སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༡། སྨན་གྱི་སྡེ་ཚན་དང་སྦྱར་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་གཅིག་པ། སྨན་གྱི་སྡེ་ཚན་དང་སྦྱར་ཐབས་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྦྱར་ཐབས་སྡེ་ཚན་དུ་སྦྱོར་བ་དང་རོ་སྦྱོར་བ་དང་ནུས་པར་སྦྱརབ་གསུམ་ལས དང་པོ་ནད་གང་སེལ་བ་སྨན་གྱི་སྡེ་ཚན་དུ་སྦྱོར་བ་བསྟན་པནི་འདི་ལྟ་སྟེ

ག་བུར་ཙན་དན་དཀར་པོ་གི་ཝཾ་དང༌། །ཅུ་གང་གུར་ཀུམ་ཨུཏྤལ་སྔོན་པོ་རྣམས། ཚ་བ་ཐུན་མོང་སྤྱིར་འཇོམས་སྨན་སྡེ་ཡིན།

ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བོང་ང་དཀར་པོ་རྩ་མཁྲིས་གཡའ་ཀྱི་མ། ཀྱི་ལྕེ་སྐྱེར་པ་མཁྲིས་པ་སེལ་བའི་སྡེ།

ཙན་དན་དམར་པོ་མཛོ་མོ་སེང་ལྡེང་དང༌། །ཧོང་ལེན་བ་ཤ་ཀ་དང་སྐྱུ་རུ་ར། །རེ་སོན་སྤང་རྩི་དོ་བོ་བཙོད་དང་ཚོས། །ཁྲག་ནད་སེལ་བར་བྱེད་པའི་སྨན་སྡེ་ཡིན།

གི་ཝཾ་གསེར་གྱི་མེ་ཏོག་བོང་ང་དཀར། ག་དུར་བྱི་ཚེར་དེ་བ་པར་པ་ཏ། །ཁྲག་རྐང་རིམས་ནད་སེལ་བའི་སྨན་སྡེ་ཡིན།

གླ་རྩི་བོང་ང་དཀར་སེར་དམར་པོ་གསུམ། །ཁྱུང་སྡེར་དཀར་སྨུག་དཔའ་བོ་དཀར་སེར་རྩད། །རྣམ་པར་རྒུ་ཐུབ་སྟག་ཤ་ཧ་བོ་དང༌། །ཡུང་བ་གང་ག་ཆུང་དང་རེ་རལ་དང༌། །འོམ་བུ་སྤང་རྒྱན་སྤང་རྩི་དོ་བོ་དང༌། །སེ་རྒོད་སྐྱེར་པའི་བར་ཤུན་དུག་སྨན་སྡེ།

ཅུ་གང་ཤིང་མངར་རྒུན་འབྲུམ་སྟར་བུ་དང༌། །རུ་རྟ་ག་དུར་ཨ་ཀྲོང་སྲོ་ལོ་དཀར། །སུག་འདྲ་ལ་སོགས་གློ་སྨན་སྡེ་ཚན་ཡིན།

སླེ་ཏྲེས་ཀཎྜ་ཀ་རི་ཨ་ག་རུ། །གོ་སྙོད་རུ་རྟ་གུ་གུལ་སྒོག་སྐྱ་རྣམས། །རླུང་དང་ཚད་པར་ལྡན་པའི་སྨན་སྡེ་ཡིན།

བསེ་ཡབ་མ་ནུ་འུ་སུ་སྟར་བུ་དང༌། །ཨུཏྤལ་སེ་འབྲུ་སྒ་སྐྱ་སྐྱུ་རུ་ར། །བད་ཀན་ཚ་བ་སེལ་བའི་སྨན་སྡེ་ཡིན།

སྨན་སྒ་སྒ་སྐྱ་ཤིང་ཀུན་ཁ་རུ་ཚྭ། །བཙོང་སྒོག་བད་རླུང་སེལ་བའི་སྨན་སྡེ་ཡིན།

སེ་འབྲུ་ཕོ་བ་རིས་དང་པི་པི་ལིང༌། །སྨན་སྒ་ཙི་ཏྲ་ཀ་དང་ཀ་ཀོ་ལ། སུག་སྨེལ་ཤིང་ཚ་འཇམ་འབྲས་བྱི་ཏང་ག །ད་ལིས་ཟི་ར་ནག་པོ་ལ་ལ་ཕུད། །དབྱི་མོང་སྲུབ་ཀ་ལྕེ་ཚ་ཙབས་རུ་ཚྭ། །རྒྱ་ཚྭ་རྒྱམ་ཚྭ་རྭ་ཚྭ་ཐལ་ཚྭ་རྣམས། །བད་ཀན་གྲང་བ་སེལ་བའི་སྨན་སྡེ་ཡིན།

ཛཱ་ཏི་བུ་རམ་རུས་སྣ་རླུང་སྨན་ཡིན། །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །སེང་ལྡེང་སྐྱེར་པ་ཆུ་སེར་སྨན་གྱི་སྡེ།

གླ་རྩི་ཤིང་ཀུན་སྒོག་སྐྱ་མ་རུ་ཙེ། །ཐང་ཕྲོམ་ལང་ཏང་ཙེ་དང་བྱི་ཏང་ག །དྲེས་འབྲུ་འབུ་སྐྱོགས་ཕུར་ཐལ་སྲིན་ཤིང་འབྲུ། །དྭ་བ་གཡེར་མ་སྤྲུ་མ་སྲིན་སྨན་སྡེ། །ཀ་པེད་བིལ་བ་ད་ཏྲིག་མོན་ཆ་ར། །སྨག་དང་ཐ་རམས་ན་རམས་རྒྱ་སྐྱེགས་ཤིང༌། གཙོད་ཁྲག་བྱ་རྐང་འཁྲུ་གཅོད་སྨན་སྡེ་ཡིན།

རྒྱ་ཚྭ་རྒྱམ་ཚྭ་གསེར་གྱི་བྱེ་མ་དང༌། །སྡིག་སྲིན་སུག་སྨེལ་ཉི་དགའ་ཆུ་སྨན་སྡེ། །སོན་ཆ་རི་ཤོ་སྤྱང་ཚེར་ཤུ་དག་དང༌། །གསེར་ཕུད་འབྲི་ཏ་ས་འཛིན་སྐྱི་འབྲུ་དང༌། །གཡའ་ཀྱི་ཡུངས་ཀར་ལ་སོགས་སྐྱུགས་སྨན་སྡེ།

ཨ་རུ་དནྡ་དོང་ག་ཤྲཱི་ཁཎ། །དུར་བྱིད་ཐར་ནུ་ལྕུམ་རྩ་སྔོན་བུ་དང༌། །ཁྲོན་བུ་ཙི་སྟག་རེ་ལྕག་ཆུ་རྩ་རྣམས། འཁྲུ་བར་བྱེད་པའི་སྨན་གྱི་སྡེ་ཚན་ཡིན།

སྦྱར་ཐབས་རོ་སྦྱོར་དང་ནུས་པར་སྦྱོར་བ་གཉིསལས དང་པོ་རོ་བསྡེབས་སྦྱོར་བ་ལྔ་བཅུ་རྩ་བདུན་ནི་འདི་ལྟར་ཏེ། རོ་གཉིས་གཉིས་པར་སྦྱར་བ་ལ་མངར་བ་ལྔ་དང་སྐྱུར་བ་བཞི། །མངར་སྦྱོར་ལྔ་ནི། མངར་སྐྱུར་སྦྱར་བས་རླུང་མཁྲིས་སེལ། མངར་དང་ལན་ཚྭ་སྦྱར་བས་འདུས་པ་སེལ། མངར་དང་ཁ་བ་སྦྱར་བས་རླུང་མཁྲིས་སེལ། མངར་དང་ཚ་བ་སྦྱར་བས་འདུས་པ་སེལ། མངར་དང་བསྐ་བ་སྦྱར་བས་འདུས་པ་སེལ།

སྐྱུར་སྦྱོར་བཞི་ནི། སྐྱུར་དང་ལན་ཚྭ་ཀ་ཚ་དང་། སྐྱུར་དང་ལན་ཚྭ་བསྐ། སྐྱུར་དང་ལན་ཚྭ་ཚ་བ་བསྐ། སྐྱུར་དང་ཁ་ཚ་བསྐ་བ་རྣམས་ཀྱིས་འདུས་པ་སེལ།  །ལན་ཚྭའི་སྦྱོར་བ་གསུམ་ལ་ཁ་བའི་སྦྱོར་བ་གཉིས་ཚ་བའི་སྦྱོར་བ་གཅིགལས། ལན་ཚྭ་སྦྱོར་བ་གསུམ་ནི། ལན་ཚྭ་ཁ་བ་སྦྱར་བ་དང་། ལན་ཚྭ་ཚ་བ་སྦྱར་བ་དང་། ལན་ཚྭ་བསྐ་བ་སྦྱར་བ། ཁ་སྦྱར་གཉིས་ནི། ཁ་བ་དང་ཚ་བ་སྦྱར་བས་འདུས་པ་སེལ། ཁ་བ་དང་བསྐ་བ་སྦྱར་བས་བད་མཁྲིས་སེལ། ཚ་སྦྱོར་གཅིག་ནི། ཚ་བ་དང་བསྐ་བ་སྦྱར་བས་འདུས་པ་སེལ་ལོ། །གསུམ་དུ་སྦྱར་ལ་མངར་སྦྱོར་བཅུ་དང་སྐྱུར་བའི་སྦྱོར་བ་དྲུགལས། མངར་སྦྱོར་བཅུ་ནི། མངར་སྐྱུར་ལན་ཚས་འདུས་པ་སེལ། མངར་སྐྱུར་ཁ་བས་འདུས་པ་སེལ། མངར་སྐྱུར་ཚ་བས་འདུས་པ་སེལ། མངར་སྐྱུར་བསྐ་བས་འདུས་པ་སེལ། མངར་ཚ་ལན་ཚྭས་འདུས་པ་སེལ། མངར་བསྐ་ལན་ཚྭས་འདུས་པ་སེལ། །མངར་ཚ་ལན་ཚས་འདུས་པ་སེལ། མངར་བསྐ་ལན་ཚྭས་འདུས་པ་སེལ། མངར་ཚ་བསྐ་བས་འདུས་པ་སེལ། མངར་ཁ་བསྐ་བས་འདུས་པ་སེལ།

སྐྱུར་སྦྱོར་དྲུག་ནི། སྐྱུར་དང་ལན་ཚྭ་ཁ་བ་སྦྱར་བས་འདུས་པ་སེལ། སྐྱུར་ཚ་ལན་ཚས་བད་རླུང་སེལ། སྐྱུར་བསྐ་ལན་ཚས་འདུས་ནད་སེལ། སྐྱུར་ཁ་བསྐ་བས་འདུས་པ་སེལ། སྐྱུར་ཚ་བསྐ་བས་འདུས་པ་སེལ།  །ལན་ཚྭའི་སྦྱོར་བ་གསུམ་ལ་ཁ་བའི་སྦྱོར་བ་གཅིག་པུ་ཉིདལས།ལན་ཚྭ་སྦྱར་བ་གསུམ་ནི། ལན་ཚྭ་ཁ་ཚ་བས་འདུས་པ་སེལ། །ལན་ཚྭ་ཁ་བསྐ་བས་འདུས་པ་སེལ། ལན་ཚྭ་ཚ་བསྐ་སྦྱར་བས་འདུས་པ་སེལ། ཁ་སྦྱར་གཅིག་པུ་ནི། ཁ་བ་དང་ཚ་བ་དང་བསྐ་བ་སྦྱར་བས་འདུས་པ་སེལ། །བཞི་སྦྱར་མངར་བ་བཅུ་དང་སྐྱུར་བ་བཞི་ལན་ཚྭ་བ་གཅིགལས། མངར་བ་བཅུ་ནི། མངར་སྐྱུར་ལན་ཚྭ་ཁ། མངར་སྐྱུར་ལན་ཚྭ་ཚ། མངར་སྐྱུར་ལན་ཚྭ་བསྐ། མངར་སྐྱུར་ཁ་ཚ། མངར་སྐྱུར་ཚ་བསྐ། མངར་སྐྱུར་ཁ་བསྐ། མངར་ལན་ཚྭ་ཁ་ཚ། མངར་ལན་ཚྭ་ཁ་བསྐ། མངར་ལན་ཚ་ཚ་བསྐ། མངར་ཁ་ཚ་བསྐ་བཅས་སོ། སྐྱུར་བ་བཞི་ནི། སྐྱུར་དང་ལན་ཚྭ་ཁ་ཚས་བད་རླུང་སེལ། སྐྱུར་ཁ་ཚ་བསྐས་བད་མཁྲིས་སེལ་ལོ། ལན་ཚྭ་གཅིག་ནི། ལན་ཚྭ་དང་ཁ་བ་ཚ་བ་བསྐ་བས་འདུས་པ་སེལ་ལོ། །ལྔ་སྦྱོར་མངར་བ་ལྔ་ལ་སྐྱུར་བ་གཅིགལས། ལྔ་སྦྱོར་ལྔ་ནི། མངར་སྐྱུར་ལན་ཚྭ་ཁ་ཚ་དང་། མངར་ལན་ཚྭ་ཁ་ཚ་བསྐ་བཅས་ལྔས་འདུས་ནད་སེལ་ལོ། སྐྱུར་སྦྱོར་གཅིག་ནི། སྐྱུར་བ་དང་ལན་ཚྭ་ཁ་བ་ཚ་བ་བསྐ་བས་འདུས་པ་སེལ་ལོ།

དེ་ལྟར་བཤད་པའི་རོ་སྦྱོར། རོ་བཞི་སྦྱོར་པ་དང་རོ་གཉིསསྦྱོར་པ་ལ་སོ་སོར་བཅོ་ལྔ་རེ་ཡོད་པ་དང་རོ་ལྔ་སྦྱོར་བ་བྱས་པ་དྲུགདང་། རོ་གསུམ་དུ་སྦྱོར་པ་ཉི་ཤུ་བཅས་རོ་ལྔ་བཅུ་རྩ་དྲུག་དང་དེའི་སྟེང་རོ་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ་དྲུག་ཏུ་སྦྱར་བ་གཅིགབསྣན་པས་རོ་སྦྱོར་ལྔ་བཅུ་རྩ་བདུན་ནོ། སླར་དེའི་སྟེང་རོ་རྐྱང་པ་དྲུག་བསྣན་པ་སྟེ་བསྡོམས་པས་དྲུག་ཅུ་རྩ་གསུམ་མོ། དེ་དག་འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་གང་ལ་གང་འཚམས་གྱིས་སྦྱོརབར་བྱའོ

ནུས་པར་སྦྱར་བ་ལ་ཞི་བྱེད་དང་སྦྱང་བ་གཉིསལས དང་པོ་ཞི་བྱེད་སྨན་སྦྱོར་སྡེ་ཚན་ལྔ་འམ་བདུནདུ་འདུས་ཏེ དེ་ཐང་དང་ཕྱེ་མ་རིལ་བུ་ལྡེ་གུ་སྨན་མར་ལྔའི་སྟེང་ །སྨན་ཆང་དང་འབྲི་ཏ་ཁཎྜགཉིས་བསྣན་པ་ཏེ་བདུན་དུ་བཤད།

གཉིས་པ་སྦྱོང་བྱེད་ནི་རླུང་ལ་འཇམ་རྩི་དང་མཁྲིས་པར་བཤལ་བད་ཀན་ལ་སྐྱུགས་འདུས་པ་ལ་ནི་རུ་ཧ། མགོ་དང་ནམ་ཚོང་ལ་སྣ་སྦྱོངས་ཏེ་དེ་རྣམས་ཉེས་གསུམ་དང་འདུས་པ་དང་མགོ་ནད་རྣམས་འབྱིན་པར་བྱེད་དོ

སྤྱིར་ཀུན་རྟགས་དང་གཞན་དབང་ལྟར་སྣང་ཡོངས་གྲུབ་དང་། བྱེ་བྲག་ཉེས་པ་གཙོ་བོ་རིགས་གནས་ཀྱིས་བསྡུད་པའི་བཞི་བརྒྱ་རྩ་བཞི་ནད་ཀྱི་གཉེན་པོར་འཚམ་པར་སྦྱོརརོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨན་གྱི་སྡེ་ཚན་དང་སྦྱར་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། དེ་ལྟར་ལེའུ་གསུམ་ནི་སྦྱོར་བ་སྨན་གྱི་གནས་ཏེ་དྲུག་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།