སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༧། ཟས་མི་འཕྲོད་པ་སྡོམ་པར་བྱེད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཅུ་བདུན་པ། ཟས་མི་འཕྲོད་པ་སྡོམ་པར་བྱེད་པ།

 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཟས་སྐོམ་བསྡམ་བྱ་དུག་ལྡན་མི་འཕྲོད་ཟས། །འཕྲལ་དུ་སྲོག་འདོར་ཉེས་པ་འཁྲུག་ཕྱིར་བསྲུང༌། །རྒྱལ་པོའི་ཕོ་བྲང་གི་ཉེ་འཁོར་དུ་སྲོག་འཚོའི་སློབ་དཔོན་ཏེ་སྨན་པ་ཤིན་ཏུ་མཁས་པ་བཞགཔར་བྱའོ། །དེས་ནི་ཟས་སྐོམ་དུག་ལས་ཐར་བར་འགྱུར། དེ་ལྟར་ཡང་སློབ་དཔོན་གྱིས། རྒྱལ་བོའི་ཕོ་བྲང་གི་ཉེ་འཁོར་དུ། སྲོག་འཚོའི་བློ་དཔོན་བཞག་པར་བྱ། །དེ་ལྟར་བྱས་པ་ཐམས་ཅད་དུ། ཐམས་ཅད་ལས་ནི་བསྲུང་བར་འགྱུར་ཞེས་སོ།

དུག་ལྡན་ཟས་དེ་ཁ་དོག་དྲི་རོརང་མདངས་གཞན་དུ་ལྡོགཔ་དང་། །མེར་བསྲེག་ཚེ་དུ་བ་རྨ་བྱའི་མགྲིན་པ་འདྲ་བ་འབྱུང༌། དེའི་མེ་ལྕེ་ཡང་གཅིག་ཏུ་འཁྱིལ་ཞིང་མེ་སྟག་ཕྲོམ་ཕྲོམ་རྒལ །མཐོང་ན་བྱ་རོག་གིས་སྐད་དང་ཅོ་འདོན་པ་དང་རྨ་བྱ་དགའབའི་རྣམ་འགྱུར་བྱེད་པ །ཁྱི་ལ་བྱིན་ན་ལྟོ་བ་དྲོས་ནས་སྐྱུགཔ་དང་ཚབས་ཆེ་ན་འཆིའོ། །ཤ་ལ་དུག་ཡོད་ན་རྟག་ཁ་དོག་དམར་ལ་ལྕགས་སྲེག་ཁའང་མི་ལེནཔ་དང་ཤ་བཤགས་པས་རི་བོང་གསོན་པོའི་སྨ་ར་བཅུག་པས་དེ་འཁུམས་ཤིང་འཁྱོགས་པ་དང་། སྦོས་ཤིང་ཆང་དང་སྦྱར་བ་དེ་མིག་ལ་བདུགས་ན་ཚ་ཞིང་འཁྲུག་པར་འགྱུར་རོ།

དུག་སྟེར་མཁན་གྱི་ཆག་ཚང་པའི་མི་དེ་ཁ་སྐམ་ཞིང༌། གདོང་པ་རྔུལ་ཞིང་ལུས་འདར་ལ་སྐྲག་ཅིང་འདུག་མི་ཚུགསཔ་དང་ དུག་ཡོད་པའི་གནོང་བག་གིས་ནི་ཕྱོགས་སུ་བལྟ་བར་བྱེད། །ཤེས་ནས་ཀུན་ལ་གནོད་པར་འགྱུར་ཕྱིར་དོར།

ཁ་ཟས་མི་འཕྲོད་ཟོས་པས་སྦྱར་དུག་མཚུངས། ཞོ་མ་ལངས་དང་ཆང་གསར་མི་འཕྲོད་དེ། །ཉ་ཡི་ཤ་དང་འོ་མ་འཕྲོད་པ་མིན། །དེ་བཞིན་འོ་མ་ཤིང་ཐོག་གཉིས་མི་འཕྲོད། །བྱ་ཡི་སྒོ་ང་ཉ་ཡི་ཤ་མི་འཕྲོད། །སྲན་མའི་ཚོད་མ་བུ་རམ་ཞོ་མི་འཕྲོད། །ཤ་མོ་ཡུངས་ཀར་མར་ལ་བརྔོས་པ་དང༌། །ཁྱིམ་བྱའི་ཤ་དང་ཞོ་བསྲེས་ཟ་བ་དང༌། སྦྲང་རྩི་མར་ནག་ཆ་མཉམ་འཕྲོད་མི་འགྱུར། །མར་གསར་འཁར་བའི་སྣོད་དུ་ཞག་བཅུ་ལས། སྐྱེར་པའི་མེ་ལ་ཧ་རི་ཏྲ་ཤ་བསྲེགས། །ཧ་རི་ཏྲ་ཤ་ཞེས་པ་བྱ་ལྗང་ཁུ་སྟེ། ཆ་མཐུན་ཙམ་ནེ་ཙོ་ཡིན་ནོ་ཞེས་སྐྱོགས་ལོས་གསུངས་ཤིང་སྲེག་པ་དང་རི་བོང་ལ་བྱེད་པའང་སྣང་ངོ་། །ཅོང་ཞི་ཟོས་རྗེས་ཤ་མོ་དང་ཁུར་བ་ལྷན་ཅིག་ཟ། །ཞུན་མར་ཟོས་རྗེས་ཆུ་གྲང་འཐུང་བ་དང༌། །ཤ་ལ་དཀར་འོ་མ་སྐྱུར་ཆང་རྩམ་པའི་དྲིས་ཕོག་པ་དང༌། །བཙོས་པའི་རླངས་བསུབས་ཞག་བདུན་ལོན་པ་དང༌། །སྐྱུར་དང་འོ་མ་ལྷན་ཅིག་ཟ་བ་དང༌། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡིས། །ཁ་ཟས་མི་འཕྲོད་ཟོས་པས་འཐབ་པ་དང༌། སྔར་མ་གོམས་པའི་ཟས་དུས་མིན་ཟོས་པས་དུག་ཏུ་འགྱུར།

རྩོལ་བཅས་སྣུམ་བསྟེན་དྲོད་ཆེ་དར་ལ་བབ། །སྟོབས་ལྡན་གོམས་པར་ཟོས་ལ་གནོད་མི་འགྱུར།

ཟས་མི་འཕྲོད་པ་དང་འཕྲོད་པའི་ཟས་བསྟེན་ནམ་མི་འཕྲོད་པ་སྤང་བར་བྱེད་པ་ན། སྐད་ཅིག་མིན་པར་རིམ་གྱིས་འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ། །འདིར་འགྲེལ་པ་འབུམ་ནག་ཏུ་གྲངས་གོམས་ཞེས་པ་ལུང་དྲངས་ནས་གྲངས་ཀྱི་སྐབས་ཞག་སྟེ། ཤམ་གྱིས་ཁ་ཟས་འཕྲོད་མི་འཕྲོད་བསྟེན་ལུགས་དང་གོམས་ཞེས་པར་ཡང་ཟས་འཕྲོད་ཐོག་མཐའ་བར་གསུམ་དུ་ཆ་ཆེ་ཆུང་གི་བསྟེན་ལུགས་བཤད་ཀྱང་ཐ་སྙད་ཙམ་མ་གཏོགས་དོན་ལ་མི་འཕྲོད་པ་རིམ་གྱིས་གོམས་སུ་བཅུག་པ་ལས་གཞན་པའི་གྲངས་གོམས་མི་དགོས་སོ། །འཕྲོད་པའི་ཟས་ཆ་བཞི་དང་མི་འཕྲོད་པ་ཆ་རེ་རིམ་བཞིན་མི་འཕྲོད་པའི་ཟས་ཆ་བསྐྱེད་དེ་མཐར་ཆ་མཉམ་ཟ་བ་སོགས་གོམས་པར་འགྱུར་བའོ། །རིམ་པར་མིན་པ་འཕྲལ་དུ་སྤང་པའམ་བསྟེན་པར་བྱས་ན་ཉེས་པ་མྱུར་དུ་འཁྲུགསྟེ། །གནོད་པ་གནོད་བྱའི་བདག་ཉིད་ཉེར་འཁྲུགས་གྱུར་པས། དེ་བས་ན་ཕན་མེད་གནོད་པར་བྱེད་པ་ཡིན་པས་མཁས་ས་སྤང༌བར་བྱའོ །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁ་ཟས་བསྡམ་པའི་ལེའུ་སྟེ་བཅུ་བདུན་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།