །བུ་རམ་གསར་པ་བ་དམར་ཟལ་གྱི་ཆུ་སྦྱར་བས་ཁོང་པ་དག་པར་སྦྱང༌། གལ་ཏེ་མ་སྦྱངས་ན་དྲི་མ་དང་བཅས་གོས་དར་ལ་ཚོས་མི་ལེན་པ་ལྟར་བཅུད་ལེན་བྱས་པ་དོན་མེད་པར་འགྱུར།

དངོས་གཞི་ལ་རླུང་ནད་ཅན་ལ་སྒོག་སྐྱ་སྲང་བཅུ་གཅིག་ཆུ་ལ་འཚོས་པར་བཙོས་པ་དང་ལེགས་པར་བསྣུར་བའི་དྭངས་མ་ཞུན་མར་སྲང་ཉི་ཤུར་སྦྱར་བྱས་ལ། །ནས་ཀྱི་སྣོད་གསེབ་ཏུ་ཞག་བདུན་ཕྲག་གསུམ་གྱི་རིང་བཞག་ལ་ཞག་གྲངས་ཉེར་གཅིག་བསྟེན། དེས་ནི་རླུང་གི་ནད་སེལ་བ་ཚེ་འཕེལ་བར་བྱེད་པ་ཡིན།

ཚ་བ་དང་དར་མ་མཁྲིས་ཅན་ལ་བྲག་ཞུན་ལེགས་བཏུལ་གསེར་དངུལ་ཟངས་ལྕགས་རྣམསཀྱི་ཐལ་བ ལྕགས་སྣོད་དུ་བྱུག་ལ་ནད་གཞི་ལ་འཕྲོད་པའི་སྨན་སྦྱར་བ་ཞག་གྲངས་རིམ་པར་བསྐྱེད་ལ་བཟའ། དེས་ནི་ནད་འཇོམས་ཚེ་འཕེལ་བར་བྱེད་ལ་མོན་སྣེ་དང་རྒྱ་སྲན་སྤང༌།

བད་ཀན་ཁྲག་ངན་ཅན་ལ་ཙི་ཏྲ་ཀ་སྲང་གང་དང་མར་དང་སྦྲང་རྩི་སྲང་ཉི་ཤུ་རེ་སྦྱར་བ་བསྟེནཔས་བད་ཀན་དང་གྲང་བའི་ནད་སེལ་ཞིང་ །ཚེ་རིང་བ་དང་ལུས་རྒྱས་མེ་དྲོད་འབར་བར་བྱེད། །ཆུ་སེར་ཅན་ལ་གོང་གི་ཙི་ཏྲ་ཀ་དང་བ་གཅིན་སྦྱར་བར་བསྟེན་པས་ཤ་བཀྲ་དང་མཛེ་ནད་སེལ ཉེས་གསུམ་སྙོམ་པར་ཨ་རུ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་སྨན་མར་གྱིས། །དབང་པོ་གསལ་ཞིང་སྟོབས་སྐྱེད་ལ་རྒས་ཀ་སྲ།

བཅུད་ལེན་སྨན་ཀུན་ལ་རང་རང་གི་ནད་དང་གང་འཕྲོད་ཟས་སྤྱོད་བསྟེན། །རུལ་སྐྱུར་སྔོ་ངད་མི་འཕྲོད་པའི་ཟས་རིགས་སྤང་བར་བྱ།

དེ་ལྟར་བསྟེན་པས་རབ་ཀྱིས་ཟླ་བ་གསུམ་དང་འབྲིང་གིས་ཟླ་བ་དྲུག་ཐ་མས་ཀྱང་ལོ་གཅིག་བཅུད་ལེན་བསྟེན་པའི་འབྲས་བུ་འགྲུབཔར་འགྱུར་རོ གལ་ཏེ་དེ་མ་ལྕོགས་ན་ཞར་ལ་བཅུད་ལེན་སྤྱད་བྱས་པས། །གནས་སྐབསཀྱི་འབྲས་བུ་ཐམས་ཅད་འབྱུང་བར་ནུས་པ་ཡིནནོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མི་ན་བ་གནས་པར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །དེ་ལྟར་ལེའུ་གཅིག་ནི་ཐ་མལ་ནད་མེད་ཀྱི་གནས་ཏེ་བརྒྱད་པའོ

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།