སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་གསུམ་པ། དྲི་མ་འགགས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ང་གསུམ་པ། དྲི་མ་འགགས་པ་གསོ་བ།



ལེའུ་ང་གསུམ་པ།  དྲི་མ་འགགས་པ་གསོ་བ། 

འཁྲུ་ནད་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། དྲི་མ་འགགས་པ་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཟས་སྤྱོད་དང་དམན་ལྷག་ལོག་པ་གདོན་གྱིས་འདུ་བ་འཁྲུགས་ཏེ་རྒྱུ་ལོང་གི་བཤང་ལམ་སྐམས་ནས་དྲི་མ་སྡོམ་བར་བྱེད་ལ།

དབྱེ་བ་ཕྱེ་ན་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། སྲིན་ནད་ལས་གྱུར་པ་དང༌། ཐུར་སེལ་གྱེན་དུ་ལོག་པ་དང་རྣམ་པ་ལྔར་བཤད་དོ། །

དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་ནི་རླུང་ལས་གྱུར་པ་ཕོ་བ་འཁྲོག་ཅིང་རྟུག་པ་སྐམ་པོ་ཤ་བའི་རིལ་མ་འདྲ། མཁྲིས་པ་ལས་གྱུར་པ་རྒྱུ་ཞབས་ན་འདྲིལ་བྱེད་ཅིང་འཕོངས་རླུང་དམ་ལ་མཁྲེགས། བད་ཀན་ལས་གྱུར་པ་ལྟོ་བ་ལྕི་ལ་སྒྲེག་ཅིང་གསུས་པ་སྟེ་ཕོ་བ་སྐྲངས་པ་ལྟར་སྦོ། སྲིན་ལས་གྱུར་པ་འཕོངས་ཀྱི་ཨ་ལོང་ཁ་ཟ་ཞིང་ནད་ཟུག་ལྡང་དུབ་བྱེད། ཐུར་སེལ་ལོག་པ་ཕོ་བ་འཁྲོག་ཅིང་སྒང་བ་ལྟར་སྦོ་ལ་འཕྱེན་མི་ཐོན་ནོ། །

བཅོས་པའི་ཐབས་ཀྱི་དང་པོ་དེ་དག་ཀུན་ལ་ཕྱི་རྒྱུད་ལྟར་སྦྱོར་བ་རྣོ་འཇམ་གང་འོས་ཀྱི་ནི་རུ་ཧས་དྲངས་དགོས་ཏེ་ཁ་བསྒྱུར་རླུང་མཁྲིས་བད་སྲིན་རང་རང་གི་གཉེན་པོ་རླུང་ལ་གོང་བཤད་ཤུ་ཏི། དེ་བཞིན་དུ་མཁྲིས་པ་ལ་ལྕུམ་རྩ། བད་ཀན་ལ་དྲོད་སྨན་ཏེ་པི་པི་ལིང༌། སྲིན་ལ་བྱི་ཏང་གས་གཙོ་བྱས་བསྟེན་དགོས་ཤིང༌། ཐུར་སེལ་ལོག་ན་རླུང་སྣ་རླུང་གིས་དྲངས་བ་ནི། འོག་རླུང་གློད་ལ་སྟེང་རླུང་མནན་འཕོངས་རླུང་ཕྱོགས་སུ་བཟེད་པའོ། །ཡང་འདི་ལ་གསང་སྔགས་ལུགས་ཀྱི་རླུང་ལ་འདྲིས་ནས་ཐོག་མར་རྒྱབ་རླུང་ཚན་ཆེར་བཅུག་སྟེ་སྟེང་རླུང་རྔུབས་ལ་མནན་ཞིང་ཕུལ་བཞིན་པར་རྒྱབ་རླུང་ཐུར་དུ་བཙིར་ན་མཆོག་ཏུ་གྱུར་པ་ཡིན། ཨ་རུ་མཆུ་རིང་ལྕུམ་རྩ་བུལ་ཏོག་རྣམས་བསྡུས་པའི་ཐང་གིས་དྲི་མ་སྐམས་པ་གང་དང་གང་ཡང་བརླན་པར་བྱེད། ཟས་སྤྱོད་ཁོང་སྨན་འདུ་བ་སྤྱི་བཅོས་པ་དང་འདྲ་བས་རིག་པས་དཔྱོད་ཤེས་པར་བྱ་དགོས་ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་དྲི་མ་འགགས་པ་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།