སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་དྲུག་པ། སྐོམ་དད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་དྲུག་པ། སྐོམ་དད་གསོ་བ།

ལེའུ་ཞེ་དྲུག་པ་སྐོམ་དད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་པའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྐོམ་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང༌། སྐོམ་དད་ནད་ཀྱི་རྒྱུ་རྐྱེན་ལྷནཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ། རྟགས་དང༌། བཅོས་ཐབས་བཞིས་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས།

        དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ལྟར་གྱེན་དུ་རྒྱུ་བའི་རླུང་མཁྲིས་པ་འཁྲུགས་ནས་བད་ཀན་སྐེམས་པས་སྐོམ་དད་བསྐྱེད་པ་དང༌། ཆང་འཐུང་བ་ལན་ཚྭ་བསྟེན་དྲགས་པས་བད་ཀན་དང་མཁྲིས་པ་བསྐྱེད་པའམ། ཚད་གུང་དུ་བསྡད་པ་དང་ངལ་དུབ་བྱས་རྗེས་སུ་སྐོམ་མང་དུ་འཐུང་པ་དང་ཁོང་དུ་ཚད་པ་བསྡུས་པས་མཁྲིས་པ་བསྐྱེད་པས་སྐོམ་དད་ཀྱི་ནད་བསྐྱེད་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དབྱེ་བ་རླུང་གྱུར་དང༌། མཁྲིས་གྱུར་དང༌། བད་གྱུར་དང༌། འདུས་གྱུར་དང༌། ཅུང་ཟད་གྱུར་པ་ལྔའོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་བདུན་ཀྱིས་བསྟན་ཏེ། བཞི་པ་བཅོས་ཐབས་ནི། བཅོས་ཐབས་ཞེས་རྐང་པ་བཅོ་ལྔས་བསྟན་ཏེ། མཁྲིས་གྱུར་གྱི་མངར་བའི་སྨན་གྱིས་སྦྱང་བ་ནི། དུར་བྱིད་དང་རྒུན་འབྲུམ་དང་ཀ་ར་རྣམས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བཞི་བཅུ་རྩ་དྲུག་པའོ་ཞེས་པས་བསྟན་ནོ།།

 

 

 


 

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 12:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།