སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༢། ཆ་བྱད་དཔྱད་ཀྱི་གནས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་གཉིས་པ། ཆ་བྱད་དཔྱད་ཀྱི་གནས། 

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །ཆ་བྱད་དཔྱད་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལས་གསོ་བར་བྱེད་པའི་གཉེན་པོ་ཡི། །ཆ་བྱད་དཔྱད་ཀྱི་གནས་ལ་བསླབ་པ་ནི། །དཔྱད་དངོས་དང་དཔྱད་ཀྱི་ལག་ཆ་ཆ་བྱད་རྣམ་པ་གཉིས།

ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང༌། །ཞི་བར་བྱེད་པ་གང་ཡིན་པ་དེ་ནི་དཔྱད་ཡིན་ཏེ། །དེ་ཡང་འཇམ་དང་རྩུབ་དང་དྲག་པོ་གསུམ། །འཇམ་པོའི་དཔྱད་ལ་ནད་ཞི་བར་བྱེད་པ་དུགས་དང་ནད་ཞི་བ་དང་འབྱིན་པ་གཉིས་ཀ་བྱེད་པར་ལུམས་དང་ནད་ཞི་བར་བྱེད་པ་བྱུག་པ་དང་གསུམམོ །རྩུབ་པའི་དཔྱད་འང་ནད་འབྱིན་པར་བྱེད་པ་གཏར་དང་ནད་ཞི་བར་བྱེད་པ་བསྲེག་པ་དང་ནད་ཞི་བ་དང་འདྲེན་པ་གཉིས་ཀ་བྱེད་པ་དབུག་པ་དང་གསུམམོ །དྲག་པོ་ཤ་ལྤགས་འདྲལ་བ་དང་ཤ་རུས་གཅོད་པ་དང་རུས་པ་འདྲུད་པ་དང་རྣག་སོགས་འབྱིན་པ་བཞི།

དཔྱད་བྱ་བ་དེ་ཡི་ཆ་བྱད་ཀྱི་རྣམ་པ་ལ་ཟུག་རྔུ་བརྟག་པའི་དཔྱདདང་ །སྐམ་པ་དང་གཙགས་བུ་དང་ཐུར་མ་དང་ཕྲན་བུདང་ལྔའོ།

དེ་ལ་དང་པོ་ཟུག་རྔུ་བརྟག་པའི་དཔྱད། །རྩེ་ཞབས་གཉིས་སྦོམ་ཕྲ་མེད་པའི་ཟླུམ་པོ་སྲིད་སོར་དྲུག །ཁབ་མགོ་ཞེས་བྱ་བས་མགོ་བོའི་རུས་པ་ཆག་གམ་མ་ཆག་བརྟག

ཐུར་མའི་མགོ་ཟླུམ་པོ་ཅན་དང་བྲ་བོ་ལྟར་ཟུར་གསུམ་ཅན་དང་རྩེ་ཀྱོག་དང་དེས་ཀྱང་མ་རྟོགས་ན་རྩེ་གུག་པདང་ །སྦྲུལ་མིག་ཟླུམ་ལ་མིག་གཉིས་ཅན་དང་ཟངས་དུང་ཁ་འདྲ་སོར་བཅུ་གཉིསརྨ་དང་མདེའུ་འཛོལ་ན་ཟངས་དུང་ཁ་འདྲ་བས་བརྟག དཔྱད་དེ་དག་ཕྲ་ལ་འཇམ་པས་ཡན་ལག་ཟུག་རྔུ་རྣམས་བརྟག་པར་བྱའོ།

ཐུར་མ་སོར་བརྒྱད་ལ་དབལ་དང་ལྡན་པས་རྩེ་མོ་བུག་པ་སྐར་ཁུང་ཅནདེ་ཡིས །སྐྲངས་པ་རྣག་ཏུ་སྨིན་ནམ་མ་སྨིན་བརྟག སྐྲངས་སྟེང་དུའང་རྣག་གི་གང་འདུག་ན་སྨིན་པའི་རྟགས་དང་། ཁྲག་འདུག་ན་མ་སྨིན་པའི་རྟགས་དང་དེའི་སྟེང་དུ་མེ་བཙའ་བཏབ་པས་མྱུར་དུ་སྨིན་འོང་།

ཐུར་མ་སྦུབས་ཅན་བའི་ནུ་མ་འདྲ་བ་སོར་གསུམ་པ། །སྦོམ་ཚད་སོར་མོ་ཕོ་ལ་ལྔ་སྟེ་མོ་ལ་དྲུག དེའངནད་ལ་བལྟ་བ་ལ་བུ་ག་གཉིས་པར་བྱ། །ལས་དངོས་ལ་བུ་ག་གཅིག་པ་གློ་ལ་དཀར་ཁུང་ཅན། །དེ་འདྲ་གཞང་འབྲུམ་ནད་ལ་བུ་ག་གཉིས་པས་བལྟ་བ་དང་བུ་ག་གཅིག་པ་དང་གློ་དཀར་ཅན་གྱིས་གཅོད་ལ་སྦྱར། །བལྟ་བ་དང་གཅོད་པ་གཉིས་ཀར་ནད་པའི་འཕོང་དུ་ཉི་མ་ཕོག་པར་བྱས། ཁ་སྦུབ་ཏུ་འབྲུམ་པ་ཚུད་པར་བྱས་ལ་སྙུང་བུས་བཞར།

ཟུག་རྔུ་འབྱིན་པ་སྐམ་པའི་སྡེ་ཚན་ནི། །སེང་གེའི་ཁ་ལྟར་ཡོད་པ་དང་ཀང་ཀ་དང་བྱ་རོག་གི་མཆུལྟར་རྣོ་བ་བཅས །སྲིད་སོར་བཅོ་བརྒྱད་པ་ལ་བསྣོལ་བའི་འབྲེལ་མཚམསསུ་གཟེར་བཏབ་པ། །རྩ་བ་ལྕགས་ཀྱུའི་དབྱིབས་ལྡན་པར་ཨ་ལོང་བཏགསཔ་ནི །རུས་པ་་ཟུག་པའི་ཟུག་རྔུའི་མདེའུ་འབྱིན་ལ་སྦྱར།

སྐམ་པའི་དབྱིབས་དེ་འདྲ་སོར་བརྒྱད་ལ་རྩེ་མོ་བྱིའུ་མཐིང་རིལ་གྱི་མཆུ་འདྲ་བ། རྩེ་མོ་ཤིན་ཏུ་ཕྲ་བས་ཤ་དང་རྒྱུས་པའི་ཟུག་རྔུ་དབྱུང༌བར་བྱ

སྐམ་པ་སྦུབས་དང་ལྡན་པར་སྲིད་སོར་བཅུ་གཉིས་ཡོད་པ་དྲང་ཞིང་གསང་ལ་མཁྲང༌ དེའི་ནང་ནས་སྡོམ་པ་འདམ་བུའི་མཆུ་ཞེས་བྱབ་སྟེ །རྨ་གཏིང་དུ་ལུས་པའི་ཟུག་རྔུ་མདེའུ་དབྱུང་ལ་སྦྱར། ཐུར་མའི་སོ་ཕྲ་བ་ལ་རྩ་བ་གདུ་བུས་བསྡམས་པ་ནི། །ཙུ་མོ་ཏི་ཞེས་བྱ་བ་སྟེ་རྩ་རོ་རྒྱུས་པ་དབྱུང༌བ་ལ་བྱ

ཤ་འདྲལ་བ་དང་ཁྲག་དབྱུང་བའི་ཕྱིར་གཙགས་བུའི་སྡེ་བསྟན་པ། རྩེ་མོ་བྱེའུ་སྦུ་གུའི་སྒྲོ་དང་འདྲ་བའི་ཟླུམ་པོ་སོར་དྲུག་པཅན །ཤ་གསེབ་ཀྱི་ཁྲག་རྩ་རྐྱང་པ་དག་ལ་འདེབས་ལ་སྦྱར། གྲིའི་སྒལ་འདྲ་བ་རྒྱབ་མདུན་གཉིས་པོ་སོ་ལྟག་ཉལ་རྩེ་རྣོ་བས་སྣོད་ཀ་དང་རྩེ་ཆུང་ལ་གཏར་བར་བསྔགས །སྟ་རེ་ཁ་དང་འདྲ་བ་ནི་རུས་སྟེང་གི་རྩ་ལ་གཏརབར་བྱ །ཆུ་གྲི་འདྲ་བས་སྐྲངས་ལ་ཕན་པའི་ཞལ་ཞལ་བྱ། བལ་མགར་བའི་ཟངས་གྲིའི་དབྱིབས་ཅན་ཏེ་མན་ངག་རྒྱུད་དུའང་། གནད་ལ་ཟེམ་ལ་ཇུ་ཙེས་ཞལ་ཞལ་བྱ་ཞེས་གསུངས་སོ། སོར་བརྒྱད་པ་ཟོར་བའི་དབྱིབས་ཀྱིས་ལྕེ་སྐྲངས་གཤག །གཙགས་འདྲ་གྲིའི་དབལ་འདྲ་བ་བྲང་བ་ཅན་གྱིས་མགོ་རྨ་འདྲ།

དབུག་པའི་ཐུར་དཔྱད་སྲིད་སོར་དྲུག་པ་ལ། །མགོ་འོག་ལུས་ཤོང་ཐུར་ཞབས་ཟླུམ་ཞིང་ལྡིག་པར་བྱ། དེའང་སྦུབས་ཡོད་པ་ཐུར་མ་ནི་རྩེ་མོ་སྦལ་མགོ་ལྟ་བུ་གློ་དཀར་བུག་ཕ་ཡོད་པ་ཡིས། བྱང་ཁོག་ནག་གི་རླངས་འཁྱིམས་གསེང་དང་སྙིང་ཆུ་མཆིན་ཆུ་གཙག །སྦུབས་ཡོད་པའི་ཐུར་རྩེ་སྨྱུ་གུ་ཁ་ལྟར་གསེགས་ཅན་གྱིས་དམུ་ཆུ་གཙག །བྱིད་པོའི་བྱིའུ་ཆེའི་མཆུ་འདྲས་བྱང་ཁོག་རྣག་གསང་དབྱེ།

སྦུགས་མེད་པ་ནས་དང་འདྲའི་ཐུར་མ་ནི་སྒལ་ཚིགས་སྐྲན་ལ་སྦྱར། །གློ་སྙིང་རྒྱུ་ལོང་མཁལ་མར་རྣག་སོགས་དབྱུང་བར་ཐུར་མ་སྦལ་མགོ་འདྲ་བ་སྣུམ་ལ་ཅུང་རྣོ་བ་བསྔགས། །ཟངས་ཐུར་རྩེ་མོ་བྲ་བོ་འདྲ་བས་མིག་སྤྲིན་དབུགཅིང་བར་འགྲིབ་ལ་སྦྱར། ཐུར་མ་མཐོ་གང་རྩེ་མོ་འབྲི་ལྕེ་ཁ་ཐུར་ཞབས་དྲང་བ་ཡིས་སྐྲན་དང་ཆུ་སེར་ཅུར་འབྱིན་བྱ། ཐུར་མའི་མདུང་རྩེའི་སོ་འདྲ་བ་ཡིས་ཡན་ལག་རྣག་ཆུ་གང་ཡོད་སར་དབུག

གཞན་ཡང་ཆ་བྱད་ཕྲན་བུའི་སྡེ་ཚན་བསྟན་་ནི ཀྱོང་བུ་ནི་སྟེ་བུའི་ཁ་ལྟ་བུ་སོ་གཉིས་པ་དང་བེ་ལེ་ཁ་ལེབ་མོ་རྩེ་གུག་པ །རྐོ་མའི་མཆུ་འདྲ་སོར་དྲུག་ཡོད་པའི་ཡུ་བ་ཅན། །ལྕགས་བཟང་ངར་ལྡན་མགོ་ཡི་རུས་པ་འབྲད། །སོག་ལེ་ཞེང་དུ་སོར་གཉིས་ཡོད་པ་སོ་ཞིབ་པ། །སྲིད་སོར་བཅུ་པས་རུས་པ་ལྷག་པ་རྣམས་འབྲེགཔ་དང་། །ཆན་པ་ཕྱམ་རྩེའི་དབྱིབས་ལྡན་རྣོ་བས་རྨ་ཡི་རྩ་རྒྱུས་བཅད། འདེལ་སྒོ་སྦུབས་ཅན་སོར་ལྔ་པ་གསོར་རྩེ་སོག་ལེའི་ཁ་འདྲ་བ། སྐྱེད་པར་འཁོར་ལོ་ལྡན་པས་རུས་པ་ལ་ཁུང་བུ་འབུགས་པའི་གསོར། ཡུང་བ་སོར་བཅུ་བེ་ལེ་ཁ་ལེབ་མོ་སོ་ཡོད་པ་འདྲ་བར་རྩེ་གུག་པ། །རྣ་བ་དང་སྣ་དང་གྲེ་བའི་འབྲུམ་པ་བཅད། །མངལ་ཐུར་མཐོ་གང་རྩེ་མོ་གུག་པ་ལྕགས་ཀྱུ་ལྟ་བུས་བུ་ཤི་དབྱུང༌། ཇི་སྐད་དུ། ཐུར་མ་རྩེ་མོ་གུག་པ་ནི། མངལ་གྱི་ཐུར་མ་ཞེས་བྱ་སྟེ། །ཞེས་གསུངས་སོ། །ཆ་བྱད་སྦྲུལ་མགོལྟ་བུས་རྡེའུ་དབྱུང་བར་བྱ། ཐུར་མ་གྲོ་སོག་སྦུབས་ཅན་འབྲིང་ཚད་ཙམ་མཁྲང་ལ་དྲང་བས་གསང་ལ་འཇམ་ར་མགོ་འཇུག་མེད་པ་ལ། །སོར་བཅུ་གཉིས་པའི་ཚད་ཀྱི་འཕྲུལ་ཐུར་གྱིས་ཆུ་འགགས་གཙག ཐུར་མ་རྩེ་ཀྱོག་སྲིད་སོར་བཅུ་པས་སོ་སྲིན་བསྲེག སྦུབས་ཐུར་སོར་བཅུ་རྩ་བའི་བུ་ག་སྦོམ་ལ་སོར་མོ་བསྐོར་བ་ལྔ། །རྩེ་མོ་ཁ་དབྲག་གིས་ཁ་སྣར་དུ་བ་རྔུབ། ཐུར་མ་སྦུབས་ཅན་ཞེང་དུ་སོར་བཅུ་ཐེམ་བུ་ལྟ་བུའི་ཁཡོད་པས །གྲེ་བར་སྨན་གདབ་པ་དང་ལྕེ་ཆུང་བསྲེག་པ་གཉིས་ལ་སྦྱར། །ཐུར་མ་རྩ་བའི་སྦུབས་ལ་མཐེ་བོང་ཤོང་བ་ལ། །རྩེ་བུག་སྲན་མ་ཤོང་ཙམ་སོར་བརྒྱད་པ། །རྐེད་པ་དང་རྩ་བར་སྦོམ་ལ་འཁོར་ལོ་དཀྲིས་པ་ནི། །གཅེ་འུ་ཞེས་བྱས་འཇམ་རྩི་ནི་རུ་བཏང༌། གཅེའུ་དེ་འདྲ་ཕྲ་མོ་རྨ་བཀྲུ་བ་ལ་སྦྱར། འཇིབས་རྒྱུ་རྔབས་རྭ་དཔངས་སུ་སོར་ལྔ་དང་ཁ་རྒྱ་ལ་སོར་གསུམཤོང་ཙམ །རྩེ་མོ་བུག་པ་ཡུངས་ཀར་ཤོང་བས་ཆུ་སེར་དྲང༌། མི་ཡི་བུམ་པ་ལྟོ་བའི་འཁྱུད་འཁོར་སོར་ནི་བཅོ་བརྒྱད་ལ། དཔངས་སུ་སྲིད་སོར་བཅུ་གཉིས་ཁ་ཟླུམ་རྒྱར་སོར་མོ་བཞི་ཤོང་པ། དེ་ཡིས་ཕྱི་སྐྲན་འཇུ་ཞིང་འདྲེན་པ་ལ་སྦྱར་བར་བྱ་བ་དང་རླུང་སྟོད་འཚངས་དང་རླུང་གཟེར་ལའང་ཕན་པའོ། །མེ་ལོང་པགས་པའི་སྤུ་གྲི་ཟླ་ཚེས་དབྱིབས་ལྟ་བུ་ཡིས། མགོ་བོའི་སྐྲ་བཞར་བ་དང་ཡོག་ཐོད་ཀྱི་མགོ་ལྟ་བུ། །སྲིད་དུ་སོར་བཅུ་ཡོད་པ་ཏེལ་པ་ཞེས་བྱ་བ་སྟེ། །འབྲས་དང་ལྷོག་པ་སོགས་སྐྲངས་པ་བསྲེག་པར་བྱ། རྣོ་བའི་དབལ་དང་ལྡན་པ་ཕྲ་ལ་འཇམ་ཞིང་རྩེ་མོ་གུག་པོ་ནི་ཤ་ཡི་ཁབཅེས་བྱ །ཤ་དང་པགས་པ་རལ་བ་བཙེམ་ལ་སྦྱར། །དེ་ལྟར་ཆ་བྱད་གཞན་ཡང་ནད་གང་དང་བལྟས་ལ་གང་མཁོ་སྤྱདདེ་སྦྱར་རོ །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཉེན་པོ་ཆ་བྱད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། དེ་ལྟར་ལེའུ་གཅིག་ནི་ཆ་བྱད་དཔྱད་ཀྱི་གནས་ཏེ་བདུན་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།