སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དགུ་པ། འོར་ནད་གསོ་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2011
མན་ངག་རྒྱུད། >> ལེའུ་དགུ་པ། འོར་ནད་གསོ་ཐབས་བསྟན་པ།

 ལེའུ་དགུ་པ་འོར་ནད་གསོ་བ་ལ་བཞི། ཉན་པར་གདམས་པ། མདོར་བསྟན། རྒྱས་བཤད། མཚན་ནོ། དང་པོ་ནི། །དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། འོར་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འོར་ནད་གསོ་བའི་རྒྱུ་རྐྱེན་དབྱེ་བ་དང༌། རྟགས་དང་བཅོས་ཐབས་རྣམ་པ་བཞིས་བསྟན་ནོ། །དང་པོ་ནི། རྒྱུ་རྐྱེན་ཟས་དུས་རྐྱེན་གྱིས་བསྐྱེད་པ་གསུམ་ཞེས། འོར་གྱི་ངོ་བོ་ནི་སྐྱ་རྦབ་ལྟོས་ཆེར་ཕྱི་རུ་སྨིན་པ་ཡིན་ལ། དེའང༌། ཟས་བསྐྱེད། དུས་བསྐྱེད། རྐྱེན་བསྐྱེད་གསུམ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི་དུས་བསྐྱེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི་རྐྱེན་བསྐྱེད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རླུང༌། མཁྲིས་པ། ཁྲག བད་ཀན། བསྣད་པ། དུག་ལས་བྱུང་བ་དྲུག་གོ །གསུམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་ཞེས་སྤྱི་བྱེ་བྲག་གོ །དང་པོ་སྤྱི་རྟགས་ལ་གཉིས། ཞུགས་རྟགས་དང༌། འཕེལ་རྟགས་སོ། །དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ལུས་དང་ཡན་ལག་སྙོམ་པ་ཞེས་སྤྲོ་བ་ཆུང་ཞིང་སྒྱིད་ལུག་ལ་ངལ་བའོ། གཉིས་པ་ནི་དེ་རྗེས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་བྱེ་བྲག་རྟགས་ལ་དྲུག་ལས་དང་པོ་ནི་བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐྲངས་རྩུབ་ཅེས་པ་རྩུབ་གསོབ་ནི་སྐྲངས་པ་གསོབ་པའོ། །གཉིས་པ་ནི་མཁྲིས་འོར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི་ཁྲག་འོར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི་བད་ཀན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །ལྔ་པ་ནི་བསྣད་འོར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་ནི་དུག་རེག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ལ་གཉིས། མདོར་རྒྱས་སོ། །གདང་པོ་ལ་གཉིས། བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། ཞེས་སྤྱི་དང་བྱེ་བྲག་གོ གཉིས་པ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་བཅུས་བསྟན་ནོ། །གཉིས་པ་ལ་དྲུག་ལས་དང་པོ་ནི། ཁྱད་པར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཁྱད་པར་རླུང་ལ་བ་ཡི་རྣམ་ལྔའི་མར་ནི་ཕྱི་རྒྱུད་ལྟར་རོ།།

        གཉིས་པ་ནི་མཁྲིས་འོར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །ཐོད་ནི་དུར་ནས་ཐོན་པའི་ཐོད་པའོ། །གསུམ་པ་ནི་ཁྲག་འོར་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྦྱངས་པ་ནི་སྤྱི་རུ་བསྟན་པའི་སྦྱོངས་སོ། །ཉི་ཤུ་རྩ་ལྔ་པ་ནི་ག་བུར་ཉེར་ལྔ་པའོ། །ཆུ་སེར་སྨན་བསྒྱུར་བ་ནི། ཆུ་སེར་སྨན་གསུམ། སླེ་ཏྲེས། སྐྱེར་པ་སོགས་སོ། །བཞི་པ་ནི་བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྦྱངས་པ་ནི་གོང་ལྟར་ལ། ཐལ་སྨན་ནི་ཕྱི་རྒྱུད་ཐལ་སྨན་དུ་བཤད་པའི་རྣོན་པོའོ། །ལྔ་པ་ནི་བསྣད་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྲག་དབྱུང་བ་ནི། གང་ཉེ་བའི་རྩ་དང་སྟེང་དུ་རྔབས་རུས་ཁྲག་དབྱུང་ངོ༌། །བསིལ་བའི་བྱུག་པ་ནི། ཏིག་ཏ། བྲག་ཞུན། ཧོང་ལེན། སྲོ་ལོ། ཙན་དན་རྣམས་བྱུག་གོ །དྲུག་པ་དུག་བསྐྱེད་ཅེས་རྐང་པ་གཅིག་དང་འབྲུ་གསུམ་གྱིས་བསྟན་ཏེ། སྦྱར་དུག་གསོ་བར་བསྟན་པ་དང༌། འོར་བཅོས་འདྲེས་པར་བྱའོ། བཞི་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དགུ་པའོ་ཞེས་བསྟན་ནོ།།

མཐའ་མའི་འདོན་ཐེངས་།: 29.09.2011 ཉིན། 2:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།